མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབའ་ཐང་རྫོང་ཁོངས་སུ་རི་ཉིལ་བ་དང་གཞུང་ལམ་ལ་རྡིབ་སྐྱོན་བྱུང་།

བོད་ཀྱི་དུས་བབ།
༢༠༢༥/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་འབའ་ཐང་རྫོང་ཁོངས་སོགས་སུ་ཆུ་མཛོད་མང་པོ་བརྒྱབ་པ་དང་རྒྱག་མུས་ཡིན་པའི་རྐྱེན་གྱིས་རི་ཉིལ་བ་དང་གཞུང་ལམ་རྡིབ་སྐྱོན་བྱུང་བ་སོགས་ཀྱི་དཀའ་ངལ་འཕྲད།

པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། དུས་བབ་ཀྱིས་སྒྲིག་སྦྱོར་བྱས།

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་གིས་བཅད་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འབའ་ཐང་རྫོང་ཁོངས་ཀྱི་མོ་དོ་ཡུལ་ཚོའི་ཉེ་འགྲམ་དུ་རི་ཉིལ་དང་རྒྱལ་ལམ་ཨང་ (National Highway 215) རྡིབ་སྐྱོན་བྱུང་སྟེ། འབའ་ཐང་རྫོང་དང་སྨར་ཁམས་རྫོང་། བདེ་ཆེན་རྫོང་། དེ་བཞིན། སྡེ་རོང་རྫོང་བཅས་ཀྱི་འགྲུལ་ལམ་ཡོངས་སུ་འགག་འདུག

རྒྱ་ནག་གཞུང་གིས་ཐེངས་འདིའི་དོན་རྐྱེན་དེ་ནི་རང་བྱུང་ཁོར་ཡུག་གི་སྐྱོན་ཆག་ཡིན་སྐོར་བསྒྲགས་འདུག་ཀྱང་། འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས་དོན་རྐྱེན་དེ་ནི་རྒྱ་ནག་གཞུང་གིས་འབའ་ཐང་རྫོང་ཁོངས་གཙོས་འབྲི་ཆུའི་མགོ་སྟོད་དུ་ཆུ་གློག་ས་ཚིགས་མང་པོ་རྒྱག་བཞིན་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

འབྲེལ་ཡོད་བོད་མི་དེས།  ད་ལྟའི་ཆར་འབྲི་ཆུའི་སྟོད་རྒྱུད་དུ་ཆགས་པའི་བོད་ཀྱི་ས་ཁུལ་མང་པོར་རི་ཉིལ་བ་དང་གཞུང་ལམ་བརྡིབ་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་རེད། དེ་ནི་གཙོ་བོ་རྒྱ་ནག་གཞུང་གིས་འབྲི་ཆུའི་རྒྱུད་དུ་ཆུ་གློག་ཁང་མང་པོ་བཙུགས་དང་འཛུགས་མུས་ཡིན་པའི་རྐྱེན་གྱིས།  ས་ཁུལ་དེ་དག་གི་རི་ལུང་གང་སར་ས་རྡོ་སྔོག་འདོན་དང་ཕུག་ལམ་གསར་བསྐྲུན་སོགས་ཀྱི་ལས་གཞི་མང་པོ་ཞིག་བརྩམས་ཏེ། ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་སྟབས། ཆར་ཞོད་དང་རླུང་འཚུབ་སོགས་གནམ་གཤིས་ལ་འགྱུར་ལྡོག་བྱུང་སྐབས། རི་ཉིལ་དང་ས་རུད། ཕུག་ལམ་རྡིབ་སྐྱོན་སོགས་འབྱུང་གི་འདུག  ཅེས་བརྗོད་བྱུང་།

འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་འབྲི་ཆུའི་སྟོད་རྒྱུད་དུ་ཆུ་གློག་ས་ཚིགས་ ༢༧ གསར་འཛུགས་ཀྱི་ལས་གཞིའི་ཁྲོད། སི་ཁྲོན་གྱི་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་དང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། འབའ་ཐང་དང་སྨར་ཁམས་རྫོང་སོགས་སུ་བཞུར་གྱིན་པའི་འབྲི་ཆུའི་སྟོད་རྒྱུད་དུ་བཤོལ་བ་ལུང་ཆུ་ཤུགས་གློག་ཁང་( Suwalong Hydropower Station)དང་ཐང་ལ་ཆུ་གློག་ཁང་། ཞང་ཇཱ་པ་ཆུ་གློག་ཁང་(Xiangjiaba Hydropower Station)། དེ་བཞིན། ལེའུ་ཡན་ཆུ་གློག་ཁང་(Liyuan Hydropower) Station) སོགས་ཆུ་གློག་ས་ཚིགས་ ༡༤ བརྒྱབ་ཟིན་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་འབའ་ཐང་རྫོང་ཁོངས་སུ་ལྷ་བ་ཆུ་གློག་ས་ཚིགས་(Lawa Hydropower Station) དང་འབའ་ཐང་གློང་ཁང་(Batang Hydropower Dam) གཉིས། འབའ་ཐང་རྫོང་དང་སྨར་ཁམས་རྫོང་གཉིས་ཀྱི་ས་མཚམས་འབྲི་ཆུའི་སྟོད་རྒྱུད་དུ་སོ་བ་ནང་ཆུ་གློག་ས་ཚིགས།  དེ་བཞིན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཇོལ་རྫོང་ཁོངས་ཀྱི་ཀོང་རྩེད་ར་ཆུ་གློག་ས་ཚིགས་དང་། ཞུས་ལུང་ཆུ་ཤུགས་གློག་འདོན་ཁང་། ཁྲང་པོ་གློག་འདོན་ཁང་། དཔལ་ཡུལ་རྫོང་གི་ཡེར་པ་ཐང་ཆུ་ཤུགས་གློག་ཁང་སོགས་འབྲི་ཆུའི་སྟོད་རྒྱུད་དུ་ཆུ་གློག་ས་ཚིགས་ ༡༣ རྒྱག་མུས་ཡིན་འདུག

སྤྱིར་རྒྱ་ནག་གཞུང་གིས་ཆུ་གློག་ས་ཚིགས་འཛུགས་སྐྲུན་གྱི་ལས་གཞི་དེ་དག་ཕྱི་ལོ་ ༢༠༠༤ ཙམ་ནས་མགོ་འཛུགས་འཆར་བྱས་ནའང་། ས་གནས་མང་ཚོགས་ཀྱིས་མོས་མཐུན་མ་བྱས་པ་དང་འདོད་མོས་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་པར་བརྟེན་ཡུན་རིང་ལྷག་ཡོད་འདུག  འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཤུགས་གློག་འདོན་ས་ཚིགས་འཛུགས་སྐྲུན་སྤྱིའི་དུས་ཡུན་ཕྱི་ལོ་ ༢༠༡༢ ནས་ ༢༠༣༠ བར་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

སྐར་མ ༥༥ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༢༠ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese