མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་ལ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

བོད་ཀྱི་དུས་བབ།
༢༠༢༦/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདས་པའི་ཟླ་ ༩ ལྷག་ནང་༧གོང་ས་མཆོག་གི་མཛད་རྣམ་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་དངོས་བྱུང་གློག་བརྙན་དེ་ཡུ་རོབ་ཀྱི་རྒྱལ་ཁབ་ ༧ དང་། ཨ་རི། ཁེ་ན་ཌ་སོགས་ཡུལ་ལུང་མང་པོའི་ནང་གཟིགས་འབུལ་གནང་ཟིན་འདུག

༧གོང་ས་མཆོག་གི་མཛད་རྣམ་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་དངོས་བྱུང་གློག་བརྙན་ལ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་པར།

ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༦ བར་གྱི་མི་ལོ་ཧྲིལ་པོ་གཅིག་རིང་། བོད་མིའི་སྒྲིག་འཛུགས་ཀྱིས་དབུ་འཁྲིད་དེ་འཛམ་གླིང་ཡུལ་ཕྱོགས་གང་སར་༧སྐུའི་གོ་སྟོན་གྱི་ལོ་སྟེ་བྱམས་བརྩེའི་ལོ་སྲུང་གཙི་ཞུ་བཞིན་ཡོད་པ་ལྟར། ཨ་རིར་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལོ་ཧྲིལ་པོ་འདིའི་ནང་༧གོང་ས་མཆོག་གི་འཇིག་རྟེན་ཀུན་ཕན་གྱི་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ (Wisdom and Happiness) ཅེས་པའི་གློག་བརྙན་དེ་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་གཟིགས་འབུལ་སྐོར་སྐྱོད་གནང་འདུག་ལ། མ་འོངས་པར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་། སློབ་གྲྭ་ཁག དྲ་ཐོག་ནས་གློག་བརྙན་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

ཕྱི་ཟླ་ ༣ ཚེས་ ༢༦ དང་ ༢༧ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ལོ་ ༢༠༢༦ ལོའི་ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་གློག་བརྙན་དུས་སྟོན་ (Harvard Divinity School Film Festival) ཐོག བདེ་སྐྱིད་ཀྱི་ཤེས་ཅེས་པའི་གློག་བརྙན་འདི་གཟིགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་གློག་བརྙན་དེ་ལ་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་འདུག

དེའི་སྐོར་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། ལོ་ལྟར་ཨ་རིའི་ཧར་ཝར་ཌི་གཙུག་ལག་སློབ་ཆེན་གྱིས་གློག་བརྙན་དུས་སྟོན་ཚོགས་ཀྱི་ཡོད་པ་ལྟར། ཕྱི་ཟླ་ ༣ ཚེས་ ༢༦ དང ༢༧ ཉིན་གཉིས་རིང་ཕྱི་ལོ་ ༢༠༢༦ ལོའི་ཧར་ཝར་ཌི་གཙུག་ལག་སློབ་ཆེན་གྱི་གློག་བརྙན་དུས་སྟོན་ཐོག བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་དང་། གློག་བརྙན་གཞན་ཁག་ཅིག་གཟིགས་འབུལ་ཞུས་ཡོད་འདུག སྐབས་དེར་ལྟད་མོ་བས་གློག་བརྙན་ཆ་ཚང་བལྟས་ཟིན་རྗེས་འོས་ཤོག་འཕེན་པ་བརྒྱུད། ༧གོང་ས་མཆོག་གི་མཛད་རྣམ་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་དངོས་བྱུང་ལ་འོས་གྲངས་མཐོ་ཤོས་འཐོབ་ནས་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་འབྲེལ་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་བའི་ནང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་གཙི་དང་བསྟུན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་༸གོང་ས་མཆོག་གི་མཛད་རྣམ་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་དངོས་བྱུང་གློག་བརྙན་དེ་འཛམ་གླིང་ཁྱོན་ཡོངས་སུ་གཟིགས་འབུལ་ཞུ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པ་ལྟར། ཡུ་རོབ་རྒྱལ་ཁབ་སུད་སི་དང་ཨི་ཊ་ལི་ཚུད་པའི་རྒྱལ་ཁབ་ ༧ དང་། ཨ་རི། ཁེ་ན་ཌ་སོགས་རྒྱལ་ཁབ་མང་པོའི་ནང་གློག་བརྙན་གཟིགས་འབུལ་ཞུས་ཡོད་འདུག ད་ལྟའི་ཆར་རྒྱ་གར་དང་། བལ་ཡུལ། སིངྒ་པོར། ཐའེ་ཝན་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་གློག་བརྙན་གཟིགས་འབུལ་ཞུས་ཐུབ་མེད་པར་བརྟེན། མ་འོངས་པར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་། དྲ་ཐོག་ནས་གློག་བརྙན་གཟིགས་འབུལ་ཞུ་རྒྱུར་འབད་བརྩོན་གནང་མུས་ཡིན་པ་མ་ཟད། སློབ་མ་རྣམས་ལ་དམིགས་ཏེ་སློབ་གྲྭ་ཁག་ཏུ་གློག་བརྙན་གཟིགས་འབུལ་ཞུ་འཆར་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༣ ནས་ ༡༣ བར་ཉིན་གྲངས་ ༡༡ རིང་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་ཕྱི་ལོ་ ༢༠༢༤ ལོའི་ཛུ་རིག་གློག་བརྙན་དུས་སྟོན་འཚོགས་ཡོད་ཅིང་། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་གློག་བརྙན་མི་འདྲ་བ་ ༡༠༠ ལྷག་མཉམ་ཞུགས་བྱས་པའི་ཁྲོད། ཕྱི་ཚེས་ ༨ ཉིན་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་༸གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་དེ་ཐེངས་དང་པོ་གཟིགས་འབུལ་ཞུས་ཡོད་པ་རེད། དེ་ནས་ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༧ ནས་ ༡༠ བར་ཉིན་བཞིའི་རིང་དྷ་སྟེང་བོད་ཁྱིམ་སློབ་གྲྭ་རུ། ཕྱི་ལོ་ ༢༠༢༤ ལོའི་དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ (DIFF) ཐེངས་ ༡༣ པའི་ཐོག་༸གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་གཟིགས་འབུལ་ཞུས་ཡོད་འདུག དེ་ནས་རིམ་པས་ཨ་རི་ནང་དུ་གློག་བརྙན་འགྲེམས་སྤེལ་ཞུས་ཡོད་པ་རེད།

འཛམ་གླིང་གློག་བརྙན་དུས་སྟོན་སོགས་སུ་དགའ་མོས་ཆེན་པོ་ཐོབ་བཞིན་པའི་༧གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་དེ་ནི། ཕྱི་ལོ་ ༢༠༢༤ ལོར་སུད་སིའི་གློག་བརྙན་འཁྲབ་ཁྲིད་པ་བྷར་བྷ་རཱ་མི་ལིར་ (Barbara Miller) ལགས་དང་། ཧྥི་ལི་ཕི་ཌེ་ལཱ་ཁི་སི་ (Philip Delaquis) ལགས་གཉིས་ཡིན་འདུག་ལ། གློག་བརྙན་དེའི་ནང་དུ་དགུང་གྲངས་ ༨༩ ལ་ཕེབས་པའི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། འཛམ་གླིང་དམག་འཁྲུག་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་དང་། ཞི་བདེ་དང་བདེ་སྐྱིད་ལྡན་པའི་དུས་རབས་ ༢༡ པ་འཛུགས་བསྐྲུན་བྱེད་པར་འགྲོ་བ་མིའི་རིགས་ཀྱིས་སྔར་ལས་ནུས་པ་མཉམ་སྤུངས་གནང་གལ་ཆེ་བའི་སྐོར་དང་། ༸མགོན་པོ་གང་ཉིད་མཆོག་གིས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་རིན་ཐང་ཅན་གྱི་བོད་ཀྱི་ཆོས་དང་རིག་གཞུང་། གོ་ལ་གཅིག་གྱུར་ཀྱི་འདུ་ཤེས་དང་། འཇིག་རྟེན་ཀུན་ཁྱབ་ཀྱི་ལྟ་གྲུབ་བཅས་རླབས་ཆེན་གྱི་མཛད་པ་རྣམས་གསལ་བར་མཛད་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༦ སྔོན་ལ།
Tsadha County Nomad in haixi mongolian and Tibetan autonomous prefecture, Qinghai province
Mobile App

འབྲོག་པའི་ནོར་ལུག་སྔར་ལས་མང་བ་བཤས་རར་འདེད་དགོས་པའི་སྐུལ་འདེད་ཚོགས་འདུ་བསྡུས།

ཆུ་ཚོད་ ༦ སྔོན་ལ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་གཞུང་གི་ཁྲིམས་ཡིག་གསར་པར་སྐྱོན་བརྗོད་བྱས།

ཆུ་ཚོད་ ༨ སྔོན་ལ།
Front Slider

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༨ སྔོན་ལ།
ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༤།༢༢
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༩ སྔོན་ལ།
གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

༢༠༢༦/༠༤/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese