མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༦/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ལ་ནག་ཉེས་དཔང་རྟགས་མེད་ཚེ་གང་མགྱོགས་ཀློད་གྲོལ་ཞུ་དགོས་པ་དང་ཁོང་གི་ནང་མི་ཉེ་འབྲེལ་རྣམས་ལ་འཇིགས་སྐུལ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག སྐུ་པར་འབྲེལ་ཡོད་ནས་འདི་ག་གསར་ཁང་ལ་མཁོ་སྤྲོད་གནང་།

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཝུ་ཇ་ཅན་(Wu Xiaojun ) གྱི་མིང་ཐོག་ཏུ་འབོད་སྐུལ་ཞུ་སྐུལ་ཡིག་ཅིག་གནང་སྟེ། བོད་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་ཆོས་འཁོར་གླིང་གི་དགོན་བདག་དང་། རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་རྒྱ་གཞུང་གིས་རྒྱུ་རྐྱེན་གང་ཡང་མ་གསལ་བའི་ཐོག་ནས་འཛིན་བཟུང་བྱས་པའི་གནད་དོན་ཁ་གསལ་དང་།  རྒྱ་ནག་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་རིན་པོ་ཆེ་མཆོག་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པར་སེམས་འཚབ་ཡོད་པའི་ཁར། ཁོང་གིས་ཁྲིམས་འགལ་གནང་བའི་ནག་ཉེས་དཔང་རྟགས་བསྟན་རྒྱུ་མེད་ཚེ། གང་མགྱོགས་ཀློད་གྲོལ་གཏང་དགོས་པའི་རེ་སྐུལ་གནང་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འབོད་སྐུལ་ཞུ་ཡིག་ནང་། རྒྱ་ནག་གཞུང་གིས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་འཛིན་བཟུང་བཀག་ཉར་བྱས་རྗེས། ཁོང་གི་དངོས་ཡོད་ཀྱི་གནས་སྟངས་དང་། ཁྲིམས་མཐུན་གྱི་གནས་བབ་ཐད་ཤེས་རྟོགས་གང་ཡང་མ་བྱུང་སྟབས། རྒྱ་ནག་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པའི་གནད་དོན་དང་འབྲེལ།  དངོས་ཡོད་ཀྱི་གནས་ཚུལ་ཤེས་མཁན་རྣམས་ལ་གནས་ཚུལ་ཕྱིར་བསྒྲགས་མི་ཆོག་པའི་བཙན་བཀའ་བཏང་བ་དང་། བོད་ནང་གི་གནས་ཚུལ་མང་པོ་ཞིག་ལ་ཚོད་འཛིན། དེ་བཞིན་མི་སྒེར་ལ་འཇིགས་སྐུལ་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་བས་བློ་འཚབ་ཤིན་ཏུ་ཆེ་ལ། དེ་བཞིན་ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༤ ཉིན་ཙམ་ལ་རིན་པོ་ཆེ་མཆོག་འཛིན་བཟུང་བྱས་རྗེས། དེ་ནས་བཟུང་ཁོང་གང་དུ་བཀག་ཉར་བྱས་ཡོད་པ་དང་། ཁྲིམས་མཐུན་གྱི་གཞི་རྩ་གང་ཡིན་མིན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མེད། ཅེས་བརྗོད་འདུག

ཡང་ཞུ་ཡིག་ནང་། ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༡ རྒྱ་ནག་གཞུང་གིས་གནད་དོན་ཞིབ་འཇུག་བྱེད་ཀྱིན་ཡོད་ལུགས་བསྒྲགས་ཀྱང་། ཁོང་ལ་ཚད་མཐུན་གྱི་ཁྲིམས་རྩོད་པ་འདེམས་འཇུག་ཡོད་མེད་ཀྱི་གནས་ཚུལ་གསལ་ཁ་མེད་པའི་ཁར། མཆོག་སྤྲུལ་རིན་པོ་ཆེ་མཆོག་ཐོག་མར་འཛིན་བཟུང་བྱས་རྗེས་ཟླ་ཤས་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། ཁོང་གི་གནས་ཡོད་ཀྱི་གནས་བབ་རྣམས་ཁྲིམས་སྒྲིག་བཞིན་གཏན་ནས་ཤེས་རྟོགས་མ་བྱུང་བས། སེམས་འཚབ་བྱ་དགོས་པའི་གནས་སུ་ཞིག་ཏུ་གྱུར། རྒྱ་ནག་གཞུང་གིས་ཉེས་མེད་ཀྱི་མི་རྣམས་འཛིན་བཟུང་བཀག་ཉར་དང་གཅར་རྡུང་བྱས་ཚེ། ཉེས་མེད་རྣམས་ལ་གཞན་གྱི་གནོད་འཚེ་ཕོག་པ་མ་ཟད། དེ་ནི་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་མཐུན་གྱི་མེད། ཅེས་བརྗོད་འདུག

མཇུག་ཏུ་དགོས་འདུན་དོན་ཚན་གསུམ་བཏོན་ཡོད་པའི་ཁྲོད། ཁྲིམས་མཐུན་གྱི་ཐོག་ནས་རིན་པོ་ཆེ་མཆོག་གི་ད་ལྟའི་དངོས་ཡོད་ཀྱི་གནས་བབ་གསལ་སྟོན་དང་། ནག་ཉེས་བསགས་པའི་དཔང་རྟགས་གང་ཡང་མེད་ཚེ་གང་མགྱོགས་ཀློད་གྲོལ་གཏང་དགོས་པ། ཁོང་ཉིད་ཀློད་གྲོལ་མ་བཏང་བར་དུ་བདེ་འཇགས་སྲུང་སྐྱོབ་དང་། ཁྲིམས་ལྟར་ཁྲིམས་རྩོད་པ་འཚོལ་ཞིབ་དང་ནང་མིར་ཐུག་འཕྲད་གནང་དུ་འཇུག་དགོས་པ། དེ་བཞིན་རྒྱ་ནག་གཞུང་གིས་ཁོང་གི་ནང་མི་དང་ཉེ་འབྲེལ་རྣམས་ལ་འཇིགས་སྐུལ་བྱ་རྒྱུ་མཚམས་འཇོག་དགོས། ཞེས་གསལ་འདུག

མཆོག་སྤྲུལ་རྡོ་རྗེ་བརྟན་ནམ་མཆོག་སྤྲུལ་ཐུབ་བསྟན་ཡེ་ཤེས་ཉི་མ་མཆོག་ནི་ཕྱི་ལོ་ ༡༩༦༧ ལོའི་བོད་ཟླ་ ༡༠ ཚེས་ ༢༥ ཉིན་ཨ་སྐྱོང་ཁང་སར་སྨིན་ཐང་དུ་སྐུ་འཁྲུངས། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་སོགས་དམ་པ་དུ་མའི་མདུན་ནས་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་བླ་མེད་གནང་། གསེར་ལྗོངས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་སྡོམ་བརྩོན་སྡེ་སྣོད་འཛིན་པའི་མཁན་པོའི་ལག་འཁྱེར་ཐོབ། གཞི་ཆེན་དབོན་སྤྲུལ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་དང་། གཞི་ཆེན་བེེ་རོ་འཇམ་དབྱངས་བསྟན་པའི་རྒྱལ་མཚན་ཟུང་གིས་གཞི་ཆེན་མཆོག་སྤྲུལ་མགོ་སེར་མཁྱེན་རབ་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་སྨིན་དགོན་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག་ཡིན།

རྡོ་རྗེ་བརྟན་ལས་རིགས་ལག་རྩལ་སློབ་གྲྭ་ནི་ཕྱི་ལོ་ ༢༠༡༠ ལོར་རྒྱ་གཞུང་གིས་ཆོག་མཆན་ཐོབ་པ་ལྟར་མགོ་བཙུགས་ཡོད་ཅིང་། སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ ༩༦༠༠༠ ཡོད་འདུག སློབ་གྲྭའི་ནང་དགེ་རྒན་ ༦༦ དང་། ད་བར་སློབ་མ་ ༡༣༠༠ མཐར་ཕྱིན་ཡོད་འདུག སློབ་གྲྭ་ནང་རྨང་གཞིའི་བསླབ་བྱའི་ནང་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག གྲངས་རིག ཆབ་སྲིད། བསམ་བློ་ཀུན་སྤྱོད། ལུས་རྩལ་སོགས་སློབ་སྦྱོང་དང་། ཆེད་ལས་བསླབ་བྱ་ཁྲོད་སྒྲ་རིག་དང་། ཐང་ག་སྒྱུ་རྩལ། བོད་ཀྱི་གསོ་བ་རིག་པ། གེ་སར་རིག་གནས་སྒྱུ་རྩལ། སྲོལ་རྒྱུན་གླུ་གར་ཆེད་སྦྱོང་། སྲོལ་རྒྱུན་འཚེམ་བཟོ། ཡུལ་སྐོར་དོ་དམ་ཞབས་འདེགས་བཅས་ཀྱི་ཐོག་ཆེད་སྦྱོང་བྱེད་བཞིན་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

ཆུ་ཚོད་ ༢༣ སྔོན་ལ།
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

ཆུ་ཚོད་ ༢༣ སྔོན་ལ།
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese