མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་གཞུང་གིས་བོད་བྲག་མགོ་རྫོང་ཁོངས་ཀྱི་སྟོན་པའི་སྐུ་བརྙན་ཆེན་པོ་བཞུགས་ས་དེ་རྟ་རྒྱུག་ཐང་དུ་བཟོས་ཡོད་པ་དང་དགེ་ལྡན་ནང་བསྟན་སློབ་གྲྭ་རྩ་མེད་བཟོས་པའི་ཤུལ་དུ་ཁང་རྩེག་ཆེན་པོ་གཉིས་གསར་དུ་བརྒྱབ་འདུག

བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།

ཕྱི་ལོ་ ༢༠༢༡ ་ཟླ་ ༡༢ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་བོད་བྲག་མགོའི་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་གི་ཉེ་འཁྲིས་སུ་བཞེངས་ཡོད་པའི་མཐོ་ཚད་ལ་་ཁྲུ་ ༩༩(foot)ཅན་གྱི་སྟོན་པའི་སྐུ་བརྙན་དང་། རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན། མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ་བཅས་གཏོར་བཤིག་བཏང་བའི་གནས་ཚུལ་ཕྱི་ཕྱོགས་སུ་ཐོན་ཡོད་ཀྱང་། སྐབས་དེར་ས་གནས་སུ་དམ་དྲག་ཆེ་བའི་རྐྱེན་གྱིས་གནས་ཚུལ་ག་རེ་བྱུང་ཡོད་མེད་ཁ་གསལ་ཆགས་མེད་པ་རེད།

འདི་ག་བོད་ཀྱི་དུས་བབ་གསར་ཁང་གིས་རྒྱུས་ལོན་རིམ་པ་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་དམར་གཞུང་གིས་སྐབས་དེར་རྩ་གཏོར་བཏང་བའི་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་དེ་གང་དུ་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཀྱང་། སངས་རྒྱས་ཀྱི་སྐུ་བརྙན་དེ་བྲག་མགོ་དགོན་གྱི་འདུ་ཁང་ནང་བཞག་སྟེ། སྔར་གྱི་སྐུ་བརྙན་བཞུགས་ཡུལ་དེར་རྟ་རྒྱུག་ཐང་ངམ་རྟ་རྒྱུག་འཁོར་ཐང་ཆེན་པོ་ཞིག་བཟོས་འདུག ཐུབ་པའི་སྐུ་བརྙན་དེ་ནི་རང་བྱུང་གི་གནོད་སྐྱོན་དང་ནད་ཡམས་མུ་གེ་སོགས་ཟློག་ཆེད། ས་གནས་མང་ཚོགས་ཀྱིས་འགྲོ་གྲོན་རྒྱ་སྒོར་ ༤༠༠༠༠༠ ལྷག་བཏང་བ་དང་ས་གནས་སྲིད་གཞུང་གི་ཆོག་མཆན་ཐོབ་པའི་ཐོག་ནས་ཕྱི་ལོ་ ༢༠༡༥ ལོར་གསར་བཞེངས་གནང་བ་ཞིག་ཡིན་པ་རེད།

བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།

དེ་བཞིན་རྒྱ་ནག་དམར་གཞུང་གིས་ཕྱི་ཟླ་ ༡༠ ཚེས་ ༣༡ ནས་ཉིན་གྲངས་ ༣ ནང་ཚུད་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་པའི་འཛིན་སྐྱོང་འོག་ཡོད་པའི་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་དགོས་པའི་བཀའ་ཕབ་པ་ལྟར། དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་སྟེ་རྩ་གཏོར་བཏང་ཡོད་པ་དང་། དེང་སང་སློབ་གྲྭའི་ཤུལ་དུ་ཁང་རྩེག་ཆེན་པོ་གཉིས་གསར་དུ་བརྒྱབ་འདུག ཡིན་ནའང་། ད་ལྟའི་ཆར་ཁང་རྩེག་ཆེན་པོ་དེ་གཉིས་ག་རེའི་ཆེད་དུ་ཡིན་མིན་སོགས་ཤེས་རྟོགས་ཐུབ་ཀྱི་མི་འདུག

བྲག་མགོ་དགེ་ལྡན་ནང་བསྟན་སློབ་གྲྭ་རྩ་གཏོར་བཏང་བའི་ཤུལ་དུ་ཁང་རྩེག་ཆེན་པོ་གཉིས་བརྒྱབ་ཡོད་པ། པར་དུས་བབ་གསར་ཁང་ལ་མཁོ་སྤྲོད་གནང་།

ཡང་ལོ་དེའི་ཕྱི་ཟླ་ ༡༡ པའི་ནང་བྲག་མགོ་དགོན་ནས་སྤྱི་ལེ་ ༢༤ ཙམ་གྱི་སར་ཡོད་པའི་ཆ་ནང་དགོན་པའི་དགེ་འདུན་པ་རྣམས་ལ་བཀའ་བཏང་སྟེ། དགོན་པ་དེར་གུ་རུ་རིན་པོ་ཆེའི་སྐུ་བརྙན་ཆེན་པོ་ཞིག་ཡོད་པ་དེ་གཏོར་དུ་བཅུག་ཡོད་པ་དང་། གུ་རུའི་སྐུ་བརྙན་དེ་གསེར་དངུལ་གྱིས་གྲུབ་ཅིང་མཐོ་ཚད་ལ་ཧྥུ་ཊི་ ༤༦ ལྷག་ཡོད་འདུག

ཕྱི་ལོགས་སུ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག བྲག་མགོ་རྫོང་གི་ཉེན་རྟོག་པས་བྲག་མགོ་དགོན་པའི་གྲྭ་བསྟན་འཛིན་ཉི་མ་དང་བཀྲིས་རྡོ་རྗེ། ལྷ་མོ་དབྱངས་ཅན། ཚེ་རིང་བསམ་སྒྲུབ་གཙོས་མི་གྲངས་བཅུ་གྲངས་ཤིག་འཛིན་བཟུང་བྱས་ཏེ། བྲག་མགོ་རྫོང་ནས་བར་ཐག་སྤྱི་ལེ་ ༥ ཙམ་གྱི་སར་ཡོད་པའི་བྲོ་པ་གྲོང་ཚོའི་ཉེ་འགྲམ་ཐང་ནག་མ་ཞེས་པའི་ས་གནས་ཀྱི་སློབ་གསོ་སྒྱུར་བཀོད་ཁང་ཞིག་ཏུ་མང་ཆེ་བ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། ཕྱིས་སུ་གནས་ཚུལ་ག་རེ་བྱུང་ཡོད་མེད་ཤེས་རྟོགས་ཐུབ་མེད་ལ། ཐུབ་པའི་སྐུ་བརྙན་སོགས་གཏོར་མཁན་དགེ་འདུན་པ་རྣམས་ཡིན་ཚུལ་གྱི་ཡི་གེའི་ཐོག་བཙན་གྱིས་མཚན་རྟགས་འགོད་དུ་བཅུག་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།

བྲག་མགོ་ཆ་ནང་དགོན་གྱི་གུ་རུ་སྐུ་བརྙན་བཙན་གྱིས་གཏོར་དུ་བཅུག ༢༠༢༡།༡༡

ལོ་དེར་བོད་བྲག་མགོ་རྫོང་ཁོངས་སུ་རིག་གནས་གསར་བརྗེ་བསྐྱར་དུ་བསླེབས་པ་ལྟ་བུའི་ཆབ་སྲིད་བྱ་འགུལ་སྤེལ་ཡོད་ལ། སྐབས་དེར་བྲག་མགོ་རྫོང་གི་དམར་ཤོག་དྲུང་ཆེ་ཝང་ཏུང་ཧྲིན་(王东升)ཟེར་བ་དེ་ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༡ ཚེས་ ༡༦ ཉིན་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྣ་འཛོམས་ཚོང་གཉེར་ཁང་ཞིག་གི་ལྔ་ཐོག་ནས་མཆོངས་བའམ་ལྷུང་སྟེ་གློ་བུར་འདས་གྲོངས་སུ་གྱུར་ཡོད་པ་དང་། ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོར་གསེར་རྟ་བླ་རུང་ཆོས་སྒར་ཆེན་མོའི་གྲྭ་ཤག་ ༧༠༠༠ ལྷག་རྩ་གཏོར་བཏང་བ་དང་། སྔ་རྗེས་སུ་གྲྭ་བཙུན་ ༤༥༠༠ ལྷག་ཕྱིར་འབུད་གཏོང་སྐབས་ཀྱང་ཝང་ཏུང་ཧྲིན་ཟེར་བ་དེ་གསེར་རྟ་རྫོང་གི་དམར་ཤོག་དྲུང་ཆེ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༢ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese