༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ ནས་སྐུ ་ཞབས་ཤི་ཝ་ཀུ་མཱར་མཆོག་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་ མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་བྱུང་བར་འཚམས་ འདྲི་མཛད་འདུག
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
ཕྱི་ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེ ན་སྐུ་ཞབས་ཤི་ཝ་ཀུ་མཱར་ (D. K. Shivakumar) མཆོག་ནས་ལས་འཁུར་དམ་འབུལ་ཞུས་ཡོ ད་པ་ལྟར། དེ་རིང་༧གོང་ས་རྒྱལ་བ་ རིན་པོ་ཆེ་མཆོག་ནས་བཞུགས་སྒར་ ༧རྒྱལ་བའི་ཕོ་བྲང་ནས་འཚམས་འདྲི འི་གསུང་འཕྲིན་ཞིག་བསྩལ་ནས། མ་འོངས་པར་ཁོང་གི་ལས་དོན་ལམ་ལྷོ ང་དང་། མི་མང་གི་རེ་བ་དང་མངོན་འདོད་བཞི ན་ལས་དོན་གཉེར་ཐུབ་པའི་ཐུགས་སྨོ ན་སྐྱབས་འཇུག་གནང་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ གི་འཚམས་འདྲིའི་གསུང་འཕྲིན་ནང་། ཀ་ན་ཊ་ཀ་མངའ་སྡེ་ནི་བོད་མི་གསུ མ་ཁྲི་ལྷག་གི་གཞིས་ཁྱིམ་དུ་གྱུ ར་ཡོད་ཅིང་། རྒྱ་གར་ནང་གི་བོད་མི་འདུ་སྡོད་ ཀྱི་ས་གནས་ཆེ་ཤོས་ཤིག་ཡིན་པས། བོད་མི་རྣམས་ལ་མངའ་སྡེའི་གཞུང་ དམངས་གཉིས་ཀྱིས་རྒྱབ་སྐྱོར་དང་ འཛད་མཐའ་མེད་པའི་མཛའ་འབྲེལ་ནི་ ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན། དེ་ནི་བོད་ཀྱི་སྲོལ་རྒྱུན་རིག་ གནས་ཀྱི་གཞི་རྩར་གྱུར་བའི་ནཱ་ལེ ནྡྲའི་སྲོལ་རྒྱུན་ལ་གཞི་བཅོལ་ཡོ ད་ལ། དེ་དག་ཀ་ན་ཊ་ཀའི་ནང་དུ་གཞིས་ ཆགས་པ་ནི་ང་ཚོར་སྤོབས་པ་སྐྱེས་ འོས་པ་ཞིག་རེད། ཅེས་གསུངས་འདུག
ཡང་མགོན་པོ་གང་ཉིད་ཀྱི་གསུང་འཕྲི ན་དུ། ངོས་རང་གིས་གོ་སྐབས་འདི་བརྒྱུད་ ནས། མངའ་སྡེའི་གཞུང་དམངས་གཉིས་ཀྱིས་ བོད་མི་རྣམས་ལ་དྲོད་ཁོལ་ལྡན་པའི ་གནས་མལ་མཁོ་སྤྲོད་དང་སྣེ་ལེན་ གནང་བར་སྙིང་དབུས་ནས་བཀའ་དྲིན་ ཆེ་ཞུ་རྒྱུ་ཡིན། ངོས་རང་གིས་སྐུ་ཉིད་ལ་མ་འོངས་ པར་འཕྲད་སྲིད་པའི་དཀའ་ངལ་ལས་རྒྱ ལ་ཁ་ཐོབ་པ་དང་། ལྷག་པར་དུ་ཀ་ན་ཊ་ཀའི་མི་མང་གི་ རེ་བ་དང་འདུན་པ་སྐོང་ཐུབ་པ། ལྷག་པར་དུ་ཉམ་ཐག་ཚོའི་མི་ཚེར་ ཕན་ཐོགས་ངོ་མ་ཞིག་བྱ་ཐུབ་པའི་སྨོ ན་འདུན་ཞུ་རྒྱུ་ཡིན།
སྐུ་ཞབས་ཌོ་ཌ་ལ་ཧ་ལི་ཀེམ་པེ་གྷོ ་ཌ་ཤི་བ་ཀུ་མར་ (Doddalahalli Kempegowda Shivakumar) མཆོག་ནི་ཕྱི་ལོ་ ༡༩༦༢ ཟླ་ ༥ ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་ མངའ་སྡེའི་གྲོང་ཁྱེར་བྷེང་ལོར་ དུ་རྟེན་གཞི་བྱས་པའི་ཀེམ་པེ་གྷོ ་ཌ་ (Kempegowda) རུ་སྐྱེས་ཤིང་། ཁོང་ནི་རྒྱ་གར་ནང་གི་ཆབ་སྲིད་པ་ ཕྱུག་ཤོས་ཀྱི་གྲས་ཤིག་ཡིན་པ་མ་ཟད་ཚོ ང་པ་ཞིག་ཀྱང་ཡིན་འདུག ཁོང་ནི་རྒྱ་གར་རྒྱལ་ཡོངས་དམངས་ གཙོ་ཆབ་སྲིད་ཚོགས་པའི་ཚོགས་འཐུ ས་མི་དང་། ཕྱི་ལོ་ ༢༠༢༠ ནས་བཟུང་ཀར་ན་ཊ་ཀ་མངའ་སྡེའི་ དམངས་གཙོ་ཆབ་སྲིད་ཚོགས་པའི་ཚོ གས་གཙོའི་ལས་གནས་འཁུར་མུས་དང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༠ བར་ཀར་ན་ཊ་ཀའི་དམངས་གཙོ་ཆབ་སྲི ད་ཚོགས་པའི་ཚོགས་གཙོའི་ལས་ཚབ་ཀྱི ་ལས་དོན་གཉེར་ཡོད་ལ། ཕྱི་ལོ་ ༢༠༡༤ ནས་ ༢༠༡༩ བར་ཀར་ན་ཊ་ཀ་མངའ་གཞུང་གི་བཀའ་བློ ན་གྱི་ཕྱག་ལས་གནང་།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།