མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གནས་བཞུགས་བོད་མི་སྒྱུ་རྩལ་བ་དང་ལོ་རྒྱུས་མཁས་པ་སོགས་ཀྱིས་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ། རྒྱ་ནག་གིས་རང་བཙན་བློ་དགའ་ལགས་ཀྱི་རང་ལུས་མེ་སྲེག་དང་བོད་ཀྱི་འཐབ་རྩོད་སྤྱིའི་ཁ་ཕྱོགས་བསྒྱུར་ཐབས་བྱེད་བཞིན་པར་གདོང་ལེན་གནང་དགོས་པའི་འབོད་སྐུལ་ཞུས་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཞག་ཞེ་དགུའི་རིང་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་ཀྱི་པར། ༢༧།༧།༢༠༢༦

དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐངས་ཏེ། རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་རང་ལུས་མེ་སྲེག་གི་ཁ་ཕྱོགས་བསྒྱུར་ཏེ་འཁྱོག་བརྗོད་བྱེད་བཞིན་པར་ཁ་གཏད་གཅོག་ཐབས་སུ་ནེའུ་ཡོག་ཏུ་ལས་ཁུངས་ཤིག་བཙུགས་ཏེ། རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་བྱ་རྒྱུ་ཡིན་སྟབས། བོད་པའི་ལོ་རྒྱུས་མཁས་པ་དང་སྒྱུ་རྩལ་བ་སོགས་ཀྱིས་ལས་འགུལ་དེའི་ནང་མཉམ་ཞུགས་གནང་བའི་རེ་སྐུལ་ཞུས་སོང་།

གནད་དོན་དེའི་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསྟན་འཛིན་བློ་བཟང་ལགས་ཀྱིས། རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་རང་ལུས་མེ་སྲེག་གི་ཁ་ཕྱོགས་བསྒྱུར་ཐབས་དང་འཁྱོག་བརྗོད་བྱེད་ཐབས་འདྲ་མིན་བྱེད་བཞིན་འདུག་པས། གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་ཤིག་བཙུགས་ཏེ་རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་རང་ལུས་མེ་སྲེག་དང་རྒྱ་ཆེ་ས་ནས་བོད་ཀྱི་འཐབ་རྩོད་ལ་ཁ་བསྒྱུར་ཐབས་བྱེད་བཞིན་པར་གདོང་ལེན་དང་ཁ་གཏད་གཅོག་ཐབས་བྱ་རྒྱུ་ཡིན། ཨ་རིར་གནས་བཞུགས་མཁས་དབང་དང་སྒྱུ་རྩལ་བ། སློབ་ཕྲུག་སོགས་ཤེས་འཇོན་ནུས་ལྡན་གྱི་བོད་མི་གང་མང་གིས་ལས་འགུལ་དེར་མཉམ་ཞུགས་གནང་བའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་བྱུང་།

ད་ལྟའི་ཆར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འཛམ་གླིང་རྒྱལ་ཁབ་ ༡༤ དང་རྒྱ་གར་གྱི་ས་ཁུལ་མི་འདྲ་བ་ ༤༣ ནང་རྣམ་པ་འདྲ་མིན་གྱི་ཐོག་ནས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་དང་ཁོང་གི་ཁ་ཆེམས་རྗེས་སྐྱོང་གི་ཆེད་དུ་བོད་དོན་ལས་འགུལ་སྤེལ་མུས་ཡིན་ཞིང་། དེ་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་གཞོན་ནུའི་གོ་སྒྲིག་འོག་ས་གནས་སུ་ལས་འགུལ་སྤེལ་ཡོད་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་དར་རྒྱས་ལགས་ཀྱིས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་འཁྲིད་དང་གོ་སྒྲིག་འོག་འཛམ་གླིང་ཡུལ་གྲུ་གང་སར་བོད་དོན་ལས་འགུལ་སྤེལ་མུས་ཡིན་པའི་ཁྲོད། བཞུགས་སྒར་དུ་ཞག་ཞེ་དགུའི་རིང་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་ཅིང་། དེ་རིང་ནི་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་ནས་ཉིན་དགུ་པ་ཆགས་པ་མ་ཟད། འཛམ་གླིང་ཡུལ་གྲུ་གང་སར་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་མུས་ཡིན་ཡང་། དགོས་འདུན་དོན་ཚན་ལྔ་ཡོད་པ་རྣམས་གཅིག་མཚུངས་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དགོས་འདུན་དོན་ཚན་དང་བོ། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནས་དཔའ་བོ་རང་བཙན་བློ་དགའ་ལགས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུར་མེར་སྲེག་གནང་བ་དེར་ངེས་པར་འགན་འཁུར་དགོས་པ་མ་ཟད། བྱ་སྤྱོད་ངོ་མའི་ཐོག་ནས་རྒྱལ་སྤྱིའི་ཐོག་ཡ་ལན་དོན་ལྡན་ཞིག་ངེས་པར་སྤྲད་དགོས་ཡོད།

གཉིས་པ། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་གཙོ་བྱས་པའི་ད་བར་བོད་མི་རང་ལུས་མེར་སྲེག་གནང་མཁན་ཡོངས་ཀྱི་ཚེ་སྲོག་ལ་རྒྱ་དམར་སྲིད་གཞུང་ནས་འགན་འཁུར་དགོས།

གསུམ་པ། བོད་རང་དབང་རང་བཙན་ནི་ང་ཚོའི་ཐོབ་ཐང་ཡིན་པས་རྒྱལ་སྤྱིས་ངེས་པར་ངོས་འཛིན་དགོས་པ་དང་། ང་ཚོར་བོད་ནི་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་ཡིན། བོད་ལ་རང་དབང་རང་བཙན་ཐོབ་དགོས་ཡོད།

བཞི་པ། རྒྱ་དམར་སྲིད་གཞུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཅེས་པའི་མིང་དོན་མི་མཚུངས་པའི་ཁྲིམས་འགལ་གྱི་ཁྲིམས་ཡིག་དེར་ང་ཚོས་ངོས་ལེན་རྩ་བ་ནས་མེད་ལ། བོད་ནང་ལག་བསྟར་བྱེད་མཚམས་འཇོག་དགོས།

ལྔ་པ།་༧ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་འཛམ་གླིང་ནང་གི་བོད་པའི་ཆབ་སྲིད་བཙོན་པ་ཆུང་ཤོས་དང་། ཁོར་ཡུག་སྲུང་སྐྱོབ་པ། བོད་ཀྱི་སྒྱུ་རྩལ་བ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་དང་། ཆབ་སྲིད་བཙོན་པ་གཞན་ཚང་མ་ཆ་རྐྱེན་དང་འགོར་འགྱངས་མེད་པར་ཀློད་གྲོལ་གཏོང་དགོས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་སྒྲགས།

ཆུ་ཚོད་ ༤ སྔོན་ལ།
Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

༢༠༢༦/༠༧/༢༤
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

༢༠༢༦/༠༧/༢༤
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

༢༠༢༦/༠༧/༢༤
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese