བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་ ༥།༧ དང་ ༥།༨ ཅན་གྱི་ས་ཡོམ་གཉིས་བསྟུད་མར་བྱུང་།

དེ་རིང་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༡༦ སྟེང་མཚོ་སྔོན་ཞིང་ཆེན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་ ༥།༧ ཅན་གྱི་ས་འགུལ་བྱུང་བ་དང་། དེ་ནས་སྐར་མ་ ༡༨ རྗེས་ནས་བསྐྱར་དུ་ཚད་རིམ་ ༥།༨ ཅན་གྱི་ས་ཡོམ་བྱུང་འདུག ད་ལྟའི་ཆར་ས་འགུལ་དེ་གཉིས་ཀྱི་ཁྲོད་དུ་མི་རྒྱུ་གཉིས་ལ་གནོད་འཚེ་ཐེབས་པའི་གནས་ཚུལ་གང་ཡང་ཐོན་མི་འདུག
དེ་འབྲེལ་རོའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་ས་ཡོམ་དེ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩི་གོར་ཐང་རྫོང་དུ་བྱུང་ཞིང་། རྩི་གོར་ཐང་རྫོང་ལ་ཧང་ང་རྫོང་། ཤིན་ཧའེ་རྫོང་། ཞིན་ཧའེ་རྫོང་ཞེས་འབོད་སྲོལ་མི་འདྲ་བའི་མིང་འདི་དག་འདུག ས་ཡོམ་གྱི་གཏིང་ཚད་སྨིན་སྟོང་ ༡༠ ཟིན་ཡོད་པར་བཤད།
ཐེངས་འདིའི་ས་ཡོམ་གྱི་ལྟེ་བ་ནི་རྩི་གོར་ཐང་རྫོང་ལས་སྤྱི་ལེ་ ༤༦ མཚམས་སུ་ཁེལ་ཡོད་ཅིང་། ཐུན་ཏེ་རྫོང་ལས་སྤྱི་ལེ་ ༩༢ དང་ཀོས་ནན་རྫོང་ལས་སྤྱི་ལེ་ ༡༡༠ ཡོད་པར་བསྒྲགས་ལ། འདས་པའི་ལོ་ལྔའི་རིང་ས་ཡོམ་རྒྱུག་སའི་ལྟེ་བའི་མཐའ་འཁོར་གྱི་སྤྱི་ལེ་ ༢༠༠ ནང་ཚདརིམ་ ༣ ཡན་གྱི་ས་ཡོམ་ཐེངས་ ༡༩ བརྒྱབ་པ་དང་ད་ཐེངས་ནི་ས་ཡོམ་ཆེ་ཤོས་དེ་ཡིན་པ་རེད།
འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༦ ཉིན་བོད་མཚོ་སྔོན་ཞིང་ཆེན་གྱི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བྱུང་སྟེ་མི་གྲངས་ ༡ རྐྱེན་འདས་དང་མི་གྲངས་ ༤ ལ་རྨས་སྐྱོན་ཕོག་འདུག ཕྱི་ཟླ་ ༦ ཚེས་ ༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥།༠༧ ཐོག་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་རུ་ས་ཡོམ་ཚད་རིམ་ ༤།༥ ཅན་བྱུང་བ་དང་། ས་ཡོམ་དེའི་གཏིང་ཚད་ཀི་ལོ་མི་ཊར་ ༡༠ ཡིན་འདུག ཕྱི་ཟླ་ ༥ ཚེས་ ༢༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༧ སྟེང་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་གྲོང་ཁྱེར་དུ་ས་ཡོམ་ཚད་རིམ་ ༤།༠ བྱུང་ཡོད་ཅིང་། ས་ཡོམ་དེའི་གཏིང་ཚད་ ༡༠ ཡིན་པ་རེད། ཕྱི་ཟླ་ ༦ ཚེས་ ༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥།༠༧ ཐོག་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་རུ་ས་ཡོམ་ཚད་རིམ་ ༤།༥ ཅན་བྱུང་བ་དང་། ས་ཡོམ་དེའི་གཏིང་ཚད་ཀི་ལོ་མི་ཊར་ ༡༠ ཡིན་འདུག


![Wang made a research tour in Tibet from July 19 to 22. [Xinhua/Liu Bin]](https://tibettimes.net/wp-content/uploads/2026/07/1784796471071092378-360x180.jpg)

