མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

བོད་ཀྱི་དུས་བབ།
༢༠༢༦/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཏུར་ཀི་སི་ཐན་ནས་ཡིན་པའི་གསར་འགོད་པ་གྲགས་ཅན་གྷུ་ཆེ་ཧེ་ར་ཧོ་ཇ་ལགས་ཀྱིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བཅའ་ཁྲིམས་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་དད་བཅས་ལ་དོ་དམ་བྱེད་ཀྱིན་ཡོད་སྐོར་སོགས་བརྗོད།

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཨི་ཊ་ལི་ཡི་རྒྱལ་ས་རོམ་ཏུ་རྟེན་གཞི་བྱས་པའི་གསར་ཁང་དབར་གྱི་ཞབས་ཞུ་(Inter Press Service) ཡིས། ཤར་ཏུར་ཀི་སི་ཐན་ནས་ཡིན་པའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་གྱི་གསར་འགོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་མགྷ་ནི་སི་ཀིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་ (Magnitsky Human Rights Award) འཐོབ་མཁན་གྷུ་ཆེ་ཧེ་ར་ཧོ་ཇ་(Gulchehra Hoja) ལགས་སུ། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་བྱེད་འགོ་ཚུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཟེར་བའི་ཐད་བཅར་འདྲི་བྱེད་སྐབས། ཁོ་མོས་བཅའ་ཁྲིམས་གསར་པ་འདིས་རྒྱ་ནག་གི་མི་སེར་ཞིག་ཏུ་འཚོ་གནས་བྱེད་པར་ངོས་ལེན་ཡོད་པའི་ཐབས་ལམ་གཅིག་ཁོ་ན་མཚོན་གྱི་ཡོད་པ་དང་།  རྒྱལ་ཁབ་ཙམ་མ་ཡིན་པར་སྤྱི་ཚོགས་ཀྱི་ཆ་ཤས་ཚང་མ་དེའི་ཕྱོགས་སུ་ཤར་སྐྱོད་བྱེད་དགོས་ཀྱི་ཡོད། རིག་གཞུང་དང་། ཆོས་ལུགས། སྐད་ཡིག་བཅས་ནི་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ལས་དོ་དམ་བྱ་ཡུལ་ཞིག་ཏུ་གྱུར་ཡོད། ཅེས་བཅའ་ཁྲིམས་གསར་པ་དེར་ངོ་རྒོལ་བྱས་འདུག

IPS ཡི་པར།

ཁོ་མོས། མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཞེས་པ་འདིས་དམར་ཤོག་ཚོགས་པའི་དབང་ཚད་སྲ་བརྟན་དུ་གཏོང་གིན་ཡོད་པ་ལས། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད། གྲངས་ཉུང་མི་རིགས་རྣམས་ཀྱིས་དམར་ཤོག་ཚོགས་པར་ལྷག་བསམ་རྣམ་དག་བྱ་རྒྱུ་ནི་ཁོང་ཚོའི་ངོ་བོ་ལས་གལ་ཆེ་བ་དང་། ཐ་ན་ཆེས་སྤྱིར་བཏང་བའི་འཚོ་བའི་ཆ་ཤས་དག་ཀྱང་རྒྱལ་ཁབ་ཀྱི་སྟངས་འཛིན་འོག་ཏུ་ཡོད་པའི་ངོས་འཛིན་བྱེད་ཀྱིན་ཡོད་ལ། ཡུ་གུར་བ་ནི་ཁྲིམས་འདིའི་གནོད་འཚེ་ཕོག་མཁན་གཅིག་པུ་མིན་པར།   ཧོང་ཀོང་གི་ལས་འགུལ་བ་དང་། ཆོས་ལུགས་ཚོགས་པ། ལྷོ་སོག བོད་པ། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་དམིགས་ཡུལ་དང་མི་མཐུན་པའི་ལྟ་སྤྱོད་ཅན་གྱི་རྒྱ་རིགས་དག་ལ་ཁྱབ་ཀྱི་ཡོད། དེ་བཞིན་ཁྲིམས་འདིའི་ཁྱབ་ཚད་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་ཡོད་པས། ཁོང་ཚོ་ས་གནས་གང་དུ་ཡོད་མེད་ལ་མ་ལྟོས་པར་བཅའ་ཁྲིམས་འདིའི་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཅེས་བཅའ་ཁྲིམས་འདིའི་ཁྱབ་ཚད་སྐོར་འགྲེལ་བརྗོད་བྱས།

ཁོ་མོས་མུ་མཐུད་དུ།  བཅའ་ཁྲིམས་དེས་དམག་མི་དང་། ཉེན་རྟོག་པ། བདེ་འཇགས་ལས་ཁུངས། གཙུག་ལག་སློབ་གཉེར་ཁང་བཅས་ཀྱིས་མཉམ་ལས་བྱེད་པའི་རྨང་གཞི་བཏིངས་ཡོད་པས། སྤྱི་ཚོགས་ཀྱི་ཆ་ཤས་ཡོངས་རྫོགས་མི་སེར་ཚོའི་ངོ་བོར་ལྟ་རྟོག་དང་བསྐྱར་བཟོ་བྱེད་པའི་ལས་ལ་ཞུགས་ཀྱིན་ཡོད།  དཔེར་ན། རྒྱ་ནག་གི་རྒྱལ་སྲུང་སློབ་གཉེར་ཁང་གི་སློབ་མ་ཚོ་ཤར་ཏུར་ཀི་སི་ཐན་ལ་མངགས་གཏོང་བྱས་ཏེ། སྲིད་གཞུང་གི་ལྟེ་གནས་དང་། གྲོང་སྡེའི་དྲ་མིག་དོ་དམ། ཉེན་རྟོག་ཁང་། ཡུ་གུར་བའི་ཐོན་སྐྱེད་དང་འཛུགས་སྐྲུན་དམག་སྡེ་བཅས་ལ་ཉམས་གསོག་བྱེད་དུ་བཅུག་ཡོད། ཡུ་གུར་བའི་ཐོན་སྐྱེད་དང་འཛུགས་སྐྲུན་དམག་སྡེ་ཞེས་པ་ནི་ཡུ་གུར་ས་ཁུལ་ཁྱོན་ཡོངས་སུ་གྲོང་ཁྱེར་དང་། ཁྲིམས་ཁང་། བཙོན་ཁང་བཅས་སྟངས་འཛིན་བྱེད་བཞིན་པའི་དམག་མིའི་སྡེ་ཚན་ཞིག་ཡིན། བྱེད་སྟངས་འདི་ནི་ཤེས་ཡོན་ལྟ་སྐོར་ཞིག་མིན་པར་མི་རྣམས་ལྟ་རྟོག་འོག་ཏུ་འཇུག་པའི་ཐབས་ལམ་ལ་སྦྱོང་བརྡར་བྱེད་དུ་འཇུག་པ་ཞིག་རེད། ཅེས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་མཁན་ཡུ་གུར་བ་རྣམས་དང་། ཡུ་གུར་གྱི་གནད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་ཚོ་ཡང་རྒྱ་ནག་གི་ཁྲིམས་ཡིག་འདིའི་ལྟ་རྟོག་ཀྱི་ཁྱབ་ཁོངས་འོག་ཏུ་ཚུད་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཅའ་ཁྲིམས་འདི་ལ་ཁྲིམས་ཡིག་ཅིག་གི་ངོ་བོ་ནས་མི་ལྟ་བར་དེའི་ཤུགས་རྐྱེན་ལ་ལྟ་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་འདུག

འདི་ལོའི་ཕྱི་ཟླ་༧ ཚེས ༡ ཉིན་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བཅའ་ཁྲིམས་ལག་བསྟར་བྱེད་མགོ་བཙུགས་ཡོད། བཅའ་ཁྲིམས་འདིའི་ནང་རྒྱལ་ཁབ་ཀྱི་ལས་ཁུངས་དང་གཞི་རིམ་ཚོགས་སྡེ་ཁག་གིས་མི་རིགས་གཅིག་གྱུར་གྱི་ངོ་བོ་ཞིག་བཞེངས་སྐྲུན་བྱ་རྒྱུ་དང་། ཤེས་ཡོན་དང་གཞུང་དོན་ཁྲོད་རྒྱ་ཡིག་བཀོལ་སྤྱོད་གཙོར་འདོན་བྱེད་པ། དེ་བཞིན་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་གཏོང་བ་དང་ཁ་བྲལ་རིང་ལུགས་ལ་སྐུལ་སློང་བྱེད་མཁན་རྣམས་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་ས་ཆ་གང་དུ་གནས་ཡོད་ཀྱང་བཅའ་ཁྲིམས་འདིའི་ལག་བསྟར་གྱི་ར་བའི་ནང་ཚུད་ཡོད་པ་གསལ་པོ་བཀོད་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

འབྲེལ་ཡོད་གསར་འགྱུར།

UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
New Zealand National Party leader and Prime Minister-elect Christopher Luxon speaks to supporters at a party event in Auckland, on October 14, 203. Photo Credit: AP
Mobile App

ནེའུ་ཛེ་ལན་གྱི་སྲིད་བློན་ལ་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས།

༢༠༢༤/༠༦/༡༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས། བོད་ཀྱི་དུས་བབ་ཀྱིས་སྒྲིག་བཟོ་བྱས། ༢༠༢༣། ༡༠།༩
༧གོང་ས་མཆོག གསུང་འཕྲིན།

འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལ་འཚམས་འདྲི་མཛད། 

༢༠༢༣/༡༠/༠༩
US Secretary of State Antony Blinken Meets Chinese President Xi Jinping. photo: AFP .19th june 2023
Mobile App

ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གི་མགོ་འཁྲིད་ལ་བོད་དོན་གླེང་སློང་གནང་ཡོད་འདུག

༢༠༢༣/༠༦/༢༠
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ལོ་འཁོར་སྙན་ཐོ་འདོན་སྤེལ་བྱས། ༢༠༢༣།༠༣།༢༨
Mobile App

འདས་ལོ་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཛ་དྲག་གི་ལོ་ཞིག་ཡིན།

༢༠༢༣/༠༣/༢༨
Mobile App

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་ཡོད།

༢༠༢༣/༠༣/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese