མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༦/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་ཚབ་ཁང་གིས་ནེ་རྡིར་ལན་ཌི་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་ལ་ཤོག་ངོས་གསུམ་ཅན་གྱི་ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་ནས་སྲིད་སྐྱོང་མཆོག་གི་ཕྱོགས་ཕེབས་ལ་ངོ་རྒོལ་དང་བོད་དོན་འཁྱོག་བཤད་བྱས།

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧

ཟླ་འདིའི་ཕྱི་ཚེས་ ༡ ནས་ཕྱི་ཟླ་ ༡༢ ཚེས་ ༢༠ བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཡུ་རོབ་ཀྱི་ནེ་རྡིར་ལན་ཌི་རྒྱལ་ཁབ་དང་། ཨ་རི། ཁེ་ན་ཌ། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སྦེལ་ཀོབ་གཞིས་ཆགས་སོགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་གི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༣ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནེ་རྡིར་ལན་ཌི་རྒྱལ་ཁབ་ཕེབས་འབྱོར་བྱུང་ཡོད་སྟབས། རྒྱལ་ཁབ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ནེ་རྡིར་ལན་ཌི་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་ལ་ཤོག་ངོས་གསུམ་ཅན་གྱི་ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་ནས། སྲིད་སྐྱོང་མཆོག་གི་ཕྱོགས་ཕེབས་ལ་ངོ་རྒོལ་བྱས་འདུག

རྒྱ་ནག་གཞུང་ཚབ་ཀྱི་ངོ་རྒོལ་ཡིག་ཆེ་དེའི་ནང་། བོད་ནི་གནའ་སྔ་མོ་ནས་བཟུང་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་ནག་དབུས་གཞུང་གིས་དུས་ཡུན་རིང་པོར་བོད་མངའ་དབང་དུ་བསྡུས་ཡོད། ཕྱི་ལོ་ ༡༩༥༡ ལོར་ཞི་བའི་བཅིངས་འགྲོལ་བཏང་བ་དང་བསྟུན། བོད་ནང་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་བོད་ཀྱི་ཞིང་བྲན་ལམ་ལུགས་མེད་པ་བཟོས་པ་དང་། ཞིང་བྲན་ས་ཡ་མང་པོ་བཅིངས་འགྲོལ་བཏང་སྟེ། བོད་ཀྱི་མི་རིགས་ཁག་གི་རྩ་བའི་ཁེ་ཕན་འགན་ལེན་བྱས་ཡོད། བོད་དང་འབྲེལ་བའི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཁོ་ན་ཡིན། རྒྱ་ནག་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་དང་ཚོགས་པ་གང་རུང་གིས་བོད་དོན་དང་འབྲེལ་བའི་གནད་དོན་ལ་བརྟེན་ནས། རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེད་པར་བློ་སེམས་བརྟན་པོས་ངོ་རྒོལ་བྱེད་བཞིན་ཡོད། ཧོ་ལན་ཌི་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་གཅིག་གིས་ཀྱང་བོད་རང་བཙན་ཟེར་བར་ངོས་འཛིན་བྱས་མྱོང་མེད། བོད་མིའི་སྒྲིག་འཛུགས་ཟེར་བ་ནི་བོད་རང་བཙན་འཐབ་རྩོད་བྱེད་པའི་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཚོགས་པ་ཞིག་ཡིན་ཞིང་། རྒྱ་ནག་གི་རྩ་ཁྲིམས་དང་ཁྲིམས་ལུགས་གཞན་ཡོངས་རྫོགས་དང་འགལ་བའི་སྒོ་ནས་ལས་དོན་སྤེལ་བཞིན་ཡོད་པས། རྒྱལ་ཁབ་གང་གིས་ཀྱང་ངོས་འཛིན་བྱས་མེད། ཅེས་གསལ་འདུག

ཡང་ཡིག་ཆ་དེའི་ནང་། ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གི་མངའ་དབང་དང་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་བརྩི་བཀུར་ཆ་ཚང་གནང་སྟེ། “བོད་རང་བཙན་” ཤོག་ཁག་གིས་རྒྱ་ནག་ལ་ངོ་རྒོལ་གྱི་བྱེད་སྒོ་སྤེལ་སའི་སྡིངས་ཆ་མཁོ་སྤྲོད་བྱ་རྒྱུ་མཚམས་འཇོག་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད། རྒྱ་ནག་དང་རྒྱ་ནག་གི་བོད་ཀྱི་དངོས་ཡོད་གནས་ཚུལ་དྲང་པོ་དང་། ཕྱོགས་ཡོངས་ནས་གསལ་པོ། འགལ་ཟླ་མེད་པ་བཅས་ཀྱི་གནས་ཚུལ་མཁོ་སྤྲོད་བྱ་ཆེད། རྒྱ་ནག་གཞུང་ཚབ་ཁང་གིས་གྲོས་ཚོགས་འོག་མའི་འཐུས་མི་ཡོངས་དང་མཉམ་དུ་བཟང་ཕྱོགས་ནས་གྲོས་མོལ་དང་བསམ་ཚུལ་བརྗེ་རེས་བྱེད་པར་གྲ་སྒྲིག་ཡོད། ཅེས་གསལ་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནེ་རྡིར་ལན་ཌིའི་གྲོང་ཁྱེར་ཧེག་ (Hague) དུ་སྐོང་འཚོག་གནང་བའི་རྒྱ་ནག་ཐད་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ (IPAC) ལོ་འཁོར་ལྷན་ཚོགས་ཐེངས་ ༦ པར་མཉམ་ཞུགས་གནང་ནས། གླིང་ཆེན་དྲུག་གི་རྒྱལ་ཁབ་ ༣༠ ཡི་གྲོས་ཚོགས་འཐུས་མི་ ༥༢ དང་ལྷན་རྒྱ་ནག་གཞུང་གིས་བཟོས་པའི་དཀའ་ངལ་དག་ལ་མཉམ་ལས་ཀྱི་གདོང་ལེན་བྱེད་ཕྱོགས་ཐད་གྲོས་བསྡུར་གནང་ཞིང་། བོད་ཀྱི་ས་ཁམས་ཀྱི་ཆགས་ཚུལ་དང་གནས་བབ། རྒྱ་ནག་གཞུང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ལས་བོད་ཀྱི་སྐད་དང་རིག་གཞུང་། ཆོས་ལུགས། ངོ་བོ་བཅས་གསོན་གནས་ལ་ཉེན་ཁ་བཟོ་བཞིན་པ་དང་། སྲིད་བྱུས་དེ་དག་གིས་རིག་གཞུང་རྩ་མེད་བཟོ་མུས་ཡིན་སྐོར་སོགས་གསལ་བཤད་གནང་འདུག

ཡང་སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་ནག་གཞུང་གིས་དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་ལས་གཞི་འདྲ་མིན་སྤེལ་མུས་ཡིན་པ་དེ། རྒྱལ་མཚམས་ལས་བརྒལ་བའི་དམིགས་ཡུལ་ངེས་ཅན་ཞིག་བཟུང་ཡོད་པས། དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མང་གཙོ་དང་། བདེ་འཇགས། རང་དབང་། གོ་ལའི་སྒྲོམ་གཞི་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པའི་ཉེན་བརྡ་བཏང་བ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གི་ལས་གཞི་དེ་དག་གི་དམིགས་ཡུལ་དང་མཇུག་འབྲས། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་བཅས་ཀྱི་ཐོག་ཞིབ་འཇུག་བྱ་དགོས་པའི་འབོད་སྐུལ་གནང་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེད་བཞིན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་སྐྱོད་གནང་རྒྱུའི་ཆོད་སེམས་ཡོད་སྐོར་སོགས་གསུངས་འདུག

ཕྱི་ལོ་ ༢༠༢༥ ཚེས་ ༢ ནས་ ༤  བར་ཉིན་གྲངས་གསུམ་རིང་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་རུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་མཉམ་འབྲེལ་གྱི་གོ་སྒྲིག་འོག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ པ་འཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་འཛམ་གླིང་རྒྱལ་ཁབ་ ༢༩ ཀྱི་སྐུ་ཚབ་དང་གྲོས་ཚོགས་འཐུས་མི་ ༡༤༢ ཀྱིས་མཉམ་ཞུགས་གནང་སྐབས།  ཉི་ཧོང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད།

ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༦ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྦལ་ཌིག་(Baltic States) རྒྱལ་ཁབ་གསུམ་དང་། ཧྥིན་ལེན་ཌི། དབྱིན་ཡུལ། བྷེལ་ཇམ་སོགས་སུ་གཞུང་འབྲེལ་སྐོར་སྐྱོད་གནང་སྐབས། ཨེ་སི་ཊོ་ནི་ཡར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ནས་ངོ་རྒོལ་བྱས་ཡོད་པ་སོགས། རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་ནས་བཙན་བྱོལ་བོད་མིའི་མཛད་གཙོ་རྣམ་གྱི་ཕྱི་འབྲེལ་གྱི་ལྡ་དོན་ལ་བཀག་འགོག་དང་བར་ཆད་བཟོ་ཐབས་བྱེད་མུས་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Deputy Speaker Dolma Tsering Teykhang Attends IPAC Prague Summit 2023
Mobile App

སྤྱི་འཐུས་ཚོགས་གཞོན་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ལྷན་ཚོགས་སུ་བོད་དོན་གསུང་བཤད་གནང་།  

༢༠༢༣/༠༩/༠༨
Taiwan's President Tsai Ing-wen waves near the boarding gate as she departs for a 10-day international trip on March 29, 2023.
Mobile App

ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེན་ཝིན་མཆོག་ཨ་རིར་ཕེབས།

༢༠༢༣/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese