མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

བོད་ཀྱི་དུས་བབ།
༢༠༢༦/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་ཡིན་པར་དོགས་པའི་དངོས་པོ་ཞིག་བོད་ཀྱི་འབྲོག་སྡེའི་ཉེ་འཁོར་དུ་ལྷུང་།

པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།

ཕྱི་ཟླ་ ༡༡ ཚེས་ ༣ ཉིན། བོད་ཀྱི་འབྲོག་སྡེ་ཞིག་གི་སླས་འདབས་ཉེ་འཁོར་དུ་མེ་ཤུགས་འཕུར་མདའི་ཆག་རོ་ཡིན་པར་དོགས་པའི་དངོས་པོ་ཞིག་མཁའ་ནས་ལྷུང་བཞིན་པ་དང་། ལྷུང་ཟིན་པ། དེ་བཞིན་ལམ་འགྲམ་སོགས་སུ་ལྷུང་ཡོད་པའི་བརྙན་དྲ་ལམ་དུ་ཁྱབ་ཡོད་ཅིང་། དེ་ནི་ཉིན་དེའི་ཞོགས་པ་རྒྱ་ནག་གིས་འཕེན་གཏོང་བྱས་པའི་མེ་ཤུགས་འཕུར་མདའ་ཞིག་དང་འབྲེལ་བ་ཡོད་སྲིད་འདུག

ཉིན་དེར་དྲ་ལམ་དུ་བརྙན་དེ་དང་འདྲ་བ་མང་པོ་ཁྱབ་ཡོད་ཅིང་། བརྙན་ཞིག་གི་འོག་མཆན་ནང་མི་མང་པོས་ས་གནས་གང་ཡིན་དྲིས་པར། དཀར་མཛེས་སེར་ཤུལ་ནས་ཡིན་ཞེས་ལན་གཉིས་བཀོད་འདུག དེ་བཞིན་བརྙན་གཞན་པ་ཞིག་གི་འོག་མཆན་དུ་ས་ཆ་གང་ཡིན་སྐོར་གྱི་དྲི་བ་ཤིན་ཏུ་མང་པོ་བྱུང་བར། དྲི་བ་རེ་རེའི་ལན་དུ་སྟག་དགོན་རེད་ཅེས་དང་ཁྲོ་ཤུལ་འགབ་མ་རེད་ཅེས་པའི་ལན་བཏབ་ཡོད་འདུག ཡིན་ནའང་། བརྙན་དེའི་ས་གནས་དང་དུས་ཚོད་ད་བར་རྩད་གཅོད་བྱེད་ཐུབ་མེད། བརྙན་ནང་དངོས་པོ་དེ་འབྲོག་སྡེའི་སླས་འདབས་དང་ཁ་ཐག་ཅུང་མི་རིང་སར་ལྷུང་ཡོད་པ་མཐོང་རྒྱུ་ཡོད་པས། གལ་ཏེ་མི་དང་སྒོ་ཕྱུགས་ཀྱི་སྒང་ལ་ཟགས་ཡོད་ན་སྲོག་གི་ཉེན་ཁའང་ཡོད་ཁོ་ཐག་རེད།

ཉིན་དེའི་ཞོགས་པ་པེ་ཅིན་གྱི་ཆུ་ཚོད་ ༨།༡༥ ཐོག རྒྱ་གཞུང་གིས་བྱང་ནུབ་ཏུ་ཡོད་པའི་ཏུང་ཧྤེང་མཁའ་དབྱིངས་ཚོང་དོན་གསར་གཏོད་ཚོད་ལྟ་ཁུལ་ནས་ལི་ཅིན་ཨང་ ༢ པའི་ 2Y2 ཞེས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱས་ཏེ། ཆན་ཧྥན་སྐར་ཚོམ་གྱི་ཕྱོགས་མཐའི་རྒྱུ་ལམ་སྡེ་ཚན་ ༢༡ པའི་འཕྲིན་གཏོང་འཁོར་སྐར་ ༡༨ གཏན་འབེབས་བྱས་པའི་རྒྱུ་ལམ་དུ་བསྐྱལ་འདུག མེ་ཤུགས་འཕུར་མདའི་རིམ་པ་དང་པོ་སོགས་ནི་ནམ་རྒྱུན་འཕེན་གཏོང་བྱས་རྗེས་སྐར་མ་འགའ་ཤས་ནང་ས་ལ་ལྷུང་གི་ཡོད་པས། བརྙན་དེ་ཉིན་མོར་བླངས་པ་ནི་དུས་ཚོད་ཐོག་མཐུན་གྱི་འདུག

ཚོད་ལྟ་ཁུལ་དེ་ནས་སེར་ཤུལ་རྫོང་བར་ལྷོ་ཕྱོགས་སུ་དྲང་ཐིག་བར་ཐག་སྤྱི་ལེ་ ༩༢༧ ཙམ་ཡོད་ཅིང་། རླངས་འཁོར་དུ་ཆུ་ཚོད་ ༢༤ ལྷག་ཙམ་དགོས་པ་དང་རླངས་འཁོར་ལམ་ཐིག་ཏུ་སྤྱི་ལེ་ ༡༦༠༠ ནས་ ༡༨༠༠ བར་ཡོད་འདུག  ས་ཁུལ་དེ་ནས་ཕྱོགས་མཐའི་རྒྱུ་ལམ་དུ་འཕེན་པའི་མེ་ཤུགས་འཕུར་མདའ་རྣམས་ནམ་རྒྱུན་ལྷོ་ཕྱོགས་སུ་འཕུར་གྱི་ཡོད། ཡིན་ནའང་། ཆག་རོ་དེ་མེ་ཤུགས་འཕུར་མདའ་དེ་ལས་ཆད་པ་ཡིན་མིན་ད་བར་ཐག་ཆོད་གསལ་པོ་མི་འདུག རྒྱ་གཞུང་གིས་འཕེན་གཏོང་སྔོན་དུ་ཆག་རོ་ལྷུང་ཡུལ་གྱི་བརྡ་ཁྱབ་སྤེལ་སྲོལ་ཡོད་ཀྱང་། ས་ཁུལ་དེ་བརྡ་ཁྱབ་ནང་ཚུད་ཡོད་མེད་དང་། ས་གནས་ཀྱི་འབྲོག་པ་ཚོར་སྔོན་བརྡ་བཏང་ཡོད་མེད་ད་བར་གསལ་པོ་མི་འདུག

ཟླ་བ་སྔོན་མར་གཏོང་ཐེངས་གཞན་ཁ་ཤས་ཀྱང་བྱུང་ཡོད་འདུག  ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་ཞིང་པ་ཞིག་གིས་རང་གི་ཞིང་ཁའི་ནང་ཞེང་ཚད་མི་ཊར་ ༣།༣༥ ཙམ་ཡོད་པའི་ལྕགས་རིགས་དངོས་པོ་ཞིག་རྙེད་ཡོད་ཅིང་། དེ་ནི་ཕྱི་ཟླ་ ༩ ཚེས་ ༡༥ ཉིན་ཏུང་ཧྤེང་ཚོད་ལྟ་ཁུལ་དེ་ཉིད་ནས་ཆན་ཧྥན་འཁོར་སྐར་བསྐྱལ་བའི་ཀྲུའུ་ཆེ་ཨང་ ༢E མེ་ཤུགས་འཕུར་མདའི་རིམ་པ་གོང་མའི་ཆ་ཤས་ཡིན་སྲིད་པར་དོགས་པ་བྱས་ཡོད། ཡིན་ནའང་དེ་ད་བར་གཞུང་འབྲེལ་ཐོག་ནས་ངོས་འཛིན་བྱས་མེད།

མཁའ་དབྱིངས་ལས་ཁུངས་ཁག་གིས་མེ་ཤུགས་འཕུར་མདའི་ཆག་རོ་ལ་སྣུམ་རྫས་ཀྱི་དུག་ལྷག་ཡོད་སྲིད་པས། དེ་དག་ལ་ལག་པ་མི་འཆང་བ་དང་། ཉེ་འགྲམ་དུ་མི་འགྲོ་བ། ས་གནས་ཀྱི་འབྲེལ་ཡོད་དཔོན་རིགས་ལ་བརྡ་ལན་སྤྲོད་དགོས་པའི་ལམ་སྟོན་བྱེད་ཀྱི་ཡོད།

ཆན་ཧྥན་སྐར་ཚོམ་ནི་ཕྱི་ལོ་ ༢༠༡༨ ལོར་བཙུགས་པའི་ཧྲང་ཧའེ་ཡོན་ཞིན་ཚོང་ལས་ཁང་གིས་གསར་སྐྲུན་སྐྲུན་བྱེད་བཞིན་པའི་རྒྱུ་ལམ་དམའ་བའི་དྲ་རྒྱའི་སྐར་ཚོམ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༢༤ ཟླ་ ༨ པར་དྲ་རྒྱའི་འཁོར་སྐར་ཁག་དང་པོ་ ༡༨ འཕེན་གཏོང་བྱས་ཡོད། ཕྱི་ལོ་ ༢༠༣༠ ལོ་མཇུག་བར་འཁོར་སྐར་ཁྲི་ ༡༥ ལྷག་འཕེན་ནས་འཛམ་གླིང་ཡོངས་ལ་དྲ་རྒྱ་མཁོ་འདོན་བྱ་རྒྱུའི་འཆར་གཞི་ཡོད་ཅིང་། རྒྱ་གཞུང་གིས་འཕྲིན་གཏོང་ལས་རིགས་ཀྱི་ཁྱབ་ཁོངས་ནས་རང་ཚུགས་དང་རང་ཁ་རང་གསོ་བྱེད་ཆེད་ཡིན་ཞེས་བཤད་ཀྱི་ཡོད།

ཟླ་འདིའི་ཟླ་མགོ་ནས་རྒྱ་གཞུང་གིས་ཉིན་བདུན་ནང་མེ་ཤུགས་འཕུར་མདའ་ཐེངས་ ༤ འཕེན་གཏོང་བྱས་ཡོད། ཕྱི་ཚེས་ ༥ ཉིན་ཞི་ཁྲང་འཁོར་སྐར་འཕེན་གཏོང་ལྟེ་གནས་ནས་ཁྲང་ཀྲང་ཨང་ ༢C མེ་ཤུགས་འཕུར་མདའ་ཡིས་ཡའོ་གན་ཨང་ ༥༡ པའི་འཁོར་སྐར་ ༣ བཏང་ཡོད་ཅིང་། རྒྱ་གཞུང་གིས་དེ་དག་བར་སྣང་ཁོར་ཡུག་ཞིབ་འཇུག་ཆེད་ཡིན་ཞེས་བཤད་ཀྱང་། ཕྱི་རྒྱལ་གྱི་ཆེད་མཁས་པ་ཚོས་ཡའོ་གན་འཁོར་སྐར་རྣམས་དམག་དོན་ལྟ་ཞིབ་ཀྱི་འཁོར་སྐར་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཕྱི་ཚེས་ ༧ ཉིན་ཅིའུ་ཆན་འཁོར་སྐར་འཕེན་གཏོང་ལྟེ་གནས་ནས་གོ་ཧྲིན་ཨང་ ༢ པའི་མེ་ཤུགས་འཕུར་མདའ་ཡིས་ཚོད་ལྟ་དང་ཞིབ་འཇུག་གི་འཁོར་སྐར་ ༤ དང་། ཕྱི་ཚེས་ ༩ ཉིན་ཧའེ་ནན་མཁའ་དབྱིངས་ཚོང་དོན་འཕེན་གཏོང་ས་ནས་ཁྲང་ཀྲང་ཨང་ ༡༢ པའི་མེ་ཤུགས་འཕུར་མདའ་ཡིས་རྒྱུ་ལམ་དམའ་བའི་དྲ་རྒྱའི་འཁོར་སྐར་སྡེ་ཚན་ ༢༩ པ་བཏང་འདུག ཕྱི་ཚེས་ ༩ ཉིན་བར་རྒྱ་གཞུང་གིས་ད་ལོ་ཁྱོན་མེ་ཤུགས་འཕུར་མདའ་ཐེངས་ ༨༠ འཕེན་གཏོང་བྱས་ཡོད་འདུག

བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese