མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་ལག་པ་ཇེ་རིང་དུ་འགྲོ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

སྙན་ཐོ་གསར་པ་ཞིག་ལྟར་ན། རྒྱ་ནག་དང་འབྲེལ་བའི་ཚོགས་པ་ཁག་གིས་རྒྱལ་ཁབ་ ༩༡ ཙམ་གྱི་ནང་ཕྱི་སྡོད་རྒྱ་མི་རྣམས་ལ་མི་རེ་ངོ་རེ་བཞིན་ལྟ་ཞིབ་དང་དམ་དྲག་བྱེད་བཞིན་འདུག

པར་བཅོས་མས་རིག་ནུས་ཀྱིས་བཟོས།

དེ་རིང་ཕྱི་ཚེས་ ༡༧ ཉིན་ཨེ་ཕོག་དུས་བབ་ (The Epoch Times) ཀྱིས་སྤེལ་བའི་གསར་འགྱུར་ལྟར་ན། སི་པེན་ (Spain) དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་སྲུང་སྐྱོབ་བྱེད་མཁན་ (Safeguard Defenders) གྱིས་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་ “དྲག་གནོན་གྱི་ཐབས་ལམ། རྒྱ་ནག་གི་འཛམ་གླིང་ཡོངས་ཁྱབ་ཀྱི་སྤྱི་ཚོགས་ཚོད་འཛིན་དྲ་རྒྱ” (A Formula for Repression: China’s Global Grid for Community Control) ཞེས་པའི་སྙན་ཐོ་ཞིག་སྤེལ་འདུག སྙན་ཐོ་དེ་ལྟར་ན། འཛམ་གླིང་ཡོངས་སུ་རྒྱ་ནག་དང་འབྲེལ་བའི་འབྲེལ་མཐུད་ས་ཚིགས་ ༡༢༤༧ ཡོད་པ་དང་། ས་ཚིགས་དེ་དག་དང་འབྲེལ་བའི་ཚོགས་པ་ཁག་རྒྱལ་ཁབ་ ༩༡ ལས་མི་ཉུང་བའི་ནང་ཡོད་ལ། ཁ་ན་ཌའི་ནང་ས་ཚིགས་ ༡༠ ལྷག་ཡོད་འདུག

སྙན་ཐོའི་ནང་གསལ་བའི་དཔེ་མཚོན་ཞིག་ལ། ཝུའུ་ཞི་ཕྱི་སྡོད་རྒྱ་རིགས་མཐུན་ཚོགས་ (Wuxi Overseas Chinese Federation) ཀྱིས་ཕྱི་ལོ་ ༢༠༢༢ ལོར་བསྒྲགས་པ་ལྟར། ཁ་ན་ཌའི་ཝན་ཁུ་ཝར་ (Vancouver) དུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་སློབ་མ་ཞིག་ཕ་མ་དང་མ་མཐུན་པ་བྱུང་སྟེ་བདུན་ཕྲག་གཅིག་རིང་ཁོང་ཚོར་འབྲེལ་བ་མ་བྱས་པས། རྒྱ་ནག་ཉེན་རྟོག་དང་འབྲེལ་བ་ཡོད་པའི་ཚོགས་པ་ཞིག་གི་ས་གནས་ལས་བྱེད་པ་ཞིག་གིས་སློབ་མ་དེར་འབྲེལ་བ་བྱས་ཏེ། ཁོ་ལ་ “བསམ་བློའི་ལས་དོན་” བྱེད་དགོས་ཞེས་བླང་བྱ་བཏོན་འདུག

ཝུའུ་ཞི་ཕྱི་སྡོད་རྒྱ་མིའི་མཐུན་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་གྲོང་ཁྱེར་ ༡༥༠ ལྷག་ཙམ་དུ་ “ཕ་ཡུལ་རོགས་རམ་” གྱི་ས་ཚིགས་བཙུགས་ཡོད་པ་དང་། འབྲེལ་མཐུད་པ་ ༣༠༠ ལྷག་ཡོད། རྒྱ་ནག་དམར་ཤོག་ཚོགས་པས་ཕྱི་རྒྱལ་གྱི་རྒྱ་མིའི་མཐུན་ཚོགས་རྣམས་ཕྱི་སྡོད་རྒྱ་མི་དང་འབྲེལ་བའི་ཟམ་པ་ཡིན་ཞེས་བརྗོད་ཀྱི་ཡོད་ཀྱང་། སྲུང་སྐྱོབ་བྱེད་མཁན་ (Safeguard Defenders) གྱིས་ཚོགས་པ་དེ་དག་ནི་རྒྱ་ནག་དམར་ཤོག་ཚོགས་པས་ཕྱི་རྒྱལ་དུ་ཤུགས་རྐྱེན་དང་ཚོད་འཛིན་རྒྱ་བསྐྱེད་གཏོང་བའི་བརྒྱུད་ལམ་དུ་གྱུར་ཡོད་ཅེས་བརྗོད་འདུག

སྙན་ཐོའི་ནང་དཔེ་མཚོན་གཞན་ཞིག་ཀྱང་གསལ་འདུག ཨི་ཊ་ལི་ (Italy) དུ་བཙན་བྱོལ་དུ་གནས་པའི་རྒྱ་མིའི་ལས་འགུལ་བ་ལི་ཡིང་ (Li Ying) ནི་ X སྟེང་ “ལི་དགེ་རྒན་ནི་ཁྱེད་ཀྱི་དགེ་རྒན་མིན་” (Teacher Li Is Not Your Teacher) ཞེས་པའི་སྤྱི་ཚོགས་དྲ་ལམ་གྱི་དྲ་བདག་ཡིན་ལ། ཕྱི་ལོ་ ༢༠༢༢ ལོའི་ “ཤོག་དཀར་” (White Paper) ངོ་རྒོལ་སྐབས་ཞིབ་བཤེར་མ་བྱས་པའི་གནས་ཚུལ་གྱི་ཡོང་ཁུངས་གལ་ཆེན་ཞིག་ཡིན། རྒྱ་ནག་གི་བདེ་འཇགས་ལས་བྱེད་ཚོས་ཨན་ཧུའེ་ (Anhui) ཞིང་ཆེན་དུ་ཡོད་པའི་ཁོའི་ཕ་མའི་ཁྱིམ་དུ་བདུན་ཕྲག་ཁ་ཤས་རིང་ཉིན་རེ་བཞིན་ཕྱིན་ཏེ། ཁ་བྱང་དེ་བསུབ་པ་དང་རྒྱ་ནག་ཏུ་ལོག་དགོས་པའི་བླང་བྱ་བཏོན་པ་དང་། ཕ་མའི་རྒན་ཕོགས་བཅད་རྒྱུའི་འཇིགས་སྐུལ་བྱས་ཏེ་ཁྱིམ་གྱི་ཕྱི་ལོགས་སུ་ལྟ་ཞིབ་པར་ཆས་བཙུགས་འདུག ལི་ཡིང་ལ་ཉེན་རྟོག་དང་རྒྱལ་ཁབ་བདེ་འཇགས་ལས་བྱེད་ཀྱི་ཚན་ཆུང་ཆེད་མངགས་བཙུགས་ཏེ་ཨི་ཊ་ལི་ནས་འཛིན་བཟུང་གིས་རྒྱ་ནག་ཏུ་ཁྲིད་ཐུབ་ཅེས་བརྡ་ལན་བྱས་འདུག ཕྱི་ཟླ་ ༣ པར་ཨི་ཊ་ལི་གཞུང་གིས་ཁོ་ལ་ལྟ་ཞིབ་དང་སུན་གཙེར་བྱས་པའི་དོགས་པ་ཡོད་པའི་རྒྱ་ནག་མི་སེར་ ༨ ཕྱིར་བསྐྲད་བྱས་ཡོད།

སྙན་ཐོ་ལྟར་ན། རྒྱ་གཞུང་གི་ཆབ་སྲིད་སློབ་གསོའི་དམིགས་ཡུལ་ནི་ “ཡང་དག་པའི་”འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཙུགས་རྒྱུ་ཡིན། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་བསམ་བློའི་ལས་དོན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ “ཤིན་ཏུ་གལ་ཆེ་བའི་” ལས་འགན་ཞིག་ཡིན་ཞེས་ངོས་འཛིན་བྱེད་ཀྱི་ཡོད་ལ། ཕྱི་ལོ་ ༢༠༡༣ ལོར་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་བསམ་བློའི་ལས་དོན་ལེགས་པར་འགྲུབ་མིན་ནི་ཏང་གི་མ་འོངས་ལས་དབང་ལ་ཐད་ཀར་འབྲེལ་བ་ཡོད་ཅེས་བཤད་འདུག

རྒྱ་གཞུང་གིས་རྒྱལ་ཁབ་ནང་དུའང་ཚོད་འཛིན་ཇེ་དམ་དུ་གཏོང་བཞིན་ཡོད། རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་རྒྱལ་ཁབ་ནང་འཛུལ་ཐོན་དོ་དམ་གྱི་དོན་ཚན་ ༡༩ ཅན་གྱི་སྒྲིག་གཞི་ (Regulations on Exit-Entry Administration) ཁྱབ་བསྒྲགས་བྱས་ཤིང་། ཕྱི་ཟླ་ ༩ ཚེས་ ༡༥ ནས་ལག་བསྟར་བྱས་ཡོད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། སྒྲིག་གཞི་དེས་མགོ་འཛིན་ལས་ཁུངས་ལ་མི་སེར་རྣམས་རྒྱལ་ཁབ་ནས་ཕྱིར་ཐོན་པར་རང་འདོད་ལྟར་བཀག་འགོག་བྱེད་པའི་དབང་ཆ་རྒྱ་བསྐྱེད་ཡོད་པས། རྒྱལ་སྤྱིའི་ཁྲིམས་ཀྱིས་སྲུང་སྐྱོབ་ཐོབ་ཆེད་རྒྱ་ནག་ནས་ཕྱིར་ཐོན་པའི་ཐོབ་ཐང་ལ་གནོད་ཡོད་ཅེས་བརྗོད་འདུག

བོད་མི་ཚོར་ཡང་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་ཤུགས་རྐྱེན་ཐེབས་བཞིན་ཡོད། བོད་ནང་གི་བཅའ་སྡོད་སློབ་གྲྭའི་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་མཁན་སྤྱི་ཚོགས་རིག་པའི་མཁས་དབང་འབུམ་རམས་པ་རྒྱལ་ལོ་ལགས་ཀྱི་ཁ་ན་ཌའི་ཁྱིམ་དུ་ཕྱི་ཟླ་ ༩ ཚེས་ ༢༣ ཉིན་རྒྱ་ནག་གི་ཁྲིམས་ཁང་ཞིག་ནས་ཁོང་ལ་དངུལ་ཆད་འབོར་ཆེན་ཞིག་འཇལ་དགོས་པའི་ཁྲིམས་གཏུག་ཡི་གེ་འབྱོར་ཡོད། དེ་ནི་རྒྱ་གཞུང་གིས་རང་གི་ཁྲིམས་ལུགས་རྒྱལ་མཚམས་ལས་བརྒལ་ཏེ་བེད་སྤྱོད་བྱེད་བཞིན་པའི་དཔེ་མཚོན་ཞིག་རེད།

བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese