མཚུངས་མེད་བོད་ཀྱི་དུས་བབ་གསར་ཁང་གི་འགན་འཛིན་མཆོག་ལ།
ཆེད་ཞུ། འདི་ག་གྲྭ་ཚང་ནས་བསམ་འཆར་ཞུ་རྒྱུ་ལ། གནས་ཚུལ་ཇི་མ་ཇི་བཞིན་བཀོད་འདོན་ཡོད་པ་དང༌། མ་ཟད་དགེ་འདུན་པའི་ཚུལ་མིན་གྱི་གནས་ཚུལ་འགོད་སྐབས་གསར་འགྱུར་མ་འགོད་གོང་གནས་ཚུལ་རྣམས་ལེགས་པར་བརྟག་ཞིབ་ནན་པོའི་ཐོག་གནས་ཚུལ་རྣམས་ར་འཕྲོད་གསལ་བོ་བྱུང་རྗེས་གསར་འགོད་ཞུ་རྒྱུ་ལས། དེ་མིན་ཁྱིམ་པ་སུན་འབྱིན་གྱི་ལས་སུ་འགྲོ་ངེས་ལ་སོང༌། ཐུགས་གཟབ་གནང་སྐྱོང་ཡོང་བ་དང༌། དེ་བཞིན་གནས་ཚུལ་གསར་འགྱུར་གང་མྱུར་འགྲེམས་སྤེལ་ཞུ་ཐུབ་ན་གང་ལེགས་འདུག གང་ཡིན་ཟེར་ན་གནས་ཚུལ་གོ་ཚར་བའི་རྗེས་ལ་གཞི་ནས་དུས་བབ་གསར་འགྱུར་ཐོན་པ་ཡིན་ན་གནས་ཚུལ་རྙིང་པ་ཆགས་ཚར་བ་རེད། རེ་བསྐུལ་ཞུ་རྒྱུར་གནས་ཚུལ་གང་མྱུར་འགྲེམས་སྤེལ་ཡོང་བའི་གཞེན་བསྐུལ་ཞུ་རྒྱུ་བཅས། སེར་སྨད་གྲྭ་ཚང་དབུས་རྒྱུན་ལས་ཁང་ནས། ༢༠༠༧ཟླ༡ཚེས་༡༥ ལ།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལགས།
བཀྲ་ཤིས་བདེ་ལེགས་ཞུ།
གུས་བས་དུས་བབ་དྲ་ངོར་ཐོ་འགོད་བྱས་ཟིན་ནའང་། ཟིན་བྲིས་སུ་ཞུགས་པའི་བརྒྱུད་རིམ་ཇི་ལྟར་འགྲོ་དགོས་མིན་གཅིག་གསུངས་རོགས་གནོང་།
ངས་འདིར་མུ་འགོད་ཟིན་བྲིས་ཤིག་གི་ཁ་ཕྱེ་ན་འདོད་པས།
འཕྲིན་ལན་ལ་སྒུག་ངེ་ཡིན།
ཨྱེ་བུ་ནས།