མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་འདུན་པར་རྒྱ་གཞུང་གིས་ཚོད་ལྟ་བྱས་པ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ལོ་ལྟར་བོད་ནང་གི་དགོན་སྡེ་ཁག་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་གྱིན་ཡོད་མོད། ད་ལོ་བྱ་འགུལ་དེའི་ངོ་བོ་དང་བརྗོད་བྱའི་ནང་དོན་སོགས་སྔར་དང་ཅུང་མི་འདྲ་བ་ཆགས་ཡོད་སྟབས། དགེ་འདུན་པ་ཚོར་དོགས་གཞི་ཆེན་པོ་ཞིག་བསླངས་ཡོད་འདུག
ཉེ་ཆར་འདི་གའི་གསར་འགོད་པར་ཨ་མདོ་བླ་བྲང་དགོན་པའི་དགེ་འདུན་པ་ཞིག་གིས་གློག་ཀླད་བརྒྱུད་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ཕྱི་ཟླ་ ༥ བ་ནས་ཀན་ལྷོ་ཁུལ་དང་བསང་ཆུ་རྫོང་ཆོས་ལུགས་སྡེ་ཁག དགོན་པའི་དོ་དམ་ལྷན་ཁང་སོགས་མཉམ་འབྲེལ་ཐོག བླ་བྲང་དགོན་པའི་དགེ་འདུན་པ་ཡོངས་ལ། བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་རྟོག་ཞིབ་དྲི་ཤོག ཟེར་བའི་བདམས་གསེས་དང་དྲིས་ལན་རྒྱག་དགོས་པའི་ཚོད་ལྟའི་ཡིག་ཆ་ཞིག་བཀྲམས་ཡོད་པ་དང་། ཡིག་ཆ་དེའི་སྔོན་གླེང་ནང་། རང་རྒྱལ་བོད་བརྒྱུད་ནང་བསྟན་དགོན་པར་སྡོད་པའི་མིག་སྔའི་རྩ་བའི་གནས་ཚུལ་ལ་རྒྱུས་ལོན་ཡང་དག་ཅིག་བྱ་ཆེད། ང་ཚོས་ཐེངས་འདིའི་དྲི་ཤོག་རྟོག་ཞིབ་ཚན་ཁག་འདི་རྩ་འཛུགས་བྱས་པ་ཡིན་ལ། དྲི་ཤོག་རྟོག་ཞིབ་སྟེང་སྒེར་མིང་ཡི་གེར་མི་འགོད་ཅིང་། ཁྱོད་ཀྱིས་གནངས་པའི་དྲིས་ལན་རྣམས་ཀྱང་གསང་རྒྱ་དམ་པོ་མཛད་ངེས་ཡིན། ཉིད་ཀྱིས་དོན་དངོས་ཇི་བཞིན་འབྲི་བར་མཁྱེན། ཁྱོད་ཀྱི་གནས་ཚུལ་ངོ་མའམ་བསམ་ཚུལ་དང་མཐུན་པའི་བདམས་ཚན་ནང་རྟགས་བརྒྱབ་ཆོག་ལ། ཡང་ན་འཕྲེད་ཐིག་སྟེང་སྒེར་གྱི་བསམ་ཚུལ་བྲིས་ཀྱང་ཆོག བྱ་བ་འདིར་རོགས་སྒྲུབ་ཡོང་བའི་བཀའ་དྲིན་ཞུ་ཞེས་བཀོད་འདུག ཡིག་ཆ་དེར་མགོ་མཇུག་དང་ཚན་པ་ག་ཚོད་ཡོད་པ་གསལ་བོ་མི་འདུག་མོད། འདི་གར་འབྱོར་བར་ཤོག་ངོས་ ༡༠ དང་། དོན་ཚན་ ༢༡ ཙམ་འདུག་ལ། ཚན་པ་དེ་དག་གི་ནང་དོན་གཤམ་གསལ་ལྟར་ཡིན།
དང་པོ། ཁྱོད་རང་ཆོས་སྒོར་ཞུགས་པའི་རྒྱུ་རྐྱེན་གཙོ་བོ་གང་ཡིན། རང་གི་དད་པ། ཕ་མ་འམ། ཤ་ཉེ། གྲོགས་པོས་གྲོས་འདོན་བྱས་པ། རྒྱུ་རྐྱེན་གཞན།
གཉིས་པ། ཁྱོད་ལྟར་ན་དགོན་པར་ཞུགས་རྗེས་ཐག་ཆོད་སོང་བའི་གནད་དོན་ཚབས་ཆེ་བ་གང་ཡིན། སློབ་གཉེར་གནད་དོན། འཚོ་བའི་གནད་དོན། བྱ་བའི་གནད་དོན། གནད་དོན་གཞན།
གསུམ་པ། ཆོས་སྒོར་ཞུགས་རྗེས་ཁྱོད་ལ་ཤན་ཤུགས་ཆེས་ཆེ་བ་ཐེབས་མཁན་གྱི་མི་སུ་ཡིན། ཡོངས་འཛིན། རང་དགོན་གྱི་སྤྲུལ་སྐུ། ཆོས་གྲོགས། སྡེ་དམངས་དོ་དམ་ཁང་གི་མགོ་ཁྲིད།
བཞི་བ། དུས་རྒྱུན་ཁྱོད་དང་ཕན་ཚུན་འགྲོ་འོང་བྱེད་པའི་མི་སུ་ཡིན། རང་གི་ཁྱིམ་མི། ཡོངས་འཛིན། ཆོས་གྲོགས། ཡང་ན་མི་གཞན།
ལྔ་བ། ཁྱོད་རང་མི་མང་པོ་འཛོམས་སའི་རྩ་འཛུགས་ཆེ་ཆུང་ནང་ཞུགས་མྱོང་ངམ། ཞུགས་མྱོང་། ཞུགས་མ་མྱོང་། གལ་ཏེ་ཞུགས་མྱོང་བ་ཡིན་ན། ཟླ་རེར་ཐེངས་གཅིག ལོ་ཕྱེད་རེར་ཐེངས་གཅིག ལོ་རེར་ཐེངས་གཅིག དུས་ངེས་མེད།
དྲུག་པ། དོན་ཚན་དྲུག་པའི་ནང་དོན་གློག་ཀླད་ནང་ཧ་ཅང་མཐོང་དཀའ་བས་འདིར་བཀོད་ཐུབ་མ་བྱུང་།
བདུན་པ། ཁྱོད་ཀྱིས་ཕྱི་ཡུལ་དུ་འབྲེལ་གཏུགས་བྱེད་སའི་བརྒྱུད་ལམ་གཙོ་བོ་གང་དག་ཡིན། དྲ་རྒྱ། ཁ་པར། ལག་ཁྱེར། འཕྲིན་སྐུར། སྐད་སྐུར། ཡང་ན་གཞན།
བརྒྱད་པ། ཁྱོད་ལ་འཕྲིན་གསར་ཐོབ་བྱེད་ཀྱི་བརྒྱུད་ལམ་གཙོ་བོ་གང་ཡིན། ཁ་པར། སྦྲག་སྲིད། རླུང་འཕྲིན། བརྙན་འཕྲིན།
དགུ་བ། ཁྱོད་ཀྱིས་རྒྱལ་ནང་གི་རླུང་འཕྲིན་དང་བརྙན་འཕྲིན་སོགས་ལ་ཉན་གྱིན་ཡོད་དམ། གཏན་ནས་མེད། སྐབས་རེར། རྒྱུན་དུ།
བཅུ་བ། ཁྱོད་ཀྱིས་ཕྱི་རྒྱལ་གྱི་རླུང་འཕྲིན་ལ་ཉན་གྱིན་ཡོད་དམ། གཏན་ནས་མེད། སྐབས་རེར། རྒྱུན་དུ།
བཅུ་གཅིག ཁྱོད་ཀྱི་འཚོ་བའི་ཡོང་ཁུངས་གཙོ་བོ་གང་དག་ཡིན། ཁྱིམ་ནས་མཁོ་སྤྲོད། སྦྱིན་བདག་གིས་ཐད་ཀར་སྤྲོད་པ། སྦྱིན་བདག་གིས་དགོན་པ་བརྒྱུད་ནས་སྤྲོད་པ། དགོན་གཞུང་ནས་འགྱེད་གཏོང་། སྲིད་གཞུང་གི་རོགས་རམས། གཞན།
བཅུ་གཉིས། ཁྱོད་ཀྱིས་བསམ་ན་ད་ལྟ་ཁྱོད་ལ་དམ་ཆོས་སློབ་གཉེར་གྱི་ཁོར་ཡུག་དང་ཆ་རྐྱེན་ཅི་འདྲ་འདུག ཧ་ཅང་བཟང་། བཟང་། སྤྱིར་བཏང་། མི་བཟང་།
བཅུ་གསུམ། ཁྱོད་ཀྱིས་དམ་ཆོས་གང་ནས་བསླབས་པ་ཡིན། ནང་བསྟན་སློབ་གླིང་། མཚན་ཉིད་འཛིན་གྲྭ ཡོངས་འཛིན་གྱི་བཞུགས་ཤག ཡང་ན་གཞན།
བཅུ་བཞི། ཉིན་ལྟར་ཁྱོད་ཀྱི་ཆེས་ཆེ་བའི་དཀའ་ངལ་གང་ཡིན། འཚོ་བའི་གནད་དོན། སློབ་གཉེར་གྱི་གནད་དོན། ཡང་ན་གཞན།
བཅོ་ལྔ། ཁྱོད་ལ་སྤྱིར་བཏང་ཞིག་ལ་ཡོད་ཆོག་པའི་དབང་ཆ་དང་འོས་འགན་ཡོངས་སུ་འཛོམས་ཡོད་དམ། མེད། ཡོད། གསལ་བོ་མི་ཤེས།
བཅུ་དྲུག ཁྱོད་རང་ཕྱི་ཡུལ་ལ་ཆོས་སློབ་ཏུ་སོང་མྱོང་ཡོད་དམ། སོང་མྱོང་། སོང་མ་མྱོང་།
བཅུ་བདུན། གལ་ཏེ་ཁྱོད་རང་ཕྱི་ཡུལ་ལ་ཆོས་སློབ་ཏུ་སོང་ཡོད་ན་ཆོས་སློབ་པའི་དུས་ཡུན་ག་ཚད་འགོར་ཡོད། ལོ་གཅིག ལོ་གཅིག་ནས་གསུམ། ལོ་གསུམ་ནས་ལྔ། ལོ་ལྔ་ལས་ལྷག
བཅོ་བརྒྱད། ཁྱོད་ཀྱིས་བལྟས་ན། ཐེངས་འདིར་ལྷ་ས་དང་བོད་ཡུལ་གཞན་ནས་བྱུང་བའི་གྲྭ་བཙུན་སྐོར་ཅིག འཕྲོག་བཅོམ་བསྲེགས་གསུམ་གྱི་ལས་སུ་ཞུགས་པ་དེ། དམ་པའི་ཆོས་ཀྱི་དགོངས་དོན་དང་། འདུལ་བའི་བསླབས་ཁྲིམས་གཉིས་སུ་རྒྱབ་འགལ་བྱས་སོང་འདོད་དམ། འདོད། མི་འདོད། མི་ཤེས།
བཅུ་དགུ། དགེ་འདུན་པའི་ཁྲོད་དུ་སྤྲུལ་སྐུའི་མཚན་སྙན་ཕྱོགས་གང་དག་ནས་རྒྱས་བཞིན་ཡོད་དམ། ཆོས་སློབ་པའི་ཕྱོགས། དགོན་པའི་དོ་དམ་གྱི་ཕྱོགས། དགོན་པའི་མཚན་སྙན་གྱི་ཕྱོགས། དགོན་པའི་དཔལ་འབྱོར་གྱི་ཕྱོགས། ཆབ་སྲིད་ཀྱི་ཕྱོགས།
ཉི་ཤུ། དགོན་པའི་དོ་དམ་ལྷན་ཁང་གི་བྱ་བར་ཁྱོད་ཀྱིས་གདེང་འཇོག་གང་འདྲ་བྱེད་ཀྱིན་ཡོད་དམ། ལེགས། མི་ལེགས། ད་དུང་ལེགས་བཅོས་བྱ་དགོས། བཤད་དཀའ།
ཉེར་གཅིག ཁྱོད་ཀྱིས་བལྟས་ན་ཆོས་ལུགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་གང་འདྲ་འདོན་སྤེལ་གནང་ཡོད་དམ། ཕན་པ་གནོད་པ་ལས་ཆེ། གནོད་པ་ཕན་པ་ལས་ཆེ། ཕན་གནོད་གཉིས་ཀ་མཆིས། གསལ་བོ་བཤད་དཀའ། ཞེས་བཀོད་འདུག
གོང་གི་ཡིག་ཆ་མཁོ་སྤྲོད་བྱེད་མཁན་ལ། ཡིག་ཆ་དེར་གྲྭ་བ་ཚོས་ལན་འདེབས་གང་འདྲ་རྒྱག་གིན་ཡོད་པ་དང་། ཡིག་ཆའི་ནང་དོན་ཐད་དགོན་པའི་ནང་དུ་བསམ་ཚུལ་གང་འདྲ་ཡོང་གིན་ཡོད་མེད་སྐད་ཆ་དྲིས་པར་ཁོང་གིས། དགེ་འདུན་པ་མང་ཆེ་བས་ཡིག་ཆ་དེར་ལན་འདེབས་ཚིག་གཅིག་ཀྱང་བྱེད་ཀྱིན་མེད་པར་ཕྱིར་སྤྲོད་ཀྱིན་འདུག འགའ་རེ་ཡིས་ཡིག་ཆའི་སྟེང་གི་བདམས་གསེས་རྣམས་སྟོང་བར་བཞག་སྟེ། ཟུར་དུ་རང་ཉིད་སྒེར་གྱི་བསམ་ཚུལ་དང་རེ་འདུན་སོགས་བྲིས་ཏེ་སྤྲོད་ཀྱིན་འདུག དགོན་པའི་བླ་སྤྲུལ་དང་གྲྭ་བ་རྒན་པ་ཚོས། ཐེངས་འདིའི་བྱ་འགུལ་ལ་གཟབ་གཟབ་བྱོས། ཚོད་ལྟ་འདིའི་དམིགས་ཡུལ་དང་རྒྱབ་ལྗངས་སོགས་ལ་ཚོད་དཔག་བྱེད་དཀའ་བ་ཞིག་རེད་ཟེར་གྱིན་འདུག་ཅེས་བརྗོད་བྱུང་།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese