མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོའི་མཚན་ཉིད།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

དམངས་གཙོ་ནི་ཚང་མར་རྒྱུས་ཆེ་བའི་ཐ་སྙད་ཅིག་ཡིན་སྲིད། འོན་ཀྱང་། གཅིག་སྡུད་རིང་ལུགས་ཀྱི་གཞུང་དང་དམག་མིའི་དབང་བསྒྱུར་བ་དག་གིས་རང་ཉིད་ལ་རྒྱབ་སྐྱོར་རག་ཆེད་དམངས་གཙོ་ཞེས་པའི་དར་ཆ་མཐོན་པོར་འཕྱར་བཞིན་པའི་དུས་སྐབས་འདི་འདྲ་ཞིག་ཏུ། དམངས་གཙོ་ནི་ད་དུང་གོ་བ་ནོར་ཞིང་བེད་སྤྱོད་ལོག་པར་གཏོང་བཞིན་པའི་འདུ་ཤེས་ཤིག་ཡིན། དེ་ལྟར་ཡང་། དམངས་གཙོའི་བསམ་བློ་དག་གིས་ལོ་རྒྱུས་ཐོག་ཆེས་གཏིང་ཟབ་ཅིང་ཡིད་འགུལ་ཐེབས་པའི་འགྲོ་བ་མིའི་རིགས་ཀྱི་རྣམ་དཔྱོད་དང་མངོན་འདོད་ཀྱི་སྨྲ་བརྗོད་དག་འཁྱེར་ཡོང་ཡོད།

འཛམ་གླིང་དག་ཡིག་གི་ནང་དུ། དམངས་གཙོའི་མཚན་ཉིད་ནི། མི་དམངས་ཀྱིས་བཙུགས་པའི་སྲིད་གཞུང་གི་ནང་དུ་བླ་ན་མེད་པའི་དབང་ཤུགས་ནི་མི་དམངས་ལ་ཡོད་ཅིང་། མི་དམངས་ཀྱིས་ཐད་ཀར་རམ། ཡང་ན། རང་དབང་གི་འོས་བསྡུའི་ལམ་ནས་སླེབས་པའི་ཁོང་ཚོའི་འཐུས་ཚབ་བརྒྱུད་གཞུང་གི་ལས་དོན་ལག་བསྟར་བྱེད་པ་ཞིག་ཏུ་འགྲེལ་ཡོད། ཨབ་ར་ཧམ་ལིན་ཁོན་གྱི་གསུང་དུ། དམངས་གཙོ་ནི་མི་དམངས་ཀྱི་ཆེད་དུ། མི་དམངས་ཀྱིས་བཙུགས་པའི། མི་དམངས་ཀྱི་གཞུང་ཞིག་ཡིན་པར་བསྟན་ཡོད།

ནམ་རྒྱུན་དམངས་གཙོ་དང་རང་དབང་གཉིས་ནི་གཅིག་གིས་ཅིག་ཤོས་ཀྱི་ཚབ་ལྟ་བུར་སྤྱོད་ཀྱི་ཡོད། ཡིན་ནའང་འདི་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་མིན། དམངས་གཙོ་ནི་དོན་དངོས་ཐོག་རང་དབང་གི་སྐོར་གྱི་རྩ་དོན་དང་བསམ་བློའི་རྣམ་གྲངས་ཤིག་ཡིན། དེའི་ཁར། འདིའི་ནང་དུ་ལོ་རྒྱུས་ཀྱི་དུས་ཡུན་རིང་པོ་དང་ནམ་རྒྱུན་ཀྱག་ཀྱོག་གི་ལམ་ནས་བཟོ་སྣོན་བྱས་པའི་ལག་ལེན་དང་བརྒྱུད་རིམ་ཁག་ཀྱང་འདུ། མདོར་བསྡུས་ནས་བཤད་ན། དམངས་གཙོ་ནི་རང་དབང་གི་སྒྲིག་འཛུགས་རང་བཞིན་ཞིག་ཡིན། འདིའི་རྐྱེན་གྱིས། སྤྱི་ཚོགས་གང་ཞིག་གི་ནང་དུ་ཡོད་པའི་སྲིད་གཞུང་གི་གཞི་རྩའི་རྩ་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ཐོག་གི་འདྲ་མཉམ་བཅས་ནི་གོ་དོན་མ་ནོར་བར་དམངས་གཙོ་ངོ་བོར་གནས་རྒྱུ་གལ་ཆེན་པོ་ཡིན།

དམངས་གཙོ་ནི་རྩ་བའི་ཆ་ནས་རིགས་གཉིས་ཀྱི་ནང་དུ་འདུ། ཐད་ཀའི་དམངས་གཙོ་དང་འཐུས་མིའི་དམངས་གཙོ་ཡིན། ཐད་ཀའི་དམངས་གཙོའི་ནང་དུ། འོས་འདེམ་བརྒྱུད་སླེབས་པའམ་བསྐོ་འཇོག་བྱས་པའི་ལས་བྱེད་ཀྱི་བར་འདུམ་མེད་པར་མི་སེར་ཚང་མ་སྤྱི་ཚོགས་ཀྱི་ལས་དོན་ཐག་གཅོད་བྱེད་པའི་ཁྲོད་མཉམ་ཞུགས་བྱེད་ཆོག འདི་ལྟའི་ལམ་ལུགས་ནི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་དང་ཚོ་ཁག་གི་ཚོགས་འདུ་ལྟ་བུ། ངལ་རྩོལ་མཐུན་ཚོགས་དང་ས་གནས་མཉམ་ལས་ཀྱི་ཚོགས་མི་དག་ཁང་བ་གཅིག་གི་ནང་འཛོམས་ནས་གྲོས་བྱས་ཤིང་སྤྱི་མོས་དང་མང་མོས་འོས་བསྡུའི་ལམ་ནས་ལས་དོན་ཐག་གཅོད་བྱེད་པ་ལྟ་བུ་མི་འབོར་ཉུང་བའི་རིགས་ལ་མ་གཏོགས་ལག་ལེན་བསྟར་མི་ཐུབ་པ་མངོན་གསལ་ཡིན། གནའ་བོའི་ཨ་ཐན་དུ། འཛམ་གླིང་གི་དམངས་གཙོ་ཐོག་མ་དེ་ཚུགས་སྐབས་མི་ ༥༠༠༠ ནས་ ༦༠༠༠ བར་འཛོམས་ཏེ་ལས་དོན་ཐག་གཅོད་བྱས་པ་རེད།

དེང་དུས་ཀྱི་སྤྱི་ཚོགས་ནི་ཁོའི་རྒྱ་ཁྱོན་དང་དཀའ་རྙོག་སྣ་མང་གི་དབང་གིས་ཐད་ཀའི་དམངས་གཙོའི་ལམ་ནས་ཡོང་ཁག་པར་གྱུར་ཡོད། སྤྱི་ཚོགས་ཕལ་ཆེ་བ་ནི་མུ་མཐུད་དུ་མི་འབོར་ཇེ་མང་དང་རྒྱ་ཆེ་རུ་འགྲོ་གི་ཡོད་སྟབས་ས་གནས་གཅིག་ལ་འཛོམས་ནས་སོ་སོའི་མི་ཚེ་དང་འཚོ་བ་ལ་འབྲེལ་བའི་གནད་དོན་ཐག་གཅོད་པའི་ཕྱིར་ཐད་ཀར་འོས་འཕེན་ཐུབ་རྒྱུའི་གོ་སྐབས་ཇེ་ཕྲར་གྱུར་ཡོད།

ད་སྐབས་རྒྱལ་ཁབ་ཅིག་གི་མི་འབོར་ས་ཡ་ ༥༠ ཡིན་ནའང་འདྲ། གྲོང་བརྡལ་ཞིག་གི་མི་འབོར་ ༥༠༠༠༠ ཡིན་ནའང་འདྲ། འདི་དག་གི་ཡོངས་ཁྱབ་ཀྱི་དམངས་གཙོའི་རྣམ་པ་ནི་འཐུས་མིའི་དམངས་གཙོའི་ལམ་ལུགས་ཡིན། དེར་མི་སེར་རྣམས་ཀྱིས་རང་རང་གི་ངོ་ཚབ་ལས་བྱེད་བདམས་ཤིང་། ངོ་ཚབ་དེས་ཆབ་སྲིད་ཀྱི་ལས་དོན་ཐག་གཅོད་དང་། ཁྲིམས་བཟོ་བ། མང་ཚོགས་ཀྱི་ཆེད་དུ་གཞུང་གི་ལས་རིམ་སྒྲིག་པ་སོགས་བྱེད་ཀྱི་ཡོད།

 

རང་དབང་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

སྐར་མ ༣༦ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese