མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནག་ཁུང་ནང་གི་ནག་འདེད།

བོད་ཀྱི་དུས་བབ།
༢༠༠༨/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༣༠ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་པའི་སྐུ་ཚབ་རྣམ་པ་ཕྱིར་རྒྱ་གར་དུ་ལོག་ཕེབས་བྱུང༌། གྲོས་མོལ་གྱི་ནང་དོན་ད་དུང་སླེབས་མ་སོང༌། བཤད་རིན་མེད་ནའང་འདྲ་ལ། བཤད་སྲོལ་མེད་ནའང་ཆོག ཕྱི་གསལ་ནང་གསལ་བཟོ་དགོས་པ་དབུར་བཞུགས་ལྷན་རྒྱས་ཚོའི་ལས་འགན་ཡིན་ལ། ཛ་དྲག་གཉན་འཕྲང་གི་དུས་ཚོད་འདིའི་འོས་བབས་ཀྱང་ཡིན། བོད་ཕྱི་ནང་གཉིས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ་སོགས་བོད་དོན་ལ་ཐུགས་འགན་བཞེས་མཁན་དང༌། ཐ་ན། མིའི་རིགས་ཀྱི་རང་དབང་དང་འདྲ་མཉམ། ཞི་བདེ་དང་ཀུན་སྤྱོད་ལ་དོ་ཁུར་བྱེད་མཁན་ཡོངས་ཀྱིས་མིག་ཧྲིག་ཧྲིག་གིས་བལྟ་ས་དང༌། ཨ་ཅོག་གྲུང་གྲུང་གིས་ཉན་ས་བོད་རྒྱའི་གྲོས་མོལ་ཐེངས་བརྒྱད་པའི་མཇུག་འབྲས་འདི་ཡིན།

   དེར་མ་ཟད། འཚོགས་ལ་ཉེ་བའི་བོད་དོན་དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞིའི་ཐད། མི་དམངས་ཚོས་དགོངས་པ་བཞེས་སྟངས་དང༌། ཚོགས་འདུ་དངོས་གཞིའི་སྐབས་རྩ་དོན་ལ་གྲོས་བསྡུར་བྱེད་ཕྱོགས་ལའང་ཐེངས་འདིའི་འབྲེལ་མོལ་གྱི་ནང་དོན་དང་འབྲེལ་བ་དམ་ཟབ་ཡོད་མོད། ལེགས་ཉེས་ཅི་བྱུང་གི་འཕྲིན་གསར་རྒྱ་གར་ལྡི་ལི་ནས་བཀའ་བློན་ཁྲི་པས་འཕྲོག་སོང་བ་འདིས་ད་ལྟ་ཕྱོགས་མཐའ་ཁག་ན་བསྡུ་རུབ་བྱེད་བཞིན་པའི་མི་དམངས་ཀྱི་བསམ་ཚུལ་དེ་ཡང༌། སྐབས་བབས་ཀྱི་གནས་སྟངས་ལ་གཞིགས་པའི་མི་དམངས་ཀྱི་བསམ་ཚུལ་རྣལ་མ་ཞིག་གི་ཚབ་བྱེད་དཀའ་བའི་གནས་སུ་བསྐྱལ། འདི་ལྟར་ནག་ཁུང་ནང་ནས་མི་དམངས་ནག་འདེད་བྱས་ན། ཀླུད་ཤར་ན་ཡོད་ན། གཏོ་ནུབ་ཏུ་ཕངས་པའི་དཔེ་རུ་འགྱུར་མི་སྲིད་པའི་ངེས་པའང་མེད།

   སྤྱིར་ཐེངས་འདིའི་གྲོས་མོལ་གྱི་མཇུག་འབྲས་ཀྱང་དེ་འདྲའི་ལྐོག་གྱུར་ཞིག་མིན་པར། སྐུ་ཚབ་རྣམ་གཉིས་ཕྱིར་སླེབས་པ་མ་ཐོས་སྔོན་ལ། རྒྱ་ནག་གཞུང་ནས་རྒྱུན་འཁྱོངས་བྱ་དགོས་པ་གསུམ་གྱི་འགན་ཁུར་བཞག་ཡོད་པ་ཐོས་བྱུང༌། ད་དུང༌། ལག་བསྟར་བྱེད་བཞིན་པའི་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་དེ། ཀྲུང་གོའི་རྩ་ཁྲིམས་ནང་གཏན་འབེབས་ཁ་གསལ་བྱས་ཡོད། དེ་ནི་བོད་ལྗོངས་ཀྱི་ཆེས་མཐོ་བའི་ཆབ་སྲིད་གནས་བབས་ཡིན་ཚུལ། བོད་རང་བཙན་མི་ཆོག་ལ་རང་བཙན་ཕྱེད་ཀྱང་མི་ཆོག རྣམ་པ་འགྱུར་བའི་རང་བཙན་མི་ཆོག ཐ་ན། རྒྱལ་ཕྲན་མཉམ་འབྲེལ་དང༌། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱང་མི་ཆོག གནས་བབས་འདི་ལ་དུས་ནམ་ཞིག་དང་གནས་ཚུལ་གང་ཞིག་གི་འོག་ནས་ཀྱང༌། འགྱུར་བ་དང་གཡོ་གཟིར་སྤུ་ཙམ་ཡང་མེད། ཅེས་ཚིག་ཐག་ཆོད་པོས་མཐའ་ཚིག་བསྒྲགས་ཡོད་པ་དང༌། ད་དུང༌། ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་སྲིད་བྱུས་ལ་རྩ་བ་ནས་འགྱུར་བ་གཏོང་དགོས་ཚུལ་ཧམ་བཤད་བྱས་ཡོད་པ་ཡང་ཐོས་བྱུང༌།

   འདི་ནི་བོད་རྒྱ་ཞི་མོལ་ཐེངས་བརྒྱད་པའི་མཇུག་འབྲས་ཤིག་ཏུ་ངོས་འཛིན་བྱེད་ཆོག་ལ། འདི་ནི་དམིགས་བསལ་ཚོགས་ཆེན་ཐོག་གི་གྲོས་གཞི་གལ་ཆེན་ཞིག་ཏུ་རྩིས་ཆོག འདི་ནི་འདས་པའི་ལོ་ངོ་ལྔ་བཅུའི་རིང་རྒྱ་གཞུང་གིས་རྙེད་རྟོགས་བྱུང་བའི་གདེང་སྤོབས་ཡིན་ལ། འདི་ནི་རྒྱལ་སྤྱིའི་གནས་བབ་འོག་ནས་བོད་དོན་བསྐྱར་དུ་བསྔོག་འདོན་དགོས་པའི་ཉེན་བརྡ་ཡིན། འདི་ནི་རྒྱ་ནག་གཞུང་གི་ཞེ་གཏིང་ན་ཉར་ཡོད་པའི་དམིགས་འབེན་ཡིན་སྲིད་ལ། འདི་ནི་༧གོང་ས་མཆོག་གིས་རྩ་དོན་བགྲོ་གླེང་བསྐྱར་དུ་བསྐུལ་པའི་དགོས་དམིགས་དེ་ཡིན་སྲིད། འདས་པའི་ ༡༩༩༦ ལོ་ནས་ ༢༠༠༨ བར་གྱི་ལོ་འཁོར་བཅུ་གཉིས་རིང་བོད་གཞུང་དམངས་གཉིས་ཀྱི་ཚོད་ལྟ་རིང་མོ་འདིའི་གོ་རིམ་ཁྲོད། ང་ཚོར་བསླབ་བྱ་ཞིག་ཐོབ་པ་ནི། རང་བཙན་བརྩད་ཀྱང་ཆོག་ལ། དབུ་མར་བརྩོན་ཡང་འཐུས། ཁ་ནས་འཆད་ཉན་བྱས་ནས་ལྷོད་པོར་སྡོད་རྒྱུའི་གཞུང་ལུགས་ཤིག་མིན་པར། དངོས་སུ་ལག་བསྟར་བྱས་ཏེ་གོམ་པ་རྒྱག་སའི་གཞུང་ལམ་ཞིག་ཡིན་པ་འདི་རེད།

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. ངག་དབང་། says:
    ལོ་ 17 སྔོན།

    from ngawan

    Reply
  2. འཁྱམས་པོ། says:
    ལོ་ 17 སྔོན།

    དུས་བབ་རྩོམ་སྒྲིག་པ་ལྷན་རྒྱས་མཆོག་གི་སྙན་ལམ་དུ་ཞུ་གསོལ།

    ཕྲན་འཁྱམས་པོ་ནས་ཉེ་སྔོན་ཞིག་ལ་ཁྱེད་ཚང་ལ་སྙན་ཞུ་ཞིག་ཕུལ་ཡོད་མོད། དེའི་ལན་དུ་དུས་བབ་གསར་འགོད་པ་ཨ་རིག་འགྱུར་མེད་མཆོག་ནས་རེ་ཞིག་སྒུག་དང་རྩོམ་སྒྲིག་པ་ལས་དོན་ཞིག་གི་ཆེད་དུ་ལས་ཁུངས་དུ་མེད་སྟབས། ཕྱིར་འབྱོར་མ་ཐག་ཁྱེད་རང་ལ་དུས་བབ་ཚང་གི་ཟིན་བྲིས་སྒོ་ཕྱེ་ཆོག་གསུང་ནས། ད་བར་དུ་བདུན་ཕྲག་གཉིས་འགྲོ་གྲབས་འདུག་ན། ང་རང་ལ་དེའི་ཐད་ཀྱི་ལན་གསལ་བོ་ཞིག་གནོང་རོགས་ཞུ།
    འཁྱམས་པོ་ནང་གི་འཁྱམས་པོ་ང་ལ་བོད་ཀྱི་སྐད་ཡིག་དྲ་ཚིགས་འདིས་ནང་གི་གནས་ཚང་ཞིག་དངོས་ནས་དགོས་འཁོ་ཡོད་པ་དེ་ནི་ལྟོགས་པ་ཟས་ལ་རྔམ་པ་ལྟར་རེ་སྒུག་གི་ངང་དུ་དུས་བབ་ཚང་གི་ལན་སྙན་མོ་ཞིག་ནམ་འབྱོར་ལ་སྒུག་ནས་བསྡད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese