འབྲོང་དར་རྒྱས།
ད་ལན་དམིགས་བསལ་ཚོགས་ཆེན་འདིས་བོད་པ་རང་གི་སྤྱི་ཚོགས་ཆུང་ཆུང་འདི་ཁོ་ན་མ་ཡིན་པར་རྒྱལ་སྤྱིའི་སྒང་ནས་འདི་ལ་དོ་སྣང་ཤུགས་ཆེན་བྱེད་ཀྱི་ཡོད། རྒྱ་གར་གཞུང་ནས་བོད་པ་སྐྱབས་བཅོལ་བ་ཚོར་ཆེད་དམིགས་སྒྲིག་པའི་རྡ་སའི་རི་ངོགས་འདིར་ཁ་སང་དེ་རིང་ཆབ་སྲིད་ཉམས་ཞིབ་པ་དང་བོད་གནས་ཉམས་ཞིབ་པ། ད་དུང་སྦི་སྦི་སི་གསར་ཁང་སོགས་གསར་འགོད་པ་ཚོ་འཚང་ཁ་ཤིག་ཤིག་གིས་བོད་གནས་སྒྲིག་ཅི་ཐུབ་དང་འཛམ་གླིང་སྒང་སྒྲོག་ཅི་ཐུབ་བྱེད་ཀྱི་ཡོད། རྒྱ་ནག་གཞུང་ནས་ཀྱང་འདི་ལ་མིག་གབ་སྲིབ་ཅེར་གྱིས་བལྟ་ཞིང་ཕག་ཉན་བྱེད་ཀྱིན་ཡོད་པའི་སྒང་རེད། ད་དུང་བོད་པ་ཁ་ཤས་ཚོགས་ཆེན་འདི་ལས་རེ་བ་གསར་བ་ཞིག་རྙེད་པར་ཡིད་ཆེས་བྱེད་ཀྱི་ཡོད། ཁ་ཤས་ཀྱིས་ཚོགས་ཆེན་ལ་སེམས་ཁྲལ་དང་ཤུགས་རིང་འདོན་གྱིནཡོད། འདི་དག་ནི་བོད་གནས་ལ་ཅུང་བསམ་བློ་གཏོང་མཁན་ཚོ་ཡིན་ལ་ཁ་ཤས་ནས་དེ་ཚོར་བ་དང་བསམ་ཚུལ་ཅི་ཡང་མེད་མཁན་གྱི་རིགས་ཤིན་ཏུ་མང༌།
ངས་རྡ་སའི་རི་ངོགས་ཀྱི་ཚོགས་ཆེན་འདི་ལ་རི་འདབས་ནས་ལྟ་བཞིན་ཡོད་ལ་སེམས་ཁྲལ་དང་དོགས་པ། ཡིད་ཆེས་དང་རེ་སྒུག་སོགས་ཅིག་ཅར་གྱིས་བརྡོལ་ཡོང་བ་ཞིག་རེད། རྩ་བའི་ཆ་ནས་ད་ལན་གྱི་ཚོགས་ཆེན་བསྡུ་བསྐོང་གི་དམིགས་འབེན་དེ་གཞི་རིམ་མང་ཚོགས་དཀྱུས་མའི་བསམ་འདུན་དག་བཅོས་སླད་བསྒྱུར་བཀོད་མེད་པར་ཚོགས་སྟེགས་སུ་སླེབས་ཐུབ་པ་བྱ་རྒྱུ་ཡིན་ལ། བསམ་ཚུལ་དེའི་འབྱུང་གཞི་ནི་ད་ལོའི་བོད་ནང་གི་ཛ་དྲག་བྱུང་རྐྱེན་དང་བོད་ལ་འཛིན་པའི་རྒྱལ་སྤྱིའི་གནས་བབ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སོགས་གཞི་བཏིང་བའི་ཐོག་ནས། བོད་གཞིས་བྱེས་གཉིས་དང༌། གཞུང་མང་གཉིས་སོགས་བོད་ཀྱི་རྩ་དོན་ཐོག་ལ་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་དང་འཆར་གཞི་ཇི་ལྟར་འདིང་དགོས་མིན་དེ་ཡིན།
ཡིན་ཡང་སྲིད་དོན་ཁ་ལ་འཁྱེར་བའི་མི་བུ་འགས་འཕྲལ་ཕུགས་རྒྱང་གསུམ་གྱི་གནད་ལ་ཞིབ་འཇུག་དང་རྒྱུས་ལོན་མེད་པར། རང་ཉིད་ཀྱི་འདོད་པ་དང་དགོས་འདུན་གཞི་རྩར་ཉར་པའི་ཐོག་ནས་བཤད་རྐྱང་གི་སྤྱོད་ཚུལ་འདིས་གཞི་རྩའི་ལྷག་བསམ་ལ་སྐྱོན་མེད་ཀྱང༌། དེ་འོས་འཚམས་ཡིན་མིན་དང་ཕན་འབྲས་ཐོན་མིན། དུས་བབ་ཡིན་མིན་སོགས་ལ་མ་ལྟས་པར་བསམ་བློའི་ནང་གང་དྲན་དེ་ཁ་ནས་བཤད་རྐྱང་བྱ་རྒྱུ་ཤིན་ཏུ་ནས་ཉེན་ཁའི་གནས་ཤིག་ཡིན། ལ་ཤས་ནས་རྩ་དོན་ཆེད་དུ་ལས་འགུལ་མ་སྤེལ་བར་ལས་འགུལ་གྱི་ཆེད་དུ་ལས་འགུལ་སྤེལ་པའི་ཚུལ་མིན་གྱི་སྣང་ཚུལ་ཞིག་ཀྱང་མཐོང་ཡོང༌། འདི་རང་རེ་བོད་མི་ཡོད་དོ་ཅོག་གིས་གཟབ་ནན་དང་བསམ་གཞིགས་བྱེད་དགོས་པའི་དོན་གྱི་དམ་པ་ཡིན་སྙམ།
སྤྱོད་ཚུལ་འདི་དག་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ནས་འཚོགས་རྒྱུའི་དམིགས་བསལ་ཚོགས་ཆེན་མ་སླེབས་གོང་གི་རྡ་སའི་བྲོ་ར་འདིའི་གནས་སྣང་རེད། མཐོང་སྣང་གི་ཚུལ་འཆོས་འདི་ལ་ང་རང་ཚོས་བློ་སེམས་གཅིག་སྒྲིམ་གྱིས་བསམ་ཞིབ་དང་དགོས་འདུན། མངོན་འདོད་དང་གྲུབ་འབྲས་བཅས་ལ་ཤོག་བུ་རླུང་འཚང་གི་དཔེ་ལ་མ་སོང་བར་བོད་མི་སྤྱི་དང༌། ལྷག་དོན་ཤེས་དཔྱོད་པ་དང་ཆབ་སྲིད་ཆེད་ཞིབ་པ་ཚོས་རྐང་འགན་བླངས་ཏེ། དམིགས་འབེན་རྒྱ་བསྐྱེད་ཀྱི་ལས་རིམ་ལག་ལེན་དང་སྦྱར་ཏེ་བཤད་སྦྱངས་བྱ་དགོས། དེ་འདྲ་མ་བྱས་ཚེ་འཛམ་གླིང་གི་གསར་འགོད་པ་དང་གསར་འགྱུར་འཁོད་གཏོང་ལས་རིགས་ཀྱི་རྒྱང་ཤེལ་རྡ་སའི་རི་ངོགས་འདིར་གཏད་ཡོད་པས་ཡིན། འདི་ནི་རང་རེ་ཚད་ལེན་གྱི་གཞུང་ཤིང་ཞིག་ཡིན་དུས་ང་ཚོས་ཅིས་ཀྱང་གཟབ་ནན་མ་བྱས་ན་དགྲ་དགའ་གཉེན་སྡུག་གི་གནས་སུ་མི་འགྱུར་གྲང༌།
ྋགོང་ས་མཆོག་གིས་བཀའ་སྤྱི་གཉིས་ལ་བཀའ་གནང་དུས་བར་ལམ་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་གནང་དགོས་པ་གསལ་སྟོན་བྱས་ཀྱང༌། བཀའ་མངགས་དེ་མང་ཚོགས་ནང་སླེབས་དུས་ལམ་དབུ་མ་དང་རང་བཙན་གཉིས་ཀྱི་འགལ་རྩོད་དང༌། དེ་གཉིས་ལས་གང་ལ་མོས་མཐུན་ཡོད་མེད་ཀྱི་གནད་དེ་བརྩད་ཀྱིན་གདའ། འདི་ནི་ཆབ་སྲིད་པ་ཚོས་རང་རེའི་ནང་ཁུལ་དུ་སྤེལ་བའི་ལས་འགུལ་ཞིག་རེད། ཚུལ་འདི་དག་ལ་བསམ་བློ་རེ་བཏང་དུས་ལས་འགུལ་མང་དག་ཅིག་ནི་སྤེལ་དགོས་སའི་རྒྱ་ནག་གཞུང་ལ་ཁ་མི་གཏད་པར་རང་རེའི་ནང་ཁུལ་ལ་གཏད་པ་ལྟ་བུ་ཞིག་རེད།
སང་ཉིན་ནངས་ཉིན་ནས་བཟུང་ཚོགས་ཆེན་གྱི་འགོ་འཛུགས་རྒྱུ་རེད། དེ་ནི་ཕྱོགས་གཅིག་ནས་ལྟས་ན་དགའ་འོས་པ་ཞིག་རེད། རྒྱུ་མཚན་ནི་བོད་པ་ཡོངས་རྫོགས་ལྷན་དུ་འདུས་ནས་འཛམ་གླིང་གང་ས་ན་མི་མང་གི་བསམ་ཚུལ་བསྡུ་རུབ་ཀྱིས་ཁུར་ཡོང་བའི་འཐུས་མི་ཡོངས་རྫོགས་ཡོད། བོད་པའི་རྩ་དོན་ཆེད་བགྲོ་གླེང་ཞིབ་ལྷོད་ཅིག་གནང་གི་ཡོད་པ་དང༌། ཕྱོགས་གཞན་ཞིག་ནས་བསམ་ན་བློ་འཚབ་སྐྱེས་པ་ཞིག་རེད། རྒྱུ་མཚན་ནི་ཆབ་སྲིད་པ་འགས་རང་སྣང་གང་དྲན་གྱིས་ནང་ཁུལ་ལ་རྙོག་དྲ་བཟོ་རྒྱུའི་ཉེན་ཁ་ཞིག་ཡོད་པས་ཡིན། དྲང་མོ་བཤད་ན་ང་ཚོ་ལམ་དབུ་མར་སོང་ནས་རྩ་དོན་སྒྲུབ་ཆོག་ལ་རང་བཙན་གྱི་ལམ་ཁར་སོང་ནས་རྩ་དོན་སྒྲུབ་ཆོག ད་ལན་ཚོགས་ཐོག་ནས་གླེང་དགོས་པ་ནི་ད་ལོའི་བོད་ནང་གི་ཛ་དྲག་གི་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་ནས་བོད་ཀྱི་རྩ་དོན་ལ་གོ་བསྡུར་བྱ་དགོས་རྒྱུ་དེ་ཡིན། རྩ་དོན་དེ་ཁ་གཡང་ཙམ་མ་ཡིན་པར་དེ་སྒྲུབ་ཐབས་ཀྱི་ལག་ལེན་དང་གྲུབ་འབྲས་ཐོན་མིན་ཡིན། མདོར་བསྡུས་ནས་བཤད་ན་འཐབ་རྩོད་དེ་ལག་ལེན་འཁེལ་ཐུབ་མིན་ལ་བལྟ་རྒྱུ་གཙོ་བོ་ཡིན།
གང་ལྟར་ད་ལན་རྡ་སའི་རི་ངོགས་འདིར་བོད་པ་རང་གི་གསར་འགོད་པ་ཁོ་ན་མ་ཡིན་པར། རྒྱལ་སྤྱྀའི་གསར་འགོད་པ་དང་གསར་འགྱུར་མཁོ་གཏོང་བ་ཚོ་འཚང་ཁ་ཤིག་ཤིག་བྱེད་དུས། རང་རེའི་བོད་དོན་འདི་རྒྱལ་སྤྱི་ཅན་དུ་གྱུར་ཡོད་པའི་ཤེས་བྱེད་ཅིག་དང་དགའ་སྤོབས་ཤིག་ལོས་ཡིན་མོད། ཚོགས་འདུ་གྲོལ་རྗེས་གྲུབ་འབྲས་སོགས་གང་ཡང་མེད་པར་འཐུས་མི་ཚོ་གསར་འགོད་པ་དང་ལྷན་དུ་རང་ཉིད་སྡོད་སར་ཁ་སྟོང་དང་ལག་སྟོང་གིས་ཕྱིར་ལོག་དགོས་ན་ངོ་ཚ་དང་ཕངས་གནས་ཤིག་རེད། དེར་བརྟེན་ད་ལན་ཚོགས་ཆེན་ལ་ཕཻབས་པའི་ཆབ་སྲིད་གནས་ཞིབ་པ་དང། ཆབ་སྲིད་འཛིན་སྐྱོང་བ། ཆབ་སྲིད་ལས་འགུལ་བ། ཆབ་སྲིད་དཔྱོད་ཤེས་པ་ཚོས་ཅིས་ཀྱང་ཐུགས་གཟབ་གནང་དགོས། ལྷག་དོན་ཚོགས་ཞུགས་པ་ཚོས་གཞི་རིམ་མང་ཚོགས་ཀྱི་བསམ་འཆར་གཞི་རྩར་ཉར་བའི་ཐོག་ནས་རྣམ་དཔྱོད་རྩལ་དུ་བཏོན་ནས་བཤད་སྦྱངས་བརྡར་ཤ་ཆོད་པ་ཞིག་གནང་དགོས། འདི་ནི་གོ་སྐབས་ཤིག་དང་ལ་རྒྱ་ཞིག འགན་འཁྲི་ཞིག་ཡིན་པ་བཅས་སོ།།
ཕྱི་ལོ་༢༠༠༨ཟླ་༡༡ཚེས་༡༥ཉིན་གྱི་ཕྱི་དྲོར་བྲིས།
དྲ་གྲོགས་གསར་བ་གངས་ཅན་ལགས་ཕེབས་པར་དགའ་བསུ་ཞུ། ཁྱེད་ཀྱིས་བཤད་པ་འདི་གནས་ཚུལ་ཁུངས་ལྡན་ཡིན་ནམ།
དྲ་གྲོགས་གངས་ཅན་ལགས་ཀྱི་བཤད་པའི་སྐད་ཆ་འདི་ཁུངས་ལྡན་གནས་ཚུལ་ཡིན་ན་ནི། ང་ཚོ་བཙན་བྱོལ་ཚང་གི་ཆབ་སྲིད་མཁས་པ་ཚོས་གཟབ་གཟབ་ངང་སྐད་ཆ་བཤད་ན་མ་གཏོགས། རང་ཁ་གསེར་གྱི་སྒོ་མོ་རང་སྲོག་ལེན་གི་སྟ་རེ་ཟེར་བས་དཔེ་རུ་ཡང་མི་འགྱུར་བས་ངོས་པ་ཡང་མེད་ན། ཐུགས་འཁུར་ཆེ་བཞེས་ཀྱི་ངང་དུ་གཏམ་བཤད་སྤེལ་རོགས་ཞུ་རྒྱུ་ཡིན། ལྷག་པར་དུ་བོད་མི་དམངས་ཀྱི་བདེ་སྡུག་ལ་འགན་ལེན་བྱེད་ཐུབ་པའི་གཏམ་བཤད་གནང་རོགས་ཞུ།
ངས་གོ་ཐོས་ལ་ཤིན་ཧྭ་གསར་ཁང་གི་གསར་འགོད་པ་གསུམ་དྷ་སར་ཐོན་འདུག་ཟེར། བུ་མོ་གཅིག་དང་བུ་གཉིས་འདུག་ཟེར། དེ་ལྟར་བོད་གཞུང་གི་དྲ་གནས་སྟེང་བཀོད་འདུག བོད་ཀྱི་མ་འོངས་པའི་ཁ་ཕྱོགས་ལ་འགྱུར་བ་དང་གྲུབ་འབྲས་ལྡན་པ་ཞིག་འབྱུང་མིན་ཇི་ལྟར་ཡང་རྒྱལ་སྤྱི་སྒང་དུ་དོ་སྣང་བྱ་ཡུལ་དང་ཁྱབ་བསྒྲགས་རྒྱ་ཆེན་པོ་ཞིག་འགྲོ་ས་རེད། ད་དུང་བོད་ནང་དུའང་དོ་སྣང་ཆེན་པོ་བྱེད་ཀྱི་འདུག ཁོ་ཚོས་འདི་ཕྱོགས་ནས་དྲ་བྱང་སློང་གི་འདུག
ཡ་ད྄ྲ་གྲོགས་ལགས། དམིགས་བསལ་ཚོགས་ཆེན་ས྄ྐབས་དམིགས་བསལ་ས྄ྐུ་ཚབ་ར྄ྒྱ་རི་བ྄ློ་གྲོས་དམིགས་བསལ་འགྲོ་དོན་ཆེད་ཕེབས་ཟིན་འདུག དེ་ནི་ཁོང་གི་ཚ་བོ་ཞིག་ས྄ྤྲུལ་ས྄ྐུ་ཁྲི་འདོན་བྱེད་ས་ལ་རེད་འདུག ཁོང་གིས་དམིགས་བསལ་ཚོགས་ཆེན་དང་ཚ་བོ་ཁྲི་འདོན་གཉིས་ལས་ཚ་བོ་ཁྲི་འདོན་གལ་ཆེ་བ་གཟིགས་ཡོད་པ་འད྄ྲ། དེ་ཡིན་དུས་ཁྱོད་ཀྱིས་བལ྄ྟས་ན་ཁོང་གིས་ཚོགས་མིའི་འགན་འཁྲི་ག་ཚོད་ཅིག་བ྄ླངས་ཡོད་པ་ངོས་འཛིན་གནང་ར྄ྒྱུ་ཡིན་ནམ།