མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་འདི་དག་གི་ཉེན་ཁ།

བོད་ཀྱི་དུས་བབ།
༢༠༠༨/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༢༩ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

བདུན་ཕྲག་འདིའི་ནང་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པ་པེ་ཅིན་དུ་ཡོད། ཁོང་ཚོས་པེ་ཅིན་གྱི་དབུ་ཁྲིད་ཚོའི་མཉམ་དུ་བོད་མི་རིགས་འདི་ཀྲུང་ཧྭ་མི་དམངས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་སྡོད་སྟངས་འཚོལ་གིན་ཡོད། བཞུགས་སྒར་ངྷ་སའི་ཅ་ཅོ་ནི་མུ་མཐུད་ནས་ཇེ་མཐོར་འགྲོ་བཞིན་གཞིས་ལུས་མི་དམངས་ཀྱི་མངོན་འདོད་རྩོད་གི་ཡོད། རྩོད་པ་མཐོ་དྲག་ནས་མི་གོ་བའི་ཚད་དུ་གྱུར་འདུག དེའི་ཁར་ནུབ་ཕྱོགས་ཀྱི་གསར་འགོད་པ་ཚོས་རྒྱལ་བ་རིན་པོ་ཆེ་མཆོག་དང་གངས་སྐྱིད་ཀྱི་དབུ་ཁྲིད་རྣམ་པའི་ཁ་འཕྲོག་ནས་གནས་ཚུལ་སྒྲོག་གི་འདུག

བོད་རྒྱ་གཉིས་བར་གྱི་དཀའ་རྙོག་ལྟེ་བ་ནི་བོད་ནང་རྒྱ་ནག་གི་མི་སེར་སྤེལ་བའི་སྲིད་བྱུས་མཚམས་འཇོག་བྱེད་མིན་ལ་ཐུག་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ལམ་སྟོན་འོག་རྒྱའི་མི་སེར་ནི་མེ་འཁོར་དང་རླངས་འཁོར། གནམ་གྲུ་བཅས་བརྒྱུད་དེ་ཉིན་མཚན་མེད་པར་ཆུ་ལོག་ལྟར་བཞུར་ཡོང་གི་ཡོད་ལ། མདོ་དབུས་མཐོ་སྒང་འདི་རྒྱ་མིའི་རྒྱ་མཚོ་རུ་འགྱུར་བཞིན་ཡོད། བོད་མི་རིགས་ཀྱིས་རང་ཉིད་རྒྱ་ནག་གི་མི་ཚོགས་དབུས་ནས་བོར་ཏེ་སླར་བརྙེད་མི་ཐུབ་པར་འགྱུར་གི་ཡོད།

འདི་ལྟའི་གནས་སྟངས་འོག་ང་ཚོས་བོད་དོན་གླེང་གི་ཡོད་ལ། བོད་མིའི་རྩ་དོན་གྱི་ལངས་ཕྱོགས་རྩོད་བཞིན་མཐའ་མར་བོད་ཀྱི་མ་འོངས་པ་དེ་བོད་མི་རིགས་ཀྱིས་ཐག་གཅོད་དགོས་ཟེར་བཞིན། དམིགས་བསལ་གྱི་ཚོགས་ཆེན་ཞིག་ལ་གྲ་སྒྲིག་བྱེད་གི་ཡོད། འོན་ཀྱང་། བོད་མི་རིགས་ཀྱིས་ཐག་གཅོད་འོས་པའི་མ་འོངས་པ་དེ་ད་ལྟ་ནས་རྒྱ་རིགས་རྒྱ་མཚོ་ཆེན་པོའི་ནང་དུ་འཐིམ་གིན་ཡོད་ལ། བོད་མི་རིགས་ལ་རང་གི་ངོ་རྟགས་དང་རིག་གཞུང་། སྐད་ཡིག ཆོས་ལུགས། གོམས་གཤིས་བཅས་ཁེ་གཙང་དུ་ཉར་སའི་ཁོར་ཡུག་ཅིག་ལྷག་དཀའ་བར་གྱུར་ཡོད།

གལ་སྲིད་ང་ཚོར་མི་རིགས་འདི་སྐྱོབ་པའི་ལམ་ཁ་ཉག་གཅིག་ལྷག་ཡོད་ཚེ། དེ་ནི་བོད་དུ་བཞུར་ཡོང་གིན་པའི་རྒྱའི་མི་སེར་གྱི་ཆུ་ལོག་ཆེན་པོ་འདིའི་ཁ་འགོག་པའང་ཁ་བསྒྱུར་ཐབས་བྱེད་རྒྱུ་འདི་ཡིན་ལ། རྒྱལ་སྤྱིའི་རོགས་རམ་དང་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་འོག་ནས་འཛམ་གླིང་སྟེང་གི་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་མཐའ་མ་འདི་མཚམས་འཇོག་བྱེད་དུ་འཇུག་རྒྱུ་འདི་ཡིན་ངེས། འོན་ཀྱང་། ང་ཚོས་རང་བཙན་དང་རང་སྐྱོང་གི་ཁ་ཤུགས་བརྩད་བསྡད་དེ་དམིགས་བསལ་ཚོགས་ཆེན་གྱི་སྟེང་འདི་ལྟའི་གོ་བསྡུར་ཞིག་ཀྱང་བྱེད་ཐུབ་མིན་བཤད་དཀའ་བར་འདུག

ད་རེབ་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པ་ཕྱིར་ཕེབས་ཏེ་༧རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་དམིགས་བསལ་ཚོགས་ཆེན་གྱི་སྟེང་སྙན་ཞུ་འབུལ་དགོས་པ་ཡང་རྒྱ་ནག་གི་རྩ་ཁྲིམས་འོག་ནས་ང་ཚོར་ཆུ་ལོག་ཆེན་པོ་འདི་འགོག་ཐབས་ཤིག་ཡོད་མེད་དང་། ཏང་ཀྲུང་དབྱང་གིས་བོད་འདི་རྒྱ་མིའི་ཆུ་ལོག་གིས་བསྣུབ་ཏུ་འཇུག་པའི་སྲིད་བྱུས་དེ་མཚམས་འཇོག་བྱེད་མིན་བཅས་ཡིན་ལ། འདི་ལ་བརྟེན་ནས་ང་ཚོས་མ་འོངས་པའི་བོད་ཀྱི་རྩ་དོན་འདི་བོད་མི་རང་ཉིད་ནས་ཐག་གཅོད་ཐུབ་མིན་བཤད་དགོས་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༡ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༣ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese