མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་ཚོད་འོས་འཚམ་མིན་ན་ཕེབས་གི་མ་རེད།

བོད་ཀྱི་དུས་བབ།
༢༠༠༨/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་འཛིན་མཱ་ཡུན་ཇིག་གིས་དུས་ཚོད་འོས་འཚམས་ཤིག་གི་སྐབས་སུ་ང་ཚོས་གདན་འདྲེན་གནང་གི་ཡིན་གསུངས་ཡོད་དུས། གཞུང་ཕྱོགས་ནས་༧སྐུ་མདུན་ཕེབས་པར་དཀའ་ངལ་ཞིག་ཡོད་རྒྱུ་རེད་ལ། སྐུ་མདུན་གྱིས་གཞུང་གི་དཀའ་ངལ་དེ་ལ་་དགོངས་པ་བཞེས་ནས་དུས་ཚོད་འོས་འཚམ་མིན་དུས་ཤིག་ལ་ཕེབས་གི་མ་རེད་བསམ་གྱི་ཡོད། ཅེས་བོད་གཞུང་གི་མགྲིན་ཚབ་པས་གསུངས་བྱུང༌།

བདུན་ཕྲག་རེ་གཉིས་ནས་བཟུང་ཐའེ་ཝན་གླིང་ཕྲན་གྱི་གཞུང་དམངས་དང་བརྒྱུད་ལམ་བཅས་སུ་༧གོང་ས་མཆོག་གླིང་ཕྲན་དེར་གདན་འདྲེན་ཞུ་མིན་ལས་འཕྲོས་པའི་གླེང་སློང་ཤུགས་ཆེར་བྱེད་ཀྱི་ཡོད་ལ། ༧གོང་ས་མཆོག་གིས་ཉེ་ལམ་གསར་འགོད་པ་ཚོར། ད་ཆར་རྒྱ་ནག་དང་ཐའེ་ཝན་གཉིས་ཀྱི་འབྲེལ་བ་ཡག་ཏུ་འགྲོ་བཞིན་པར་བརྟེན། ཐའེ་ཝན་ལ་ཕེབས་པའི་དུས་ཚོད་ཡག་ཤོས་ཤིག་ཡིན་པར་གསུངས་ཡོད་ཀྱང༌། ཉིན་ཤས་སྔོན་ཐའེ་ཝན་སྲིད་འཛིན་གྱིས་༧གོང་ས་མཆོག་ཕེབས་པར་དགའ་བསུ་ཡོད་ནའང༌། ད་ལྟའི་ཆར་དུས་ཚོད་འོས་འཚམ་མ་རེད་ཅེས་གསུངས་འདུག

འདིའི་ཐད། བཞུགས་སྒར་གྱི་མཐོ་རིམ་མི་སྣ་ཞིག་གིས་གསུངས་དོན། ཟླ་ཤས་སྔོན་༧གོང་ས་མཆོག་གིས་བཞུགས་སྒར་ནས་ཐའེ་ཝན་དང་སིང་གྷ་པུར་སོགས་ཨེ་ཤ་ཡའི་ནང་བའི་ཆོས་ཞུ་བ་ཚོར་གསུང་ཆོས་གནང་སྐབས། ཐའེ་ཝན་དད་ལྡན་མང་ཚོགས་དང་གཞུང་འབྲེལ་མ་ཡིན་བའི་ཚོགས་པ་འགས་༧གོང་ས་མཆོག་ཐའེ་ཝན་ལ་ཆིབས་བསྒྱུར་གནང་རྒྱུའི་གསོལ་བ་བཏབས་པ་བཞིན་༧གོང་ས་མཆོག་གིས་ཐའེ་ཝན་མི་མང་དང་ཆོས་འབྲེལ་འཛུགས་པའི་དགོངས་གཞི་ཡོད་པ་རེད། ཡིན་ན་ཡང་དམིགས་བསལ་གྱིས་གཏན་འཁེལ་དང་འཆར་གཞི་ད་ལྟའི་ཆར་མེད་ཅེས་གསུངས་བྱུང༌།

ཡང་བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་འདིའི་ཐད་གསུངས་དོན། ༧གོང་ས་མཆོག་འཛམ་གླིང་རྒྱལ་ཁབ་གང་དུ་ཕེབས་ཀྱང་ཆོས་འབྲེལ་གྱི་མཛད་འཕྲིན་གཙིགས་འཛིན་གནང་གི་ཡོད་པ་བཞིན། ཐའེ་ཝན་ལ་ཕེབས་འདུན་ཡོད་པ་ཡང་ཐའེ་ཝན་མི་མང་དང་ཁོང་བར་གྱི་ཆོས་འབྲེལ་གྱི་དབང་གིས་རེད། ཡིན་ན་ཡང་ཐའེ་ཝན་སྲིད་འཛིན་མཱ་ཡུན་ཇིག་གིས་དུས་ཚོད་འོས་འཚམ་ཞིག་གི་སྐབས་སུ་གདན་འདྲེན་གནང་གི་ཡིན་གསུངས་ཡོད་དུས། ད་ལྟའི་ཆར་༧སྐུ་མདུན་ཕེབས་པར་གཞུང་ཕྱོགས་ནས་ དཀའ་ངལ་ཞིག་ཡོད་པ་ཡིན་སྟབས། སྐུ་མདུན་ནས་གཞུང་གི་དཀའ་ངལ་དང་ཐག་གཅོད་དེ་ལ་དགོངས་པ་བཞེས་ནས་དུས་ཚོད་འོས་འཚམ་མིན་དུས་ཤིག་ལ་ཕེབས་གི་མ་རེད་བསམ་གྱི་ཡོད། ཅེས་གསུངས་བྱུང༌། ཁོང་གིས་མུ་མཐུད་དོན། ༧གོང་ས་མཆོག་གི་ཐུགས་རེ་དེ་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང༌། ཐའེ་ཝན་དད་ལྡན་མང་ཚོགས་ཀྱིས་གདན་ཞུ་གསོལ་འདེབས་གནང་བ་བཞིན་རེད། ཡིན་ན་ཡང་ བཙན་བྱོལ་བོད་གཞུང་གི་ངོས་ན་༧གོང་ས་མཆོག་ཐའེ་ཝན་ལ་ཆིབས་བསྒྱུར་གནང་རྒྱུའི་དམིགས་བསལ་གྱི་མཛད་རིམ་དང་འཆར་གཞི་ཡོད་མ་རེད། ཅེས་གསུངས་བྱུང༌། 

སྤྱི་ཟླ་ ༡༡ ཚེས་ ༣༠ ཉིན་ཐའེ་ལྦན་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་༧གོང་ས་མཆོག་ལོ་རྗེས་མའི་ནང་དུ་ཐའེ་ཝན་ལ་ཆིབས་བསྒྱུར་གནང་སྲིད་པའི་སྐོར་བཀོད་པར། སྤྱི་ཟླ་ ༡༢ ཚེས་ ༣ ཉིན་ཐའེ་ཝན་སྲིད་འཛིན་མ་ཡུན་ཇིག་གིས། སྤྱིར་བཏང་ཐའེ་ཝན་གླིང་ཕྲན་ནང་དུ་ཆོས་ལུགས་ཁག་གི་དབུ་ཁྲིད་ཚོ་ཕེབས་པར་དགའ་བསུ་ཞུ་གི་ཡོད་ཀྱང༌། ད་ལྟའི་དུས་འདིར་ཏཱ་ལའི་བླ་མ་ཕེབས་འདོད་ཀྱི་དུས་ཚོད་དེ་འོས་འཚམ་མ་རེད་ཅེས་ཐའེ་པེ་ནས་ གསར་འགོད་པའི་དྲི་བར་ལན་བཏབས་ཡོད་འདུག

གནས་ཚུལ་སྤེལ་བ་ལྟར་ན་སྲིད་འཛིན་མ་ཡུན་ཇིག་གིས་རྒྱས་བཤད་གནང་མེད་ཀྱང༌། ཁོང་གིས་ཟླ་སྔོན་མའི་ནང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་གིས་ཐའེ་ཝན་ལ་ལྟ་སྐོར་སྐབས་ཕྱོགས་གཉིས་བར་དུ་དཔལ་འབྱོར་གྱི་གྲོས་ཆོད་རིམ་པ་མང་པོ་ཞིག་བཞག་ཡོད་པ་དང༌། རྒྱ་ནག་དང་ཐའེ་ཝན་གཞུང་གཉིས་བར་གྱི་ཚོང་འབྲེལ་རྒྱ་བསྐྱེད་བྱ་རྒྱུའི་འདོད་པ་ཡོད་ཚུལ་ལ་ལྟས་ན། མ་ཡུན་ཇིག་གིས་གྲོས་མཐུན་འདི་ལ་བར་ཆད་མི་ཡོང་ཆེད་༧གོང་ས་མཆོག་ཐའེ་ཝན་ལ་ཕེབས་པར་དུས་ཚོད་འོས་འཚམ་མ་རེད་ཅེས་བརྗོད་པ་དང་འབྲེལ་བ་ཡོད་པར་བརྗོད་ཀྱི་ཡོད་པ་རེད། སྲིད་འཛིན་མ་ཡུན་ཇིག་གི་དགོངས་ཚུལ་སྐོར་གྱི་གནས་ཚུལ་སྤེལ་མ་ཐག ཚེས་ ༤ ཉིན་ནས་ཐའེ་ཝན་གྱི་གསར་ལམ་གང་སར་སྲིད་འཛིན་མ་ཡུན་ཇིག་ལ་ངོ་རྒོལ་བྱེད་མཁན་གྱི་གྲོས་ཚོགས་འཐུས་མི་དང༌། དམངས་གཙོ་ཚོགས་པ། ཁྲིམས་བཟོ་བ་དང་མི་མང་སོགས་རིམ་པས་བྱུང་ཞིང༌། གྲོས་ཚོགས་མགྲིན་ཚབ་པ་སྐུ་ཞབས་བཱང་ཅེན་ཕེན་གྱིས། ཆོས་ཕྱོགས་ནས་བཤད་ན་ཏཱ་ལའི་བླ་མ་ནི་ང་ཚོའི་ཡིད་ཆེས་དང་དད་པ་བྱེད་སའི་བཀུར་བར་འོས་པའི་དབུ་ཁྲིད་ཡིན་པས་ང་ཚོས་ངེས་པར་དུ་བསམ་བློ་ཡང་བསྐྱར་གཏོང་དགོས། སྤྱི་ཟླ་ ༥ པ་ནས་སྲིད་འཛིན་མཱ་ཡིས་འཕེལ་རྒྱས་གཏོང་བཞིན་པའི་རྒྱ་ནག་དང་ཐའེ་ཝན་གཉིས་ཀྱི་ཚོང་འབྲེལ་ལ་མ་གནོད་པའི་ཐོག་ནས། ཐའེ་ཝན་གྱིས་ངེས་པར་དུ་ལམ་ཁ་ཞིག་བཙལ་ནས་ཏཱ་ལའི་བླ་མ་ཐའེ་ཝན་ལ་གདན་འདྲེན་གནང་ཐབས་བྱ་དགོས་ཅེས་གྲོས་ཚོགས་སུ་གསུངས་ཡོད་འདུག ཡང་ཁ་གཏད་ཚོགས་པས་སྲིད་འཛིན་མཱ་ཡིས་རྒྱ་ནག་གི་འདོད་པ་བཞིན་ཏཱ་ལའི་བླ་མ་གདན་འདྲེན་གནང་གི་མེད་ཚུལ་བཤད་གི་ཡོད། དམངས་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་ ཧཱང་ཝིས་ཁྲེན་དང་ལའེ་ཆེན་ཁྲིས་གཉིས་ཀྱིས། སྲིད་འཛིན་མཱ་ཡིས་ཐག་གཅོད་བྱས་པ་དེས་ཐའེ་ཝན་རྒྱ་ཆེའི་མི་མང་གི་ཚབ་མཚོན་ཐུབ་གི་མེད། ང་ཚོས་སླར་ཡང་གྲོས་ཚོགས་ལ་ཞུས་ནས་ཏཱ་ལའི་བླ་མ་ཐའེ་ཝན་ལ་གདན་འདྲེན་གནང་བར་འབོད་སྐུལ་ཞུ་རྒྱུ་ཡིན། ཅེས་གསར་འགོད་གསར་བསྒྲགས་སྤེལ་ཡོད་པ་རེད། དེ་བཞིན་དུ་དམངས་གཙོ་ཡར་ཐོན་ཚོགས་པའི་མགོ་ཁྲིད་ཚའེ་ལེན་ཝིན་གྱིས། ཁོ་མོས་ཐའེ་ཝན་ནང་ཁུལ་གྱི་ཆོས་ཚོགས་རྣམས་ལ་མཉམ་འབྲེལ་གྱིས་༧གོང་ས་མཆོག་གདན་འདྲེན་གནང་ཐབས་བྱ་གི་ཡིན་ཅེས་བརྗོད་འདུག

ལོ་ཤས་ནང་ལ་སྲིད་འཛིན་མཱ་ཡིས་ཀྱང་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྒྱུ་དང༌། ༧གོང་ས་མཆོག་གིས་བོད་ལ་རང་སྲིད་རང་སྐྱོང་གི་དགོས་འདུན་འདོན་བཞིན་པར་རྒྱབ་སྐྱོར་བྱས་ཡོད་པ་རེད། སྲིད་འཛིན་མ་ཡུན་ཇིག་ཨི་ཊ་ལིའི་ཁྲིམས་བཟོ་བ་འགའ་དང་མཇལ་འཕྲད་སྐབས་ཁོང་གིས། ཏཱ་ལའི་བླ་མ་ཐའེ་ཝན་དུ་ཐེངས་གཉིས་ལ་ཕེབས་སྐབས་ཐའེ་ཝན་མི་མང་གིས་ཚད་མཐོ་བའི་བརྩི་བཀུར་ཐོབ་ཡོད་ལ། ཐའེ་ཝན་དུ་ཁོང་གི་རྗེས་མཇུག་སློབ་མ་དང་དད་པ་བྱེད་མཁན་ཡང་ཤིན་ཏུ་མང་པོ་ཡོད། ཅེས་བརྗོད་ཡོད་པ་མ་ཟད།  ད་ལོའི་སྤྱི་ཟླ་ ༧ ཚེས་ ༡༢ ཉིན་འཇར་མན་ཚགས་པར་Süddeutschen Zeitung གྱི་གསར་འགོད་པར་ལན་འདེབས་སྐབས། ཁོང་གིས། གལ་ཏེ་ཏཱ་ལའི་བླ་མ་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་གི་ངོས་ནས་ཐའེ་ཝན་ལ་ཆིབས་བསྒྱུར་གནང་འདོད་ཡོད་ཚེ། ང་ཚོའི་ངོས་ནས་ཁོང་ལ་ཕེབས་བསུ་བྱ་གི་ཡིན། ཅེས་བརྗོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༡༩ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

ཆུ་ཚོད་ ༢༤ སྔོན་ལ།
ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

༢༠༢༦/༠༣/༢༦
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese