མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇིགས་སུ་རུང་བའི་མཚོ་སྔོན་པོ།

བོད་ཀྱི་དུས་བབ།
༢༠༠༩/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

གནའ་སྔ་མོར་དད་པ་དང་དུང་ཞེན་ཆེ་བའི་མཚོ་སྔོན་པོ་འདི་ད་ཆར་མཐའ་འཁོར་གྱི་བོད་མི་ཚོར་འཇིགས་སུ་རུང་བའི་དུར་ཁྲོད་ཅིག་ཏུ་འགྱུར་གྱིན་ཡོད་འདུག མཚོ་སྔོན་པོའི་མཛེས་སྡུག་འདི་ལྷག་པར་དུ་འདས་པའི་ལོ་བཅུ་སྟེ། ནུབ་བརྒྱུད་ཐོན་སྐྱེད་ཆེན་མོ་མགོ་བཙུགས་པ་ནས་བཟུང་ཡལ་ཐལ་ཅེས་མཐའ་འཁོར་གྱི་གཞིས་སྡོད་འབྲོག་པ་ཚོས་བརྗོད་ཀྱིན་ཡོད།

མཚོ་སྔོན་ཁྲི་ཤོར་རྒྱལ་མོའམ་མཚོ་སྔོན་པོ་ནི་འཛམ་གླིང་ནང་སྙན་གྲགས་ཆེ་ཞིང་མཛེས་སྡུག་ལྡན་པའི་མཚོ་ཞིག་ཡིན་ལ། ཉེ་བའི་ལོ་འདི་དག་གི་རིང་རྒྱ་ནག་གིས། མཚོ་འདིའི་ནང་ནས་རང་བྱུང་གཏེར་ཚ་འདོན་པ་དང༌། དུག་རྫས་འདྲ་མིན་ཚོད་ལྟ་བྱེད་སའི་བཟོ་གྲྭ་བཙུགས་པ། སྣུམ་ལྡན་མཚོ་གྲུ་འདྲ་མིན་མཁོ་གཏོང་སོགས་ཀྱིས་མཚོ་སྔོན་པོའི་ནང་གནས་པའི་ཉ་རིགས་དང་བྱ་རིགས་མང་པོར་གནོད་སྐྱོན་ཚབས་ཆེན་ཕོག་བཞིན་པ་མ་ཟད། ཉེ་འགྲམ་ཏུ་འཚོ་ཞིང་གཞིས་པའི་འབྲོག་པ་མང་ཚོགས་ཀྱི་ཕྱུགས་ཟོག་མང་པོ་ཤི་སྐྱོན་གྱིས། ས་དེ་གའི་འབྲོག་པ་མང་ཚོགས་ལ་དཀའ་ངལ་འཕར་མ་ཞིག་སྤྲོད་བཞིན་ཡོད་པ་རེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྟ་ནག་མའི་འབྲོག་མི་ཞིག་གིས་བརྗོད་པ་ལྟར་ན། རང་བྱུང་ཁོར་ཡུག་འབག་བཙོག་དང་དུག་རྫས་འདྲ་མིན་གྱི་དུག་རླངས་གིས། ལོ་འདིའི་ནང་ཁྱིམ་ཚང་འདིའི་ལུག ༢༠༠ ལྷག་ཤི་་བ་དང༌། སྤྱི་ལོ ༢༠༠༠ ལོ་ནས་བཟུང་ལུག ༧༠༠ ལྷག་དང༌། གནག་ཕྱུགས་ ༡༠༠ ལྷག་ཤི་སྐྱོན་བྱུང་སོང་ཟེར། འདི་དག་ནི་མཚོའི་ཉེ་འགྲམ་ན་ཡོད་པའི་ཧ་ཡང་བཟོ་གྲྭའི་དུག་རླངས་དང་བཟོ་གྲྭ་དེའི་དུ་བས་བཟོས་པ་ཡིན་ཚུལ་བརྗོད་ཡོད་པ་དང༌། ཁོང་གི་ཁྱིམ་ནི་མཚོ་སྔོན་པོ་དང་བར་ཐག་སྤྱི་ལེ་བཞིའི་མཚམས་སུ་ཡོད་འདུག  གལ་སྲིད་ལུག་གཅིག་ལ་རྒྱ་སྒོར་ ༣༠༠ དང་གནག་ཕྱུགས་གཅིག་ལ་རྒྱ་སྒོར་ ༡༠༠༠ ལ་རྩིས་བརྒྱབ་པ་ཡིན་ན། ལོ་འདི་དག་ནང་ཁོང་གི་ཁྱིམ་ལ་རྒྱ་སྒོར་ཁྲི་ ༣༡ གི་གྱོང་གུད་ཐེབས་ཡོད་ཚུལ་བརྗོད་ཡོད་པ་དང༌། སྔོན་མ་ཁྱིམ་ཚང་འདི་སྡེ་བའི་གྲས་ནས་འབྱོར་ལྡན་གྱི་ཁྱིམ་ཚང་ཞིག་ཡིན་ནའང༌། ད་ལྟ་ཁྱིམ་ཚང་དབུལ་བོའི་གྲས་སུ་ལྷུང་ཡོད་ཚུལ་བརྗོད་ཡོད། དེ་བཞིན་མདའ་བཞི་ཞང་བདེ་སྐྱིད་སྡེ་བའི་རྡོ་བྷོ་ཚང་གི་ལུག་བརྒྱ་ཆ་དགུ་བཅུ་ཤི་ཡོད་པ་དང༌། ད་ལྟ་ལུག་བརྒྱ་ལས་ལྷག་མི་འདུག་ལ། ཁོང་གི་ཁྱིམ་ནི་མཚོསྔོན་པོ་དང་བར་ཐག་སྤྱི་ལེ་ ༡༠ མཚམས་སུ་ཡོད་འདུག གོང་གསལ་གྱི་གྱོང་གུད་འདི་ལྟ་བུ་མཚོ་སྔོན་པོ་མདའ་བཞི་རྫོང་ནང་ཁུལ་གྱི་འབྲོག་སྡེ་མང་པོར་འཕྲད་ཡོད་པ་དང༌། ད་དུང་ཁོང་གཉིས་ལས་ཚབས་ཆེན་གྱི་གྱོང་གུད་ཐེབས་པའི་ཁྱིམ་ཚང་མང་པོ་ཡོད་འདུག ད་ལྟ་དུག་རླངས་འདིའི་རང་བྱུང་ཁོར་ཡུུག་གི་གནོད་སྐྱོན་ཚབས་ཆེ་རུ་ཕྱིན་ཏེ་སྤྱེ་ལེ་ ༣༠ མཚམས་ལ་སླེབས་ཡོད་པ་དང༌། ལོ་གསུམ་གྱི་ཡར་སྔོན་ལ་མེད་པའི་སྣང་ཚུལ་གང་མང་ཞིག་དང་བཅས། ༢༠༠༦ ལོ་ནས་སྤྱི་ལེ་སུམ་ཅུའི་ལམ་གྱི་སྡེ་བ་འདིའི་ནོར་ལུག་མང་པོ་ཞིག་ཤི་སྐྱོན་ཐེབས་ཡོད་འདུག ཁྱིམ་བདག་གཡུ་སྒྲོན་གྱིས་བརྗོད་པ་ལྟར་ན་སྔོན་མ་ཁྱིམ་ཚང་འདིར་ལུག་ ༨༠༠ ལྷག་དང༌། གནག་ཕྱུགས་ ༡༠༠ ལྷག་ཡོད་ནའང༌། ད་ལྟ་ལུག ༣༠༠ དང༌། གནག་ཕྱུག ༥༠ ལས་མེད་པ་དང༌། ཁོར་ཡུག་འབག་བཙོག་དང༌། དུག་རླངས་ཀྱི་རྐྱེན་པས་སྡེ་བའི་ནང་ལུག་དང་གནག་ཕྱུགས་ཀྱི་རུས་པ་སོགས་ཀྱིས་ཁྱབ་ཡོད་པ་དང༌། གཅིག་མཚུངས་ཀྱི་རྟགས་མཚན་ཞིག་ཡོད་པ་ནི། ཤི་ཚད་ལ་སོ་མེད་པ་དེ་རེད་ཅེས་བརྗོད་ཀྱིན་འདུག  གནས་ཚུལ་དེ་དག་ལ་གཞིགས་ཏེ་འབྲོག་པ་མང་ཚོགས་ཀྱིས། ཤུལ་ཏུ་ལུས་པའི་སོ་མེད་ཕྱུགས་ཟོག་དེ་དག་རིན་གོང་དམའ་བོའི་ངང་ནས་གཞན་ལ་བཙོང་གི་ཡོད་པ་རེད། དེ་བཞིན་མཚོ་འདིའི་ཉེ་འགྲམ་དུ་ཡོད་པའི་རོང་པའི་གྲོང་སྡེ་དག་ལའང་གཅིག་མཚུངས་ཀྱི་དཀའ་ངལ་འདི་འཕྲད་བཞིན་ཡོད་འདུག་ལ། ལོ་འདི་དག་ལ་ཞིང་ལས་ས་ཁུལ་གྱི་འབྲུ་དང༌། ནས། སྐེ་ཚེ་སོགས་ཀྱི་ཡོང་འབབ་མི་བཟང་བ་མ་ཟད། འབྲུ་རིགས་འདི་དག་ཡོངས་སུ་སྨིན་མེད་པ་དང༌། མ་སྨིན་པའི་སྔོན་ནས་རུལ་བ་སོགས་མདའ་བཞི་བདེ་སྐྱིད་འདུས་པའི་སྡེ་བ་གསུམ་གྱི་ནང་གི་སྒོ་ཕྱུགས་མཛོ་མོ་སོགས་ ༣༩༧ ཤི་ཡོད་པ་དང༌། ལུག་དང་ར་མ་ ༣༠༢༠ ཤི་ཡོད་པ། ལུ་གུ་ ༤༨༦༡ ཤི་སྐྱོན་ཐེབས་པས་ད་ལྟ་གྲོང་སྡེ་འདི་དག་ནང་ཁྱིམ་ཚང་ ༤༥ ལྷག་དབུལ་སྐྱོར་ཁྱིམ་ཚང་གི་གྲས་སུ་ཚུད་ཡོད་པ་རེད། ཁོར་ཡུག་བརྟག་དཔྱད་པས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་པོའི་ཉེ་འགྲམ་གྱི་ཕྱུགས་ཟོག་དང་ཞིང་ལས་ལ་གནོད་སྐྱོན་ཕོག་དོན་གཙོ་བོ་ནི་ཧ་ཡང་བཟོ་གྲྭའི་རྫས་ F ཡི་དུག་རླངས་གི་གནོད་སྐྱོན་ཡིན་ཚུལ་བརྗོད་ཡོད་པ་དང༌། བཟོ་གྲྭ་འདི་གཞི་བྱས་ཏེ་ཤར་ལྷོ་མཚམས་ཀྱི་སྤྱི་ལེ་ ༤༠ དང༌། ནུབ་བྱང་མཚམས་ཀྱི་སྤྱི་ལེ་ ༡༠ སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༢༥༠ ཡི་མཚམས་སུ་དུག་རླངས་འདིས་གནོད་སྐྱོན་ཕོག་སའི་ས་ཁུལ་ཆགས་ཡོད་པ་དང༌། ས་ཁོངས་འདིའི་ནང་མདའ་བཞི་ཞང་ནང་ཁུལ་གྱི་སྡེ་བ་ཡོད་ཚད་འདུས་ཡོད་པ་མ་ཟད། མུ་མཐུད་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད་ཚུལ་བརྗོད་ཡོད་པ་རེད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཧ་ཡང་བཟོ་གྲྭ་འདི་ནི། ༡༩༩༥ ལོར་བཙུགས་པ་དང༌། རྒྱ་ནག་གཞུང་གིས་འབྲོག་པ་མང་ཚོགས་དང་ཁོར་ཡུག་ལ་གནོད་བཞིན་པ་ཤེས་ནའང་ད་ལྟའི་བར་ལྷག་ཡོད་པ་དང༌། ༢༠༠༡ ལོ་ནས་ ༢༠༠༨ ལོ་བར་མཚོ་སྔོན་པོ་མདའ་བཞི་ཞང་ནང་ཁུལ་གྱི་འབྲོག་པའི་དཔལ་འབྱོར་གྱི་གྱོང་གུད་རྒྱ་སྒོར་ཁྲི་ ༡༤༠༤་༡༦ ཡིན་པ་དང༌། སྤྱི་ལོ་ ༢༠༠༨ ལོ་གཅིག་པུའི་དཔལ་འབྱོར་གྱི་གྱོང་གུད་རྒྱ་སྒོར་ཁྲི་ ༤༥༠ ཡིན་པ་རེད། གནས་སྟངས་འདི་དག་ལ་གཞིགས་ཏེ་རྒྱ་ནག་གཞུང་གིས། གནད་དོན་འདི་ཐག་གཅོད་རྒྱུའི་ཁས་ལེན་བྱས་ཡོད་ནའང༌། ལོ་འདིའི་ཡར་སྔོན་ནས་མདའ་བཞི་ཞང་དང་ཐག་མི་རིང་བའི་མཚམས་སུ་གློག་འདོན་ས་ཚིགས་ཤིག་དང༌། ལྕགས་འདོན་ས་ཚིགས། རྡོ་སྣུམ་སྙིགས་རོ་བཟོ་གྲྭ་སོགས་བཙུགས་ཡོད་པ་དང༌། བཟོ་གྲྭ་འདི་དག་མཚོ་སྔོན་པོ་དང་སྤྱི་ལེ་ ༢༠ མཚམས་སུ་ཡོད་པ་རེད། བཟོ་གྲྭ་འདི་དག་གི་དུག་རླངས་ཀྱིས་མཚོ་སྔོན་པོ་དང་ཉེ་འགྲམ་གྱི་འབྲོག་པ་མང་ཚོགས་ལ་གནོད་སྐྱོན་ཚབས་ཆེན་བྱས་ཡོད་པ་དང༌། བཟོ་གྲྭ་དང་ཉེ་བའི་རྩྭ་ཐང་སྟེང་ཐལ་རྡུལ་གྱིས་ཁེངས་ཤིང་ས་ཆ་ཁ་ཤས་སུ་ས་རྡུལ་གྱིས་རྩྭ་སྔོན་མཐོང་མི་ཐུབ་པ་ལྟ་བུར་གྱུར་ཡོད་པ་རེད། དབྱར་ཁར་ལུག་ཁྱུ་དང་གནག་ཕྱུགས་ཞོགས་དུས་རྩྭ་ཐང་སྟེང་རྡུལ་གྱིས་ཁེངས་འདུག་ཅེས་བརྗོད་ཡོད། གནས་སྟངས་འདིའི་རྐྱེན་གྱིས་ས་གནས་ལས་བྱེད་མི་སྣ་དང་མང་ཚོགས་ཀྱིས་གོང་རིམ་ལ་མཚོ་སྔོན་པོ་སྲུང་སྐྱོབ་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཆེད་བཟོ་གྲྭ་འདི་དག་མཚམས་འཇོག་བྱ་དགོས་བའི་རེ་སྐུལ་གང་མང་ཞུས་ནའང་གོང་རིམ་ནས་གནད་དོན་འདི་ལམ་སེང་ཐག་གཅོད་མི་ཐུབ་པའི་གནས་ལུགས་མང་པོ་བརྗོད་ཡོད་འདུག 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 8

  1. དགྲ་འདུལ། says:
    ལོ་ 17 སྔོན།

    མཚོ་སྔོན་པོ་བྲི་ན་བྲི་གི་ཆུག
    གངས་དཀར་པོ་ཞུ་ན་ཞུ་གི་ཆུག
    ས་འཛམ་བུ་གླིང་ལ་མི་དཀའ་ན།
    བོད་གངས་ཅན་གཅིག་པུར་ཅི་ཞིག་སྐྱོན།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    མཚོ་སྔོན་པོའི་གཞས་དེ་གཞས་སྡེ་ཚན་ནང་དུ་གཏོང་ཐུབ་ཀྱི་འདུག་ན་ལེགས་པོ་ཡོད་པར་བསམ་བཞིན་འདུག་ལ། དེ་དག་ལྷན་དུ་གཞས་ཚིག་རྩོམ་པ་པོ་དང་ཐོག་མའི་གཞས་པ་སུ་ཡིན་སྐོར་སོགས་འགོད་ཐུབ་ན་ཡག་པོ་ཡོད་པ་མཐོང་གི་འདུག ཡིན་ཡང་། སྐུ་ཉིད་ཀྱི་བསམ་ཚུལ་གང་ཡོད་ལྟར་ཡིན་པ་དེ་ལས། ངས་རེ་སྐུལ་ཙམ་ཞིག་ཞུས་པ་དེ་ལ་རྒྱུ་མཚན་གང་ཡང་མེད་པ་ཡང་ཡིན་སྲིད།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    མཚོ་སྔོན་པོ་ཐོག་མར་གཏོང་མཁན་ནི་རྡོ་རྗེ་ཚེ་བརྟན་རེད། ཁོང་གྲོངས་ནས་ལོ་འགའ་ཤས་ཕྱིན་པ་རེད། ངའི་ལག་ན་ཟླ་སྒྲོན་གྱིས་བཏང་བའི་མཚོ་སྔོན་པོ་ཞེས་པའི་གཞས་དེ་ཡོད། འདིའང་གཞས་རྙིང་བ་ཡིན་སྟབས་རྐང་བཙུགས་ནས་བཙལ་ཏེ་ཉར་བ་ཡིན།

    Reply
  4. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 17 སྔོན།

    ད་དུང་དེའི་སྐབས་སུ་རེབ་གོང་ཕྱོགས་ཀྱི་སྨན་པ་ཞིག་དང་ངེད་གཉིས་ཀྱིས་ཁ་བརྡ་བྱས་མྱོང་ལ། སྨན་པ་དེས་ཧ་ཡང་བཟོ་གྲྭའི་ནང་གི་ལས་མི་ཚོ་ནི་རྒྱ་ནག་གི་དབུལ་བོ་ལས་མེད་ཚོ་ཡིན་ནི་རེད། ཁོ་ཚོ་འུ་ཐུག་ནས་བཟོ་གྲྭ་འདིའི་ནང་འཛུལ་གྱིན་ཡོད་པ་རེད། བཟོ་གྲྭ་དེའི་ནང་གི་ལས་ཀ་བ་ཞིག་ཡིན་ན་དུག་རེག་གི་ན་ཚ་ཡོད་པའི་ཁྱབ་པ་ཡོད་ལ། དེའི་རྐྱེན་གྱིས་ཚེ་ཐག་ཇེ་ཐུང་ལ་འགྲོ་བ་རེད། མ་ཟད་འདིའི་ཐག་ཉེ་ན་ཡོད་པའི་ང་ཚོ་ལའང་དུག་རེག་དེས་ན་ཚ་བགོས་ཡོད་པ་རེད་ཅེས་བཤད་̒པའང་དྲན་གྱི་འདུག་ལ། དེ་ནས་བཟུང་ཉིན་མཚན་དབྱེ་བ་མེད་པར་དུ་བ་སྔོ་ལྷོག་ལྷོག་འཕྱུར་བཞིན་པའི་ཧ་ཡང་བཟོ་གྲྭ་དེ་ལ་བལྟས་ནས་ངའི་བྲང་ཁོག་ལན་གྲངས་དུ་མར་གྲང་བསིལ་བསིལ་སོང་བའང་དྲན་གྱིན་འདུག

    Reply
  5. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 17 སྔོན།

    ངོ་མ་འབྲོག་པ་དེས་བཤད་པ་བདེན་པ་ཡིན་རྒྱུ་རེད། འདི་ལྟར་བཤད་ན་ངས་ཀྱང་དེ་འདྲ་ཞིག་དྲན་ཀི། ང་རེབ་གོང་ན་ཡོད་དུས་རེབ་གོང་ཁོག་ནའང་ཧ་ཡང་གི་བཟོ་གྲྭ་ཆེན་པོ་ཞིག་ཡོད་ལ། ཉིན་མཚན་མེད་པར་ལས་ཀ་མཚམས་འཇོག་གི་མི་འདུག་ལ། ཤར་རླུང་རྟགས་ཅན་གྱི་རླངས་འཁོར་མང་པོས་སྐྱེལ་འདྲེན་ཡང་མཚམས་ཆད་ཀྱི་མེད་པར་རྒྱུག་བཞིན་འདུག་ལ། རེབ་གོང་རྒྱལ་བོ་ངོ་ཕྱོགས་ཀྱི་རོང་མ་འབྲོག་གི་ཕྱུགས་རྫི་ཚོས་དེའི་རྐྱེན་གྱིས་ནོར་ལུག་མང་པོ་ཤི་སོང་ཞེས་སྡུག་སྐད་འདོན་གྱིན་པ་དྲན་གྱི་འདུག་ལ། ད་དུང་ཡ་མཚར་བ་ཞིག་ལ་མ་ཤི་བའི་སྔ་རོལ་དུ་ཁ་ནང་གི་སོ་ལྷུང་འའགྲོ་གི་ཞེས་བཤད་མྱོང་བའང་ངས་ད་ལྟ་དྲན་གྱི་འདུག

    Reply
  6. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    འདིར་རྩོམ་ཡིག་དང་མཉམ་དུ་འདྲ་པར་རེ་འཇོག་འདོད་ཀྱང་ཐུབ་ཀྱི་མི་འདུག་པས། དེ་ལ་ལམ་སྟོན་ཡོད་པ་ཞུ།

    Reply
  7. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    མཚོ་སྔོན་པོ་ཞེས་པའི་གཞས་ལེན་མཁན་སུ་ཞིག་གྲོངས་ཟིན་པ་རེད། རྡོ་རྗེ་ཚེ་བརྟན་དང་ཟླ་སྒྲོན། བདེ་ཆེན་དབང་མོ་གསུམ་གྱིས་གཞས་འདི་བླངས་པ་དྲན་གི་འདུག གཞན་མི་ཤེས།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ང་ཆུང་དུས་ནས་ད་བར་ཤུགས་རྐྱེན་ཆེ་ཤོས་ཀྱི་གཞས་ཤིག་ནི། ༼ཨེ་མ། མཚོ་སྔོན་པོ།༽ ཞེས་པ་འདི་ཡིན། ད་སྐབས་བསམ་དུས། དུས་ཚོད་ཧ་ཅང་རིང་པོ་ཞིག་ཕྱིན་འདུག གླུ་ཚིག་འདི་རྩོམ་མཁན་དང་ལེན་མཁན་གཉིས་ཀ་འཇིག་རྟེན་འདི་དང་ཞལ་གྱེས་ཟིན་ལ། དབྱངས་རྩོམ་མཁན་ནི་སྔ་མོ་ནས་རྒྱལ་ཁམས་འགྲིམ་སོང་། ད་ལྟ་མཚོ་སྔོན་པོ་ཡང་འགྱུར་ཐལ། མཚོ་སྔོན་པོའི་མཐའ་འཁོར་གྱི་བོད་པ་ཚོས་ངུ་ངག་འདོན་མགོ་ཚུགས་སོང་།

    ལོ་སྔོན་མར་མཚོ་སྔོན་པོའི་འགྲམ་གྱི་འབྲོག་པ་ཞིག་གིས། ༼མཚོ་བསྟོད་༽ཅིག་མ་གནང་ན་འགྲིག་གི་མི་འདུག་ཅེས་ངྷ་སར་སླེབས་སོང་ལ། ཁོང་གིས་མཚོ་འཁོར་སྡེ་བརྒྱད་མཉམ་རུབ་ཀྱིས་སྲུང་སྐྱོབ་བྱེད་གི་ཡིན་ཟེར། ཁོང་ཕྱིར་ཕ་ཡུལ་དུ་ཕྱིན་སོང་། འོན་ཀྱང་། བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ནི་སྲོལ་རྒྱུན་གྱི་ལམ་ཁ་ཙམ་མ་ཡིན་པར། དེང་རབས་ཀྱི་ཐབས་ཤེས་གསར་པ་དག་དགོས་པ་ནི་དེ་བས་ཀྱང་གལ་ཆེ་བར་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese