མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་སྟེང་གི་བོད་རིགས་རྣམས་ལ་ཕུལ་བའི་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

                ལྷ་ཆབ་སྦྱིན་པ།

སྤྱི་བོ་གནམ་བསྟན་རྣམས་ལ་གསལ་བ་ལྟར། སྔ་ལོར་རང་རེའི་ཤ་གསེར་ན་རྕས་པ་ཅན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་བོ་ཞིག་བོད་ཡུལ་སྟོད་སྨད་བར་གསུམ་ནས་རྒྱ་ནག་གིས་དམར་གསོད་བཏང་སྟེ་ད་དུང་ཟུངས་ཁྲག་དྲོན་མོའི་དྲོད་མ་ཡལ་བར་ལུས་ཡོད། གཅེས་ཕྲུག་དག་གི་ཕ་མ་སྤུན་མཆེད་དང་ཤ་རིང་ཉེ་འབྲེལ་གྱི་མིག་ཆུའི་རྒྱུན་མ་ཆད་པར་ལུས་ཡོད། དེ་བས་ན། བོད་ཡུལ་སྟོད་སྨད་བར་གསུམ་ན་ཉིས་སྟོང་དགུའིམི་ལོ་གསར་བའི་ལས་འགུལ་ཞིག་སྤེལ་འཆར་ལ། ང་ཚོའི་བཙན་བྱོལ་བོད་གཞུང་གཙོས་ས་སྟེང་གི་བོད་རིགས་རྣམས་ཀྱིས་གཞིས་ལུས་སྤུན་ཟླ་དག་ལ་མྱ་ངན་ཞུ་ཆེད་སྟོང་ལོ་དགུ་བའི་ལོ་གསར་མི་གཏོང་རྒྱུ་དང༌། རབ་ཡིན་ན་གཞུང་འབྲེལ་དང་ཚོགས་པ་སོ་སོས་ལོ་གསར་གུང་གསེང་མི་བྱེད་པར་མྱ་ངན་མཚོན་པའི་ལས་འགུལ་ཞིག་སྤེལ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཡིན་པར་མཐོང༌། རྒྱ་ནག་གཞུང་གིས་ཀྱང་ས་ཁུལ་ཁ་ཤས་ནང་ད་ལོའི་ལོ་གསར་ལ་ཕག་ཤ་གཅིག་དང་རྒྱ་སྒོར་ལྔ་བརྒྱ་རེ་ཁྱིམ་ཚང་རེ་ལ་བརྔན་པར་སྟེར་གྱིན་ཡོད་པར་ཐོས་ལ། དེ་ནི་ལོ་གསར་མྀ་གཏོང་བའི་ལས་འགུལ་གྱིས་བོད་ལ་ཟིན་ཐོ་གསར་བ་ཞིག་བསྐྲུན་རྒྱུ་ཡིན་པར་འཇིགས་པ་མ་ཡིན་ནམ། གལ་སྲིད་ང་ཚོའི་བོད་ཀྱི་ཁ་དཔེར་རོ་ཐོག་ལ་རྟ་རྒྱུག་ཅེས་པ་དང་ཕ་བསད་པའི་སྒང་ལ་རྒྱ་རྔ་བརྡུངས་ཞེས་པར་མི་འགྱུར་རམ། ཉེ་ལམ་ང་ཚོའི་ནང་ཁུལ་ནས་སྐྱིད་སྡུག་གི་མིང་འཁུར་ཏེ་སྤྲོ་སྐྱིད་གཏོང་གི་ཡོད་པ་དང༌། གཞས་དང་ཞབས་བྲོ་འཁྲབ་ཀྱི་ཡོད་པ་མ་ཟད། གཞས་ཚིག་གི་དོན་ལ་་ ང་ཚོ་སྐྱིད་སོང་དང་ང་ཚོ་་དགའ་སོང་ ལྟ་བུའི་མཐོང་ན་སྐྱུག་མེར་ལངས་འོང་བ་བརྙན་འཕྲིན་བརྒྱུད་དེ་བསྟན་གྱིན་པ་ཚང་མས་མཐོང་གསལ་ཡིན། དེ་ལྟ་བུའི་གནས་ཚུལ་མུ་མཐུད་དུ་བྱུང་བ་ཡིན་ན་དུར་ཁུངས་ན་ཕྱིར་མིག་བལྟ་མཁན་གྱི་རྣམ་ཤེས་ཀྱི་ཚོགས་དང་གཞིས་ལུས་སྤུན་ཟླ་རྣམས་ལ་འགྲེལ་བཤད་ཇི་ལྟར་རྒྱག

ལོ་གསར་མི་གཏོང་བ་ནི་རང་རེའི་བོད་ལ་མཚོན་ན་ཆེས་མྱ་ངན་གྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ། ད་ལོའི་མྱ་ངན་འདི་ལས་ལྷག་པའི་ང་ཚོར་མྱ་ངན་གྱིས་གདུང་བའི་ནམ་ཟླ་ཞིག་ཐོན་རྒྱུ་ག་ལ་ཡོད། རྒྱུ་མཚན་དེའི་དབང་གིས་བོད་ནང་ཁུལ་དུ་མྱ་ངན་གྱི་ལས་འགུལ་སྤེལ་གྱིན་ཡོད་ལ། ལྷག་པར་དུ་ཁོང་ཚོས་མིག་ཟུང་ཧྲིག་གེར་བཙན་བྱོལ་གཞུང་ལ་བལྟས་ཅིང་རྣ་བ་ལྷག་གེར་བཙན་བྱོལ་གཞུང་ལ་ཉན་ཡོད། ང་ཚོའི་ངོས་ནས་ཀྱང་ལྟས་ལྟས་རིག་རིག་ལ་ཁོང་ཚོའི་སེམས་ཤུགས་གཅོག་ག་ལ་ཉན། འདི་ལྟར་བོད་ཕྱི་ནང་གཉིས་སུ་ལོ་གསར་གྱི་སྤྲོ་སྐྱིད་མ་བཏང་བ་ཡིན་ན། རང་བཞིན་གྱིས་ལས་འགུལ་རླབས་ཆེན་ཞིག་ཆགས་པ་ནི་སྨྲ་མ་དགོས་པ་དང༌། དེའི་ཁར་འདི་ནི་འཚེ་བ་མེད་པའི་ལས་འགུལ་ཞིག་ཀྱང་ཆགས་ཀྱི་ཡོད། ང་དང་ང་ལྟ་བུའི་མུ་ཏོ་བ་ཁ་ཤས་ཀྱིས་བསམ་ཚུལ་འདི་ནམ་རྒྱུན་ནས་བཤད་ཀྱི་ཡོད་ཀྱང༌། སྐུ་དྲག་གི་སྲས་དང་སྲས་མོ་ཚོར་ཅུང་མ་བདེ་བའི་སྣང་ཚུལ་འདྲ་འབྱུང་སྲིད་པ་ཡིན། འོན་ཀྱང་ལྷག་བསམ་དཀར་བོ་དང་སེམས་ཤུགས་འཕར་མ་ཞིག་གིས་ནན་གྱིས་སྐུལ་ཏེ་ཁ་བཙིམ་ནས་སྡོད་པའི་ངང་ཚུལ་དེ་དོར་བ་ཡིན་ནོ།།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

ཆུ་ཚོད་ ༡༡ སྔོན་ལ།
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

ཆུ་ཚོད་ ༡༤ སྔོན་ལ།
མོན་རྟ་དབང་རྟ་དབང་རྫོང་ཁྱོན་ཡོངས་ཀྱི་སློབ་ཕྲུག་མཐུན་ཚོགས་ཀྱི་ངོ་དེབ་ལས་བླངས།
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།

མཆན། 5

  1. ལྷ་རྗེ་ཨ་ཎ་རུ། says:
    ལོ་ 17 སྔོན།

    ཁྱེད་རང་གི་བསམ་འཆར་དཔེ་མི་སྲིད་པའི་ཡག་པོ་འདུག་ཀྱང་། (སྐུ་དྲག་གི་སྲས་དང་སྲས་མོ་ཚོར་ཅུང་མ་བདེ་བའི་སྣང་ཚུལ་འདྲ་འབྱུང་སྲིད་པ་ཡིན།) ང་ཚོ་བོད་པ་ནང་ཁུལ་ལ་ད་ནས་བཟུང་དེ་འདྲ་རྩ་བ་ནས་མ་གསུངས་རོགས་གནང༌། ཚོགས་པ་དང་མི་སྒེར་སུས་འགྲིག་གི་མི་འདུག་ན་དེ་ལ་ཐད་ཀར་སྐྱོན་བརྗོད་བྱེད་དགོས་པ་ལས་ཆོལ་ཁ་ཆོས་ལུགས་དང་སྐུ་དྲག་མི་དྲག་དེ་འདྲ་མ་གསུང་རོགས་གནང་། དེ་ནི་ང་ཚོའི་མི་རིགས་ལ་ཕན་ལས་གནོད་ཆེ་གི་རེད། ཐུགས་རྗེ་ཆེ།

    Reply
  2. ཨ་ཕོ་ཧོར། says:
    ལོ་ 17 སྔོན།

    སྐད་ཆ་འདི་ལ་གནས་ལུགས་འདུག རབ་ཡིན་ན་གཞུང་འབྲེལ་གྱི་གསལ་སྦྲགས་ཞིག་སྤེལ་ན་ཡག་པོ་རེད། གནས་ཚུལ་འདི་ལ་རྒྱུས་ལོན་བྱེད་ཆེར་མདང་དགོང་བོད་ལ་ཁ་པར་བཏང་བ་ཡིན། གོ་ཐོས་སུ་ཨ་མདོ་བླ་བྲང་ཕྱོགས་ན་ལོ་གསར་མི་གཏོང་ཟེར་མཁར་མང་པོ་འདུག དེར་བརྟེན་འདི་བོད་ཀྱི་ས་ཁུལ་མང་པོར་གཅིག་མཚུངས་ཡིན་རྒྱུ་རེད། ཡིན་ནའང་བློ་ཕམ་པ་ཞིག་ལ་ཉེ་ཆར་ཨ་རིའི་ནུས་ཡོག་ཁུལ་དུ་ས་གནས་བུ་མེད་ཚོགས་པས་ལོ་གསར་དགོང་ཚོགས་དང་སྟབས་བསྟུན་ཏེ་མཚན་མོའི་སྤྲོ་ཚོགས་བསྡུ་རྒྱུའི་གསལ་བསྒྲགས་ཕ་ཡུལ་དྲ་རྒྱའི་ནང་དུ་བཏང་འདུག་པས། འདི་ཧྥུ་ཅིན་ཐོ་ཡི་བཀོད་སྒྲིག་མིན་ནའང་ཀྲང་ཆིན་ལིན་གྱི་འདོད་ཐོག་ལ་རྟ་རྒྱུགས་པ་མ་ཡིན་ནམ། དེ་བས་གཞིས་ལུས་ཕུ་ནུ་མིང་སྲིང་དག་གི་གསོན་པོའི་མིག་ཆུ་མ་ཧྲད་གོང་དང་ཤི་བོའི་དུར་ས་མ་འཁྱགས་གོང་ཁྱོད་ཚོ་སྤྲོ་སྐྱིད་ལ་རོལ་རྒྱུ་མ་བྲེལ་ཞེས་བྱེས་སུ་གྱེར་བའི་བོད་མིང་འཛིན་པའི་ཚོགས་པ་སྐྱིད་སྡ྄ུག་ཁག་ལ་ཨ་ཕོ་ཧོར་གྱིས་འབོད་སྐུལ་ཞུ།

    Reply
  3. འཁྱམས་པོ། says:
    ལོ་ 17 སྔོན།

    འོ་དེ་ལྟར་ཡིན་ན་ རྒྱ་གཞུང་གིས་རོང་ཕྱོགས་ལ་ཕག་ཤ་༡དང་རྒྱ་སྒོར་༥༠༠རེ་སྟེར་གྱིན་ཡོད་ན་འབྲོག་ཕྱོགས་ལ་ གཡག་ཤ་རེ་དང་རྒྱ་སྒོར་༥༠༠རེ་སྟེར་གྱིན་ཡོད་དམ་འབྲོག་པ་ཚོ་ཕག་ཤ་ཟ་མཁན་མང་པོ་མེད་པས།
    ཀུ་རེ་ཡིན་ རྒྱ་གཞུང་ང་ཚོས་ལས་འགུལ་ལ་སྐྲག་པ་ག་ལ་ཡིན། ང་ཚོས་ཕྱོགས་ནས་ལས་འགུལ་གྱི་གྲ་སྒྲིག་ག་ཚོད་ཡོད་ན་ རྒྱ་ཕྱོགས་ནས་དྲག་གནོན་གྱི་གྲ་སྒྲིག་དེ་ཙམ་ཡོད་པ་རེད། ད་དུང་རྒྱ་ཕྱོགས་ནས་ཕྱི་ཕྱོགས་ལ་སྐྱག་རྫུན་ཡང་དེ་ལས་མང་པ་ཞིག་གི་གྲ་སྒྲིག་ཏག་ཏག་ཡོད་པ་རེད།

    Reply
  4. བསེ་རུ། says:
    ལོ་ 17 སྔོན།

    དེ་རང་རེད།
    ང་ཚོས་འདི་ལྟར་བསམ་ཤེས་མཁན་ཚོས་བཤད་ནས་བསམ་ཤེས་མཁན་ཚོས་ཉན་བཞིན་ཡོད།
    འོན་ཀྱང་།
    ང་ཚོའི་ཁོར་ཡུག་འདིར་ཚོར་བས་དབེན་པའི་བོད་མི་ཚོར་ང་ཚོས་ཇི་ལྟར་བྱས་ཏེ་གོ་བརྡ་འཕྲོད་མིན་ལ་བསམ་ཤེས་ཀྱིས་བོད་ཤ་ཁྲག་རུས་གསུམ་གྱིས་གསུངས་པ་ལྟར་རྣ་ལམ་དང་མིག་ལམ་དུ་བསྐྱལ་ནས་ནང་སེམས་ཀྱི་ཚོར་བར་བསྒུལ་བསྐྱོད་གཏོང་ཐུབ་པ་ཞིག་བཟོ་དགོས་པ་རེད།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བསམ་ཚུལ་འདི་ལ་རྒྱབ་སྐྱོར་ཡོད། ཡིན་ཡང་། བསམ་ཚུལ་འདི་གོ་མ་མྱོང་བ་དང་བསམ་ཚུལ་འདི་འདྲ་ཡིད་དུ་ཤར་གྱི་མེད་མཁན་གྱི་བོད་ཞེན་མེད་མཁན་གྱི་སྐབས་འཚོལ་རིང་ལུགས་པ་དེ་དག་གི་རྣ་ལམ་དང་མིག་ས་དག་ལ་བསྐྱེལ་ཐུབ་པ་ཡིན་ན་ཡག་པོ་ཡོད་ས་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese