མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༼འགྱུར་བ་༽ཞེས་པའི་གློག་བརྙན།

བོད་ཀྱི་དུས་བབ།
༢༠༠༩/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

འགྱུར་བ་ཞེས་པའི་གློག་བརྙན་འདི་ནི་བཙན་བྱོལ་བོད་མིའི་ཁྱིམ་ཚང་ཞིག་གི་མི་རབས་གསུམ་བར་གྱི་འགྱུར་བ་དང་འཕེལ་རིམ་སྐོར་ཡིན་ལ། དེ་བཞིན་ཕ་མས་བུ་ཕྲུག་གསོ་སྐྱོང་གི་འགན་བླངས་ཡོད་མེད་སོགས་སྤྱི་ཚོགས་ཡོངས་ལ་འཇགས་པའི་སྐྱོན་གྱི་ཟུར་ངོས་རེ་དང་། བོད་ཀྱི་གཉེན་སྲོལ་སོགས་སྲོལ་རྒྱུན་རིག་གཞུང་གི་ཕྱོགས་ཀྱང་ཡོད། འདི་ནི་སྐུ་ཞབས་བློ་བཟང་རྡོ་རྗེ་ལགས་ཀྱི་གློག་བརྙན་ཐོག་མ་དེ་ཡིན།

ཚེས་ ༡༧ ཉིན་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་རྡོ་རྗེ་གདན་ས་གནས་གཞོན་ནུའི་ཚོགས་གཙོ་ཟུར་བ་བློ་བཟང་རྡོ་རྗེ་ལགས་ཀྱིས། འགྱུར་བ་ཞེས་པའི་གློག་བརྙན་ཕབ་ལེན་གནང་བ་ཐོག་མའི་དབུ་འབྱེད་གཟིགས་འབུལ་ཞུས་ཡོད་ལ། བོད་གཞུང་བཀའ་ཤག་གི་སྐུ་ཚབ་དུ་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང་ཁྲིམས་ཞིབ་པ་ཨ་མྱེས་ཚང་ཐུབ་བསྟན་བཀྲ་ཤིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང༌། ཚོགས་གཞོན་རྒྱ་རི་སྒྲོལ་མ་བཅས་སྤྱི་འཐུས་རྒྱུན་ལས་དང་མི་མང་ ༥༠ ལྷག་འཛོམས་སར་གློག་བརྙན་དབུ་འབྱེད་ཀྱི་གཟིགས་འབུལ་ཞུས་ཡོད།

གློག་བརྙན་དེ་ནི་འབྲས་ལྗོངས་རྒྱལ་ས་སྒང་ཏོག་གི་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་འཁྲབ་ཁྲིད་བྱས་པ་ཞིག་ཡིན་པ་དང༌། གློག་བརྙན་ནང་གི་མི་སྣ་གཙོ་བོ་རྣམས་ཀྱང་གཞིས་ཆགས་དེའི་མི་མང་དཀྱུས་མ་རྣམས་ཡིན་འདུག གློག་བརྙན་འདིའི་ནང་དུ་ཕ་མས་བུ་ཕྲུག་གསོ་སྐྱོང་གི་འགན་བླངས་ཡོད་མེད་དང༌། ཁྱིམ་ཚང་ཞིག་གི་མི་རབས་གསུམ་བར་གྱི་འགྱུར་བ་དང་འཕེལ་རིམ། དེ་བཞིན་བོད་མིའི་སྲོལ་རྒྱུན་རིག་གནས་གཉེན་སློང་སྟངས་སོགས་ཀྱང་ཚུད་འདུག གློག་བརྙན་དེའི་རིང་ཐུང་ལ་ཆུ་ཚོད་གཅིག་དང་སྐར་མ་བཅུ་ཡོད་པ་དང༌། གློག་བརྙན་འདི་ནི་གློག་བརྙན་བཟོ་བསྐྲུན་པ་བློ་བཟང་རྡོ་རྗེ་ལགས་ཀྱི་ལེགས་གྲུབ་བྱུང་བའི་གློག་བརྙན་ཐོག་མ་ཡིན་འདུག

བློ་བཟང་རྡོ་རྗེ་ཡིས་གློག་བརྙན་གཟུགས་འབུལ་མ་ཞུས་པའི་སྔོན་དུ་གསུངས་དོན།  ང་རང་གློག་བརྙན་ཆེད་ལས་པ་དེ་འདྲ་མིན་ཡང༌། ༧གོང་ས་མཆོག་གིས་བོད་མི་མི་རེ་ངོ་རེ་ལ་འགན་ཡོད་པའི་ཐོག་ལས་ཀ་བྱ་དགོས་པར་གསུངས་པ་བཞིན། ང་རང་གིས་ཀྱང་འགན་བླངས་པ་ཡིན་བསམ་ཡོད། ཅེས་ངོ་སྤྲོད་གནང་བ་དང༌། གློག་བརྙན་གཟིགས་འབུལ་གྲུབ་རྗེས་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས། བོད་མི་མི་རེ་ངོ་རེ་ནས་ཆེ་ཆུང་ལ་མ་ལྟོས་པར་འགན་བླངས་ནས་ལས་ཀ་བྱ་དགོས་ལ། གློག་བརྙན་གྱི་བརྒྱུད་ལམ་འདི་ནས་མི་རྣམས་ཀྱི་ཀུན་སློང་དང་བྱ་སྤྱོད་འཁུར་སྟངས་ལ་ཏན་ཏན་ཕན་ཐོགས་གི་རེད་བསམ་གྱིན་ཡོད། དམིགས་བསལ་གྱིས་ཡ་རབས་སྤྱོད་བཟང་དང་ཆོ་ག་ཕྱག་ལེན་གྱི་ཐད་ནས་དགེ་འདུན་པས་གསུངས་པ་ལས། ལོ་ཆུང་ཕན་ཚུན་བར་དུ་བསམ་བློ་བརྗེ་རེས་དང་གོ་བརྡ་སྤྲོད་རེས་བྱས་ན་ཕན་ཐོགས་དང་དོ་སྣང་ཆེ་རུ་ཡོང་གི་རེད། དེ་བཞིན་གློག་བརྙན་གྱི་ནང་དུ་ཁྲ་ཁྲ་ཟང་ཟིང་དེ་འདྲ་ཡང་འདུག་མོད། འཛམ་གླིང་གི་གློག་བརྙན་སྤྱི་མཚུངས་ལྟར་མི་རྣམས་ཀྱི་དང་བ་དང་དོ་སྣང་འདྲེན་བྱེད་ཀྱི་ཐབས་ཤེས་ཡིན་པས་ཕྱོགས་གཅིག་ནས་དེ་ཡང་ཡག་པོ་རེད། བོད་མིའི་སྲོལ་རྒྱུན་རིག་གནས་གཉེན་སློང་སྟངས་ཀྱི་ཐད་ནས་ཡིན་ཡང་བོད་ཀྱི་ས་ཁུལ་རེ་རེ་ལ་མ་འདྲ་བ་ཡོད་ཀྱང༌། བོད་དོན་བདེན་མཐའ་སེལ་ནས་བོད་མི་རྣམས་བོད་ལ་ལོག་སྐབས་རང་རང་གི་ལུགས་སྲོལ་རྣམས་ཕར་ཁུར་ནས་འགྲོ་དགོས་པས། ས་ཁུལ་རེ་རེ་ཡི་ལུགས་སྲོལ་དང་རིག་གནས་དེ་ཚོ་ཉར་དགོས་པ་རེད། ཅེས་གསུངས་བྱུང་།

འདི་གའི་གསར་འགོད་པས་བློ་བཟང་རྡོ་རྗེ་ལ་བཅར་འདྲི་ཞུ་སྐབས། ཁོང་གིས།  གློག་བརྙན་འདིའི་འཁྲབ་གཞུང་གཙོས་པའི་འཁྲབ་གཞུང་ལྔ་ལོ་གཉིས་ཀྱི་ནང་དུ་བྲིས་ཡོད་ལ། ད་ལོ་༧གོང་ས་མཆོག་གཙོས་པའི་བོད་མི་རྣམས་བཙན་བྱོལ་ལ་ཕེབས་ནས་ལོ་ངོ་ ༥༠ འགོར་བ་དང་སྟབས་བསྟུན་འགྱུར་བ་ཞེས་པའི་འཁྲབ་གཞུང་འདི་ཕབ་ལེན་བྱས་པ་ཡིན། ཡང་ཁོང་གིས་གློག་བརྙན་འདི་ཕབ་ལེན་བྱས་སྐབས་ཀྱི་དཀའ་སྡུག་དང་འགྲོ་སོང་ཐད། གློག་བརྙན་འདིའི་འགྲོ་སོང་ཁྱོན་རྒྱ་གར་དངུལ་སྒོར་འབུམ་བཞི་ཙམ་ཡིན་པ་དང༌། གློག་བརྙན་ཁྲོད་ཀྱི་མི་སྣ་རྣམས་ལ་གླ་ཆ་སོགས་གང་ཡང་མེད་པར་ཚང་མ་དང་ལེན་བྱས་པ་རེད། གློག་བརྙན་ཕབ་ལེན་སྐབས་གནམ་གཤིས་འགྱུར་ལྡོག་གིས་དཀའ་ངལ་བཟོས་སོང་ཡང་མི་མང་ཚོས་དཀའ་ངལ་ལ་གདོང་ལེན་བྱས་པ་དང༌། རམ་འདེམས་གང་ལེགས་གནང་བར་ཐུགས་རྗེ་ཞུ་འདོད་འདུག་ལ། མ་འོངས་པར་བྱིས་པ་དེ་དག་གི་སློབ་སྦྱོང་དང་མི་མང་དེ་ཚོར་འཚོ་བའི་རམ་འདེགས་སོགས་ལ་ཕན་རེ་ཐོགས་ན་བསམ་ཡོད། ཅེས་གསུངས་བྱུང༌། ཁོང་གིས་འོད་སྡེར་འགྲེམས་སྤེལ་བྱེད་ཕྱོགས་ཐད་ནས་གསུངས་དོན། ད་སྐབས་གཞས་གཏོང་མཁན་ཚོ་དང་གློག་བརྙན་བཟོ་བསྐྲུན་པར་དཀའ་ངལ་ཞིག་ཡོད་པ་ནི་ཁྲོམ་རྭ་མེད་པ་དེ་རེད། འོད་སྡེར་གང་ཞིག་ཁྲོམ་རྭར་ཐོན་རྗེས་ཚོང་པ་ཚོས་འོད་སྡེར་རྫུན་མ་བཟོ་བར་གོམས་ཡོད་པས། གནས་སྐབས་ངས་འོད་སྡེར་འགྲེམས་སྤེལ་བྱ་རྒྱུ་མིན་པར། རང་ཉིད་དངོས་སུ་བོད་མིའི་གཞིས་ཆགས་དང་དགོན་སྡེ་ཁག་ལ་བསྐྱོད་ནས་གློག་བརྙན་འདི་གཟིགས་འབུལ་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང༌། 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese