དེ་རིང་ཞོགས་པའི་བོད་ནང་གི་ཆུ་ཚོད་ ༡༠ ཡས་མས་སུ་མགོ་ལོག་ར་རྒྱ་དགོན་པའི་དགེ་སྐོས་དཔལ་ལྡན་དང༌། དགེ་འདུན་པ་གཞན་ ༣ བཅས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་སྟབས། རྭ་རྒྱ་དགོན་པའི་གྲྭ་དམངས་དང་རྨ་ཆུའི་ཕ་རོལ་ཚུ་རོལ་གྱི་བོད་རིགས་མི་དམངས་འདུ་འཛོམས་ཆེ་རུ་ཕྱིན་ཞིང༌། མདང་མཚན་ནུབ་ཟི་ལིང་ཞིང་ཆེན་ནས་དམག་མི་ ༤༠༠ ཙམ་དང་མགོ་ལོག་ཁུལ་གྱི་དྲག་ཆས་དཔུང་དམག་ཕོན་ཆེན་འབྱོར་ཏེ། གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་འདུག ད་ལྟ་ས་ཁུལ་དེའི་གློག་ཀླད་དྲ་རྒྱ་དང་ཁ་པར་སྐུད་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་སྟབས། གནས་ཚུལ་ལ་འགྱུར་ལྡོག་གང་འདྲ་འབྱུང་གིན་ཡོད་མེད་རྒྱུས་ལོན་བྱ་དཀའ་བ་ཆགས་འདུག
ཁ་སང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༢ པ་ཙམ་ལ་མགོ་ལོག་རྭ་རྒྱ་དགོན་པའི་དགེ་འདུན་པ་བཀྲ་ཤིས་བཟང་པོ་རྨ་ཆུར་མཆོངས་ཏེ་རང་ཤི་བརྒྱབས་མ་ཐག རྭ་རྒྱ་དགོན་གྲོང་གཉིས་ཀྱི་བོད་རིགས་སེར་སྐྱ་མི་དམངས་སྟོང་ཕྲག་ ༡༠༠༠ ལྷག་འདུ་འཛོམས་ཀྱིས་རྭ་རྒྱ་ཞང་སྲིད་གཞུང་དང་ཉེན་རྟོག་ལས་ཁུངས་གཉིས་སུ་ཕྱིན་ཏེ། རྔམ་སྟོན་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༡༠ དགོན་པའི་ཚོགས་ཆེན་འདུ་ཁང་སྟེང་དུ་བསྒྲེངས་འཛུགས་བྱས་པའི་བོད་ཀྱི་རྒྱལ་དར་རྒྱ་ནག་གི་ཉེན་རྟོག་པས་ཕབ་སྟེ་བཙན་འཁྱེར་བྱས་ཡོད་པ་དེ། བསྐྱར་དུ་ཕྲོགས་ཏེ་འདས་པོ་བཀྲ་ཤིས་བཟང་པོའི་སྤུན་མཆེད་ཀྱི་ལག་ཏུ་བཞག་སྟེ། མི་དམངས་སེར་སྐྱ་ཡོངས་ཀྱིས་ལྷ་རྒྱལ་འཐེན་ཡོད་པ་མ་ཟད། ཞིང་སྲིད་གཞུང་གི་མགོ་ཁྲིད་དང་ཉེན་རྟོག་པའི་མགོ་བ་གཉིས་ལ། དེ་རིང་ནས་བཟུང་བོད་ཀྱི་རྒྱལ་དར་བཟུང་ན། ཁྲིམས་འགལ་མིན་པའི་ཡི་གེ་འབྲི་རུ་བཅུག་ཡོད་འདུག
བདེན་གི་བོད་གཞུང་རང་ང་འདུག་ཚད་མ་རེད། གཞིས་ལུས་རྒྱ་ཆེ་མི་མང་ལ་དཀའ་ངལ་འཕྲད་དུས་བོད་གཞུང་ལ་གྲགས་འགུལ་མེད་ན་མི་འགྲིག་གི
ངས་བཤད་འདོད་པ་ནི་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་སོང་བ་འདི་ལ་གཞུང་ཕྱོགས་ནས་ཅུང་ཙམ་ཚོར་ཤུགས་ཆེན་པོས་འཛམ་གླིང་ལ་སྐད་ཅིག་རྒྱག་དགོས་པ་མིན་ནམ་ཞེས་པ་འདི་ཡིན།
བཙན་བྱོལ་གཞུང་ལ་ཚོར་བ་གང་འདྲ་ཞིག་ཡོད་མེད་ཤེས་མཁན་ཡོད་དམ། མ་གོ་མ་ཐོས་ཚུལ་བྱས་ན་ཕན་ཐོག་ཆེ་ཚམ་ཡོད་པ་ཡིན་ནམ།
འཚེ་མེད་ཞི་བའི་ངོ་བོ་མ་འགྱུར་བའི་ཐོག་ནས་ལས་འགུལ་མུ་མཐུད་དུ་གནས་ཐུབ་རྒྱུ་གལ་ཆེན་རེད།
ཨ་མ་་་་་་་ཨ་མ་་་་་་་་འདི་འདྲ་ཡ་ང་ཞིང་ཁྲག་དྲི་བྲོ་བའི་དུས་དེ་ལས་མཐར་དུས་ཤིག་ཨེ་ཡོད།
དུས་བབ་རྕོམ་སྒྲིག་པ་ལགས། དཔར་དེ་སུ་རེད་དམ། ཕྱིས་འབྱུང་དཔར་ཡོད་པའི་འོག་ལ་མིང་དང་མཆན་ཐུང་ངུ་ཞིག་བྲིས་ཐུབ་ན་ཡག་པོ་འདུག་ཅེས་རྨོངས་འཆར་ཡིན།
ད་ལྟ་གོ་བ་ལྟར་ན། དགོན་མཐའ་དམག་གིས་བསྐོར་ནས་མི་རེ་རེ་བཞིན་ཉེན་རྟོག་ལས་ཁུངས་སུ་འཁྲིད་ཀྱི་ཡོད་པ་དང་། རེ་འགའ་ལས་ཕལ་ཆེ་བ་ཕྱིར་ཡོང་མི་འདུག་ཟེར། ཡིན་ནའང་ག་ཚོད་ཅིག་འཁྲིད་ཅི་ཡོད་མེད་དང་ཁྲིད་ནས་ཅི་ཞིག་བྱེད་ཀྱི་ཡོད་མེད་གཏན་ནས་མི་ཚོར་ཟེར།