རྒྱལ་ཁབ་གང་ཞིག་ཡིན་རུང་རྒྱལ་ཁབ་ཀྱི་ཆབ་སྲིད་ཡག་པོ་ཡོང་དང་མི་ཡོང་དེ་མི་དམངས་ཀྱི་ཆབ་སྲིད་གོ་རྟོགས་ལ་རག་ལས་ཡོད། བོད་གཞིས་བྱེས་གཉིས་བསྡུར་བ་ཡིན་ན། ཆབ་སྲིད་བསམ་བློའི་གནས་ཚད་དེ་གཞིས་བཞུགས་བོད་མི་ཚོ་ཚད་མཐོ་བ་ཞིག་ཏུ་མཐོང་སོང༌། ཞེས་བཀའ་བློན་ཁྲི་པ་མཆོག་གིས་གསུངས་ཡོད།
དེ་རིང་སྔ་དྲོའི་ཆུ་ཚོད་དགུ་བའི་སྟེང་བཞུགས་སྒར་ངྷ་རམ་ས་ལའི་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ། དབུ་མའི་ལམ་མི་མང་ལས་འགུལ་ཚོགས་ཆེན་ཐེངས་ ༢ དེ་སྐོང་ཚོགས་གནང་ཡོད་ལ། ཚོགས་འདིའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་ཕེབས་ཡོད། གཞན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང༌། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་མི་རྣམ་པ། ངྷ་ས་ཁུལ་གྱི་སེར་སྐྱ་མི་དམངས་བཅས་ཚོགས་ཞུགས་གནང་ཡོད། ཚོགས་འདུ་དབུ་འཛུགས་སྐབས་བོད་གཞུང་དཔེ་མཛོད་ཁང་གི་ལས་བྱེད་དམ་ཆོས་དཔལ་བཟང་ལགས་ཀྱིས་དབུ་མའི་ལམ་ལས་འགུལ་ཁང་གི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་སྦྲགས། མ་འོངས་པར་བཙན་བྱོལ་བོད་མའི་སྡོད་གནས་ཁག་ཏུ་དབུ་མའི་ལམ་ལས་འགུལ་ཁང་འཛུགས་རྒྱུ་དང་མི་དམངས་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུ་བཅས་ཀྱི་ལས་འཆར་ཁག་ཅིག་ཀྱང་ངོ་སྤྲོད་གནང་སོང༌།
སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། བར་ལམ་སྤྱི་ཚོགས་ནང་གླེང་སློང་འདྲ་མིན་ཞིག་ཡོང་གིན་འདུག དེ་ནི་རྒྱ་ནག་ལ་སྤྲད་པའི་རང་སྐྱོང་གི་བསམ་འཆར་དང་སི་ཊ་སི་སྦག་གི་གསུང་བཤད་གཉིས་ལ་ཁྱད་པར་ཆེན་པོ་འདུག་ཟེར་བ་དེ་རེད། འདི་ས་གནས་སོ་སོར་གསལ་བོ་བཟོ་རྒྱུ་གནད་འགག་རེད། སི་ཊ་སི་སྦག་གི་གསུང་བཤད་དེ་ ༡༩༨༨ ལོར་བཏོན་པ་རེད། ད་བར་ལོ་ ༢༡ ཙམ་ཕྱིན་ཡོད། སྔོན་མ་འཛམ་གླིང་གི་ཆབ་སྲིད་འགྱུར་བ་ལོ་ངོ་བརྒྱ་དང་ཉིས་བརྒྱའི་ནང་འགྲོ་བ་དེ། དེང་སྐབས་ལོ་བཅུ་གྲངས་ནང་འགྱུར་བ་འགྲོ་བཞིན་ཡོད། ལོ་ངོ་ཉི་ཤུའི་གོང་གི་སི་ཊི་སི་སྦག་གི་གསུང་བཤད་ཀྱི་ལངས་ཕྱོགས་དང་ཚིག་གང་ཅིར་འགྱུར་བ་ཕྲན་བུ་འགྲོ་དགོས་པ་ཆོས་ཉིད་རེད། ད་ལྟ་འཛམ་གླིང་ནང་རང་སྐྱོང་གི་གནས་བབ་ཐོབ་ཡོད་པའི་རྒྱལ་ཁབ་མང་པོ་ཡོད། དེ་དག་གི་མགོ་ཁྲིད་ཚོར་ཐུག་རྒྱུ་བྱུང་ལ། རྒྱལ་ཁབ་ནང་འགྲོ་རྒྱུའང་བྱུང༌། ཁོང་ཚོར་རང་སྐྱོང་ཐོབ་ཡོད་ཀྱང༌། ད་དུང་འགྱུར་བ་དང་རྒྱབ་བཤོལ་བྱ་དགོས་པའི་གནས་སྟངས་ཆགས་ཀྱིན་འདུག་ཟེར། ང་ཚོས་ཀྱང་བོད་ནང་དང་རྒྱ་ནག རྒྱལ་སྤྱི་བཅས་ཀྱི་གནས་སྟངས་ལ་གཞིགས་ཏེ། འགྱུར་བ་གཏོང་དགོས་པ་རང་བཞིན་རེད། གནས་སྟངས་མང་པོར་གཟིགས་ཏེ་སྤྱི་འཐུས་གྲོས་ཚོགས་ནས་གྲོས་ཆོད་བཞག་པ་རེད། ཅེས་གསུངས་སོང༌།
ཡང་ཁོང་གིས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྒྲིག་འཛུགས་ཐད་གསུངས་དོན། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྒྲིག་འཛུགས་དེ་སྡེ་ཚན་གསུམ་དུ་བགོས་ཏེ། སྡེ་ཚན་དང་པོར། བོད་ནང་དང་རྒྱ་ནག རྒྱལ་སྤྱི་བཅས་ཀྱི་གནས་སྟངས་ལ་ཞིབ་འཇུག་བྱ་ཐུབ་མཁན་ཁག་ཅིག་ཟུར་དུ་བཙུགས་ཏེ། སྔ་ལོར་བཀའ་ཤག་གིས་ལས་འགུལ་སྤེལ་ཕྱོགས་ལམ་སྟོན་གནང་པ་དེ་གཞི་རྩར་བཟུང་སྟེ། གནས་སྟངས་ལ་འབབ་པའི་ལས་འགུལ་འཆར་འགོད་བྱ་རྒྱུ་དང༌། སྡེ་ཚན་གཉིས་པར། མི་དམངས་ལ་དབུ་མའི་ལམ་གྱི་ཟབ་སྦྱོང་དང་གོ་རྟོགས་སྤེལ་མཁན་ཟུར་དུ་བཙུགས་ཏེ། སྤྱིའི་སྒྲོམ་གཞི་ཙམ་མ་ཡིན་པར་རྣམ་དཔྱོད་ཐོག་ནས་ལམ་སྟོན་བྱ་ཐུབ་པ་ཁག་ཅིག་གིས་ས་གནས་ཚང་མར་སྐོར་སྐྱོད་བྱས་ན། མི་དམངས་ཚང་མར་ཆ་སྙོམ་དང་གཅིག་མཚུངས་ཀྱི་ལྟ་སྟངས་ཆགས་ཐུབ། སྡེ་ཚན་གསུམ་པར། དཔལ་འབྱོར་འདུ་འགོད་བྱེད་མཁན་ཚན་པ་ཞིག་བཙུགས་ཏེ། མ་འོངས་པར་ལས་འགུལ་གཞི་རྒྱ་ཆེ་རུ་བཏང་ཡང༌། དཔལ་འབྱོར་གྱི་དཀའ་ངལ་སེལ་ཐུབ་པ་ཡིན་ན། སྒྲིག་འཛུགས་སྲ་བརྟན་དང་ལས་འགུལ་ནུས་པ་ལྡན་པ་ཡོང་གི་རེད། ཅེས་གསུངས་སོང༌།
དེའི་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས། དབུ་མའི་ལམ་གྱི་དམིགས་ཡུལ་དང་དགོས་པ། མི་དམངས་ཀྱིས་དབུ་མའི་ལམ་ལ་འགན་ལེན་ཕྱོགས་བཅས་གསུངས་དོན། ༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་དགོངས་པ་བཞེས་སྐབས། གལ་ཆེ་ཤོས་དང་འདོར་དུ་མི་རུང་བ་ནི་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཡོང་རྒྱུ་དེ་རེད། བོད་སུལ་བར་ཐོར་བ་ནས་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱི་གོ་སྐབས་ཉུང་ཉུང་ལས་བྱུང་མེད། སོག་པོའི་གོང་མས་འགྲོ་མགོན་ཆོས་ཀྱི་འཕགས་པར་བོད་ཆོལ་ཁ་གསུམ་གྱི་མངའ་དབང་ཕུལ་ཡང༌། བོད་ཡོངས་ལ་ས་སྐྱའི་མངའ་དབང་ཡུན་རིང་གནས་མེད། དགའ་ལྡན་གཞུང་ཚུགས་སྐབས་ཀྱང༌། ཆབ་སྲིད་ཀྱིས་མཐའ་མཚམས་ཁག་ལ་ཞེ་དྲག་ཁྱབ་ཐུབ་མེད། བོད་རིགས་ཡོངས་གཅིག་གྱུར་དགོས་པ་དེ་མི་རིགས་དང༌། ཆབ་སྲིད་གཉིས་ཐད་ནས་གལ་གནད་ཆེན་པོ་ཆགས་ཡོད། དབུ་མའི་ལམ་གྱི་དགོས་པ་གཞན་ཞིག་ནི། དེང་སྐབས་འཛམ་གླིང་དུ་མི་རིགས་དང་རྒྱལ་ཁབ་ཀྱི་ལྟ་གྲུབ་ཉམས་དམས་སུ་འགྲོ་བཞིན་ཡོད། དམག་ཆེན་དང་པོའི་སྔ་རྗེས་སུ་ནུབ་ཕྱོགས་ཁག་ཏུ་མི་རིགས་རེ་ལ་རྒྱལ་ཁབ་རེ་དགོས་པའི་བསམ་ཚུལ་ བྱུང་ཡང༌། དེང་སྐབས་རང་བཙན་གཙང་མ་དང་བླངས་ཐོག་བློས་གཏོང་བྱས་ཏེ་མཉམ་རུབ་ཆགས་ཀྱིན་ཡོད། ལྷག་པར་དུ་ཁྱིམ་མཚེས་རྒྱལ་ཁབ་སྟོབས་ཆེན་ཞིག་གི་ཟུར་ནས་རང་བཙན་རྒྱལ་ཕྲན་ཞིག་ལ་ཞི་བདེ་བརྟན་བརླིང་ཁག་པོ་ཡིན། ཞེས་གསུངས་བྱུང༌།
ཁོང་གིས་མུ་མཐུད་དུ་མི་དམངས་ཚོས་དབུ་མའི་ལམ་ལ་འགན་ཁུར་ལེན་ཕྱོགས་གསུངས་དོན། རྒྱལ་ཁབ་གང་ཞིག་ཡིན་རུང་རྒྱལ་ཁབ་ཀྱི་ཆབ་སྲིད་ཡག་པོ་ཡོང་དང་མི་ཡོང་དེ་མི་དམངས་ཀྱི་ཆབ་སྲིད་གོ་རྟོགས་ལ་རག་ལས་ཡོད། བོད་གཞིས་བྱེས་གཉིས་བསྡུར་བ་ཡིན་ན། ཆབ་སྲིད་བསམ་བློའི་གནས་ཚད་དེ་གཞིས་བཞུགས་བོད་མི་ཚོ་ཚད་མཐོ་བ་ཞིག་ཏུ་མཐོང་སོང༌། བཙན་བྱོལ་ནང་རང་བཙན་དང་དབུ་མའི་ལམ་ཟེར་བ་སོགས་སྡེ་ཚན་མང་པོར་ཕྱེས་ཡོད་ཀྱང༌། རང་བཙན་རྩོད་མཁན་ཚོར་མ་འོངས་པའི་བོད་ཀྱི་རང་བཙན་གནས་བབ་འདི་འདྲ་ཞིག་ཡིན། ཞེས་སྒྲོམ་གཞི་ཆ་ཚང་བསམ་བློར་ཡོད་མཁན་ཁག་པོ་ཡིན་ལ། དེ་བཞིན། དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་མཁན་ཚོར་ཡང༌། མ་འོངས་པའི་བོད་ཀྱི་རང་སྐྱོང་གནས་བབ་གང་འདྲ་ཞིག་དགོས་པ་ཆ་ཚང་དགོངས་པར་ཡོད་མཁན་ཁག་པོ་ཡིན། དབུ་མའི་ལམ་ལ་དགའ་མོས་ཡོད་མཁན་ཚོས་ད་ལྟའི་གནས་སྐབས་ལ་དབུ་མའི་ལམ་གྱི་མཐར་ཐུག་གི་བསྒྲུབ་བྱ་གང་ཡིན་པ་དེ་གསལ་བོ་མཁྱེན་དགོས་ལ། ཆབ་སྲིད་ཀྱི་ལངས་ཕྱོགས་གཞན་པ་འཛིན་མཁན་ཚོར་གུས་ཞབས་བྱ་རྒྱུ་དེ་ཡང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་མཁན་ཚོའི་འགན་ཁུར་ཡིན། མང་པོ་ཞིག་གིས་༧གོང་ས་མཆོག་གི་དབུ་མའི་ལམ་དེ་རྒྱ་གཞུང་གི་མགོ་ཁྲིད་ཚོའི་ལངས་ཕྱོགས་ལ་བལྟས་ཏེ་གཏན་ལ་ཕབ་པ་ཞིག་ཏུ་དགོངས་ཀྱིན་ཡོད་པ་དེ་ནོར་འཁྲུལ་ཆེན་པོ་རེད། ཏིན་ཞའོ་ཕེན་དང་བཀའ་མོལ་མ་བྱུང་སྔོན་ནས་དབུ་མའི་ལམ་གཏན་ལ་ཕབ་ཚར་ཡོད། རྒྱ་ནག་མི་དམངས་དང་བོད་རྒྱ་ཆེའི་མི་དམངས་ཀྱི་མངོན་འདོད་ལ་གཞིགས་ཏེ། དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་ཕབ་པ་ཞིག་རེད། ཅེས་གསུངས་སོང༌།
མཇུག་མཐར་སྨན་པ་མཁྱེན་རབ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་རྣམ་པ་གཙོས་པའི་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་གཅིག ༧རྒྱལ་བ་རིན་པོ་ཆེ་ཡིས་རྒྱ་ནག་དང་ཁ་བྲལ་མི་འགྲོ་རྒྱུ་དང༌། བོད་མི་དམངས་དང་རྒྱ་ནག་མི་དམངས་ཀྱི་ཁེ་ཕན་ལ་གཞིགས་ཏེ། དབུ་མའི་ལམ་གྱི་སྲིད་བྱུས་འདི་གཏན་ལ་ཕབ་ཡོད། བོད་བཙན་བྱོལ་གཞུང་དམངས་གཉིས་ནས་ཀྱང༌། སྲིད་བྱུས་འདི་ལ་རྒྱབ་སྐྱོར་བྱས་ཏེ་གཞུང་གི་སྲིད་བྱུས་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་དོགས་པ་རྣམ་རྟོག་མེད་པ་དང༌། དུས་ཚོད་འགོར་འགྱངས་མེད་པའི་ཐོག་ནས་དོན་ཕན་ལྡན་པའི་ཡ་ལན་ཞིག་སྤྲོད་རྒྱུར་བོད་རྒྱ་ཆེའི་མི་དམངས་ཀྱི་ངོས་ནས་རེ་སྐུལ་ཞུ་བཞིན་ཡོད། ཅེས་གསུངས་སོང༌།
བཙན་བྱོལ་སྤྱི་ཚོགས་ནང་མཁས་དབང་ཟམ་གདོང་རིན་པོ་ཆེའི་མཛད་རྗེས་དང་གསུང་བཤད་ལ་དོན་མེད་ཕྲག་དོག་དང་སྒྲོ་འདོགས་མཁས་ཉུང་ཤས་ཡོད་པས། བློ་བཟང་མཁྱེན་བརྩེ་ཁོ་པ་ཡང་དེའི་རྗེས་འབྲང་པ་ཞིག་དང༌། ཡང་དེ་དག་རྒྱུག་ཁྱི་ཞིག་ཡིན་པ་འདོད། འདོར་ན་རིན་པོ་ཆེ་ནི་༸གོང་ས་མཆོག་གི་བཀའ་ལྟར་ཤར་སྤྱོད་གནང་མཁན་ལས་ལ་བརྩོན་ཞིང་མཛད་རྗེས་ཆེ་བའི་ང་ཚོའི་སྤྱི་ཚོགས་ཁོང་ལྷ་བུ་མེད་པ་ཧ་གོ་དོན་གསལ་རེད།
རྩོམ་ཡིག་འདིར་ཅིག་ལྟོས་དང༌། ཅུང་ཙམ་རེ་ཕན་ཐོག་ཆེ་སྙམ།
སྲན་མ་ཐུབ་པའི་ཉེས་བཤད་བོད་ལ་ཤོར་བ།
(བོད་ནས་རྩོམ་པ་པོས་རེ་བ་བྱས་བ་ལྟར་བསྐུར་ཡིན། ཁ་བརྡ་ལ་་བསྐུར་མཁན་གྱི་མིང་བཀོད་མེད།)
ཐོག་མར་ང་ལ་ལྟ་ལོག་པ་ཟེར་བར་གཟིགས་ཤིག།
བོད་ནས་ ལྷམ་ཀོག་འམ་རོང་བོ་དགེ་འདུན་ལྷུན་གྲུབ་ཀྱིས།
_______________________
བོད་ཀྱིས་མཁས་མི་མཁས་ཀྱི་ཚད་གཞི་ཆོས་གཞུང་གི་སྟེང་ནས་འཇོག་གིན་ཡོད་ལ། ཆོས་གཞུང་གིས་བོད་སྐྱོབ་ཐུབ་པར་འདོད་ཡོད།ད་ལྟའི་བོད་ཁྱིམ་གསར་བ་ཞིག་བསུ་ན་ཡང་ཆོས་ཀྱི་སྒང་ནས་བསུ་དགོས་གི་སྙམ་འདུག ཡ་མཚར་དགོས་པ་ཞིག་ལ་མ་འོངས་པའི་ཁྲིམས་ལུགས་དེ་ཡང་འདུལ་ཁྲིམས་ལྟར་བཅའ་ཡང་སྲིད་ཀི ཆོས་གཞུང་འདི་ཡོད་པས་བོད་པ་ཁ་ཐོར་དུ་མ་སོང་བ་བདེན་ཡང་། ཆོས་གཞུང་འདིས་མི་རིགས་ཤིག་གི་རང་དབང་ལོན་པར་འདོད་པ་དེ་གླེན་རྟགས་ཁོ་ནས་ལས་མ་འདས་སོ།། ན་ནིང་དོ་ཚིགས་ཀྱི་གྲྭ་བས་འོས་ལངས་དེ་ཡང་ཆོས་སུ་བརྩི་གིན་ཡོད་མོད། དེ་ནི་ཆོས་དང་དྲང་མོར་བཤད་ན་མཐུན་པ་ལས་མི་མཐུན་པ་ཤོས་ཆེ་ནི་རེད།དཔེར་ ན་ད་ལོའི་དམིགས་བསལ་ཚོགས་ཆེན་སྐབས་སུ་ཡང་ཆབ་སྲིད་ཀྱི་གནད་ཟིན་པའི་སྐད་ཆ་ ཤོད་མཁན་གཅིག་ཀྱང་མེད་པ་དེའང་ད་རག་ལ་ཆོས་ལུགས་རྐྱང་བ་ལས་ཤེས་བྱའི་སྒོ་གཞན་ མ་མཐོང་བས་ལན་པ་རེད། བཀའ་ བློན་ནས་བཟུང་སྟེ་དངོས་ཡོད་ཀྱི་འཐབ་རྩོད་དེ་ལ་རིམ་གྲོ་སྒྲུབ་པ་དང་མོ་རྩིས་ རེ་བྱས་ནས་སྡོད་པ་ནི་ཕ་རོལ་བོར་བཞད་གད་སློང་བའི་རྒྱུ་རུ་ཟད་དོ།། རྡོག་རྩ་ཆིག་སྒྲིལ་གྱི་ལས་ལ་མི་སྒྲིམས་པར་ལྷ་འདྲེ་ཞིག་བརྩད་ནས་སྡོད་པ་དེ་ཡང་དམངས་གཙོ་བྱས་པ་དེ་ལའང་འགལ་འདུག ཐན་དུ་ལྟ་བའི་གུང་ཁྲན་གྱིས་ཀྱང་ཆོས་དད་པ་ལ་རང་དབང་དང་མ་དད་པ་ལ་རང་དབང་སྟེར་གིན་འདུག ད་རག་བར་དུ་སློབ་གྲྭ་ནས་ཀྱང་ཆོས་སྦྱངས། དགོན་པ་ནས་ཀྱང་ཆོས་སྦྱངས། སྲིད་གཞུང་ནས་ཀྱང་ཆོས་བརྩད། དགོན་པ་ནས་ཀྱང་ཆོས་བརྩད་ནས་མཐར་གཏུགས་སྲིད་ལ་ཡ་ལན་སྤྲོད་མཁན་ཞིག་གང་དུ་ཡང་མ་བྱུང་བ་ནི་ཤེས་བྱར་གོ་འཛོལ་བྱུང་བའི་རྟགས་རེད། ཡིད་བཞིན་ནོར་བུ་གཅིག་པོར་བལྟས་ནས། ཁྲོམ་སྲང་ནས་འུར་རེ་བརྒྱབས་ཏེ་འདུག་པ་ཙམ་ལས་བསམ་བློའི་ཆ་ན་གན་དང་འདི་བྱེད་ཟེར་བ་གཅིག་ཀྱང་མི་འདུག ཚང་མ་ཚ་རྐོང་གཅིག་གི་ཚ་ཚ་རེད། དེང་རབས་ན་གཞོན་ཟླ་བ་ནོར་བུ་དང་པདྨ་འབུམ་སོགས་ཀྱིས་བསམ་ཚུལ་རེ་བརྗོད་ན་ལྟ་ལོག་པའི་ཉེས་མིང་འདོགས་པར་མ་ཟད། སྲོག་ལ་གཟན་པའི་ལས་ལ་ཡང་སྐུལ་གིན་ཡོད། ངོ་མ་ད་རག་བར་དུ་ཡིད་བཞིན་ནོར་བུས་སྐད་རྒྱབ་བརྒྱབས་པ་དེ་དག་ལ་རྒྱབ་སྐྱོར་བྱེད་ནུས་པ་གཅིག་ཀྱང་མི་འདུག མདོར་ན་སྲིད་གཞུང་གི་ལས་ཀ་དང་དགོན་པ་ལས་ཀ་གཉིས་ལ་དབྱེ་ཁྱད་ཀྱང་གསལ་བོ་ཞིག་ཀྱང་མི་འདུག་པས་ཕྲན་ང་ནི་ཧ་ཅང་གི་སྐྱོ་དགོས་བྱུང་། ཀློག་ པ་པོ་དག་གིས་སྡིག་རྐྱང་མ་བྱེད་པར་བསམ་བློ་བཏང་མཐར་ང་ལ་ལྟ་ལོག་པ་ཞེས་ ཤོད། སྤྱིར་འུ་ཅག་གི་ཁ་ལ་ལྟ་ལོག་པ་ཞེས་པ་འདི་མཁས་མི་མཁས་གཉིས་ཀྱི་སྤྱི་ ནོར་ལྟ་བུ་ཞིག་ཡིན་པས། བཤད་ཆོག་ཆོག་དང་འདོགས་ཆོག་ཆོག་གི་ཚུལ་དུ་ཡོད་མོད།འོན་ཀྱང་ཞིབ་འདང་རེ་བརྒྱག་ དགོས་བྱུང་འདུག མིག་གསལ་བོ་གྱིས།བསམ་བློ་སྒམ་པོར་གྱིས། རང་མི་ལྟ་ལོག་པ་ཇི་འདྲ་ཞིག་ཡིན་རུང་ ཕ་མ་ཉེ་དུ་འདོར་མཁན་རེ་གཉིས་ལས་ཡོད་མི་སྲིད། དེའི་ཕྱིར་སྐབས་ཀྱི་སྙན་པ་ལ་མཐེབ་མོ་སྟོན་པ་དང་།མི་སྙན་པ་ལ་སྡིག་མཛུབ་སྟོན་ རྐྱང་མ་རེད། འདི་ནས་གོ་འཛོལ་འབྱུང་མི་ཉེན་ས་ཞིག་ནི་ངས་ཆོས་ལུགས་མི་ཟབ་ཀི་ ཞེས་པ་དང་དེ་གཏན་ནས་མི་དགོས་ཟེར་བ་འམ། ཡང་ན་དེས་ང་ཚོར་ཕན་བཏགས་མ་མྱོང་ཞུ་བ་དེ་མ་ཡིན་པར་གོ་དགོས་ སོ།།
འཁྲུལ་བ་འབྱམས་སུ་ཀླས་ཀྱང་གླེན་པ་ཞིག་གིས་དུངས་ཞེན་ཁར་ཕུད་པ་ཙམ་དུ་གོ་ནས་བཀའ་བཀྱོན་མི་གནང་བར་ཞུ།
གྲོགས་ པོ་ལགས། འདི་དེ་ག་ནས་དྲ་གནས་དང་ཚགས་ཤོག་དུས་དེབ་ཅི་རིགས་སུ་འགོད་ཐུབ་ན་བཀའ་དྲིན་ཆེ་ མིང་ལྷམ་ཀོག་འམ་རོང་བོ་དགེ་འདུན་ལྷུན་གྲུབ་ཟེར་དགོས།
འབའ་བ་ལགས། དེའང་མི་ཤེས་སམ། རྒྱ་ནག་ལ་རྨོངས་པ་ཟེར་བ་ནི་རྒྱ་ནག་གི་ཆབ་སྲིད་དེ། ད་ལྟའི་རྒྱ་ནག་གི་ཆབ་སྲིད་གནས་སྟངས་དང༌། མ་འོངས་པའི་ཁ་ཕྱོགས(འདི་ལ་ནི་ཟམ་གདོང་ལྷག་ཏུ་རྨོངས་པས་བཤད་ཀྱང་དོན་མེད།)ད་ལྟའི་དཔོན་རིགས་ཚོ་སུ་ཡིན་དང་དེ་ཚོས་སྔོན་ཆད་ཅི་བྱས་དང༌། ས་གནས་གང་དུ་ལས་ཀ་ཅི་བྱས་རྗེས་ད་གཟོད་དབུས་ཆ་སྲིད་ཇུས་ཀྱི་ནང་དུ་སླེབས་ཐུབ་པ་བྱུང་པའམ། ཧུའུ་ཡིས་ཞབས་རོགས་སུ་གྱུར་བ། ལྷག་དོན་དུ་བོད་ཀྱི་ཐོག་འཛིན་པའི་ཆབ་སྲིད་དང་བོད་ནམ་ཡང་གློད་མི་ཐུབ་པའི་རྒྱུ་མཚན་ལ་སོགས་སོསོསོསོསོསསོ་་་་་
སྔར་ལས་བཟང་བ་ལས་ཞན་པ་བྱུང་མེད་ཟེར་ན་ཅི་ཤེས། བཙན་བྱོལ་ནང་གི་མི་གྲངས་ལ་གཞིགས་ན་ངའི་ཕ་ཡུལ་གྱི་རྫོང་གཅིག་གི་མི་གྲངས་ཀྱང་མེད་པའི་བཙན་བྱོལ་བའི་ནང་གི་སྒྲིག་འཛུགས་ཅུང་ཡག་ཏུ་བྱིན་ཡོད་པ་ངས་ཁས་ལེན་གི་ཡོད། འོན་ཀྱང་རྒྱ་ནག་གིས་ནམ་ཡང་མགོ་སྐོར་བསླུ་བྲིད་ཀྱིས་༸རྒྱལ་བའི་སྐུའི་ཚེ་ཚད་ལ་སྒུག་ཡོད་པ་ཁྱོད་ཀྱིས་ཀྱང་ཁས་ལོས་ལེན། འདི་འཛམ་བུ་གླིང་གི་མཁས་བླུན་ཚང་མ་ཞལ་མཐུན་རེད། ང་ཚོ་བོད་ཕྱི་ནང་གཉིས་ན་ཡོད་པའི་བོད་མི་ཡོད་དོ་ཅོག་དང་། ཐ་ན་བོད་ཀྱི་རི་ཆུ་ནགས་བྲག་སོགས་དང་གཅན་གཟན་རི་དྭགས་འབའ་འབུ་སྲོག་ཆགས་ཐམས་ཅད་ཀྱི་བོད་དོིན་ཐག་བཅད་དེ། བོད་ལ་རང་དབང་གི་ཉི་མ་ཞིག་འཆར་བར་རེ་སྒུག་བྱས་བསྡད་ཡོད་པ་མ་ཡིན་ནམ། ཁྱོད་ཀྱིས (རྒྱ་ནག་དང་འབྲེལ་མོལ་ནམ་བྱུང་”དམ་འཛིན་”བྱ་འོས་)ཟེར་བ་ལས་ཁྱོད་ཀྱང་ཟམ་གདོང་ནང་བཞིན་དང་ཡང་ན་ཟམ་གདོང་གི་བསམ་བློས་དབང་བསྒྱུར་ཐེབས་ཟིན་པ་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་རེད་དེ། སྤྱིར་ཟམ་གདོང་མཁས་མིན་དང་ཁོང་ལ་དགའ་མིན་ནི་སོ་སོའི་རང་དབང་རེད་ལ། ལྟ་སྟངས་ཀྱང་རེད་ཟེར་ན་མི་ཆོག་རྒྱུ་ཅང་མེད་ཀི་ འོན་ཀྱང་བོད་དོན་ཐད་ནས་བཤད་ན་ཚང་མས་འགན་ཁུར་དགོས་པས་དོན་ལ་དབབས་པའི་སྐད་བཤད་དགོས་པ་རེད། བོད་རྒྱའི་གནད་དོན་དེ་རྒྱ་ནག་ལ་སྒུག་ནས་སྡོད་དགོས་ན་༸གོང་ས་མཆོག་གི་སྐུ་ཚེ་ཡིས་ལྕོགས་སམ་ཁྱོད་ཀྱིས་ཀྱང་མི་ཤེས་སམ། གོང་དུ་བཀོད་པ་དེ་ཚོ(ད་དུདང་འདིས་ག་ལ་ཚད་དེ་མི་ཚད་དོ།)ལེགས་པར་ཤེས་རྗེས་ད་གཟོད་རྒྱ་ཕྱོགས་ལ་སྐད་ཆ་བཤད་རྒྱུ་དང་གྲོས་མོལ་ཟེར་བ་དེ་བྱ་དགོས་པ་འདྲ། དེ་མིན་རྒྱ་ནག་གི་ཕྱོགས་ལ་ཧ་ཅང་ཧ་ཅང་རྨོངས་པའི་སྒོ་ནས་ཁོང་ཚོ་དང་ཅི་ཞིག་གྲོས་མོལ་བྱ་རྒྱུ་ཡིན།
རྒྱ་གཞུང་གིས་བོད་མི་བཙོན་འཇུག་དང་ཉེས་རྡུང༌། ཐ་ན་སྲོགཐོག་ཏུ་བཏང་ཡང་ “བཀའ་ཤག་ལ་བློ་ཕམ་ཡོད་” ཟེར་བ་ཙམ་ལས་ཅི་ཡང་མི་འཇོན་པ་མ་ཡིན་ནམ། ཁ་བོད་ནང་ལ་སྐོར་དང༌། བོད་མིས་མནརགཅོད་སྡུག་བསྔལ་ཅི་འདྲ་མྱངས་དང་མྱོང་བཞིན་འདུག ཁྱོད་ཀྱིས་ཀྱང་གསར་ལམ་ཁག་དང་སྨྱན་བྱེད་ media.་སོགས་ནས་མཐོང་ཡོད་ཤག
ཡང་གཅིག་བཤད་ན་སི་ཏ་ལེན་གྱི་འཆལ་ཚིག་ཅིག་ལུང་འདྲེན་བྱ་ཁུལ་བྱས་འདུག སྙིང་རྗེ་ས་ཞིག་རེད། སི་ཏ་ལེན་གྱི་གསུང་རྩོམ་ལས་ཁྱོད་ལ་འདི་མ་གཏོགས་མ་རགས་པ་རེད་དམ། ཡང་ན་འདི་འོས་འཚམས་སུ་མཐོང་ནས་འདིར་བཀོད་པ་ཡིན། དངོས་གནས་བློ་གྲོས་མ་རྒྱས་པ་རང་རེད། དགྲ་བོ་ལ་ཡིད་ཆེས་བྱས་ན་ཁྱོད་རང་ཇི་ལྟར་ཁོ་ལས་རྒྱལ་ཐུབ་བམ། འདི་ལ་དུས་ཚོད་བསྐྱལ་ཏེ་དགག་རིན་ཅང་མེད་ཀི་ཡཡཡ།
བདག་གིས་བྲིས་པར་ཡག་པོ་ཞིག་བལྟས་རྗེས་ལན་ཡོད་ན་ཕྲིས་ཤོགགགགགགག
(རྩོམ་ཡིག་ཅི་ཞིག་ཡིན་རུང་དུས་དེབ་དང་ཚགས་ཤོག་སོགས་ལ་བཀོད་རྗེས་དང༌། གཞན་གྱིས་རང་གི་རྩོམ་ཡིག་ལདགག་པ་བྱས་ཡོད་ཚེ། (ངེས་པར་དུ་རང་གི་རྩོམ་ཡིག་ལ་ལྟ་ཞིབ་ཐེངས་གཅིག་བྱ་གདོལ་གལ་ཆེ། འདི་ངས་ཁྱོད་དང་ཁྱོད་འདྲ་བ་ཚོར་གསལ་འདེབས་ཤིག་བྱས་པ་ཡིན།)
བློ་མཁྱེན་ལགས་ ཁྱེད་རང་གི་ལྟར་ན་རྒྱ་ནག་མི་རྨོངས་ཟེར་བ་དེ་ཚད་གང་ལ་མཇོག་གི་ཡོད་དམ་།གལ་ཏེ་རྒྱ་ནག་གི་དཔོན་རིགས་ཚོ་དང་ངོ་ཤེལ་འདྲོགས་འདྲིས་ཙམ་ཡིན་ན་ནི་།ཟམ་གདོང་རིན་པོ་ཆེསྔར་དེའི་གྲས་དཔོན་གནས་བཟུང་སྐབས་ལྷག་པ་ལས་ཞན་པ་བྱུང་མེད།ཡང་རྒྱ་ནག་འབྲེལ་བ་མི་བྱེད་པར་སྡོད་པར་རྒྱ་ནག་ལ་སྤྱང་པ་ཟེར་ན་། མ་ཡིན་ཏེ་ང་ཚོས་མི་འོས་པའི་ཆ་རྐྱེན་མེད་པའི་ཐོག་རྒྱ་ནག་དང་འབྲེལ་མོལ་ནམ྄བྱུང་དམ་འཛིན་བྱ་འོས་།རྒྱུ་མཚན་ནི་ང་ཚོས྄མཐའ་མ་བབས་ས་ནི་རྒྱ་དང་མཉམ་དུ་འབྲེལ་མོལ་བྱེད་ནས་གནས་དོན་ཐག་གཅོད་དགོས་པས་སོ་།སི་ཏ་ལིན་གྱིས་དགྲ་བོ་ལ་ཡིད་ཆེས་མེད་ན་གཡུལ་ལས་རྒྱལ་མི་ཐུབ་གསུངས་པ་ལྟར་ག་དུས་རྒྱལ་ནག་ལ་དོགས་པ་རྐྱང་བྱེད་ན་དོན་དག་འགྲུབ་རྒྱུར་དཀའོ།
བློ་མཁྱེན་ལགས་ ཁྱེད་རང་གི་ལྟར་ན་རྒྱ་ནག་མི་རྨོངས་ཟེར་བ་དེ་ཚད་གང་ལ་མཇོག་གི་ཡོད་དམ་།གལ་ཏེ་རྒྱ་ནག་གི་དཔོན་རིགས་ཚོ་དང་ངོ་ཤེལ་འདྲོགས་འདྲིས་ཙམ་ཡིན་ན་ནི་།ཟམ་གདོང་རིན་པོ་ཆེསྔར་དེའི་གྲས་དཔོན་གནས་བཟུང་སྐབས་ལྷག་པ་ལས་ཞན་པ་བྱུང་མེད།ཡང་རྒྱ་ནག་འབྲེལ་བ་མི་བྱེད་པར་སྡོད་པར་རྒྱ་ནག་ལ་སྤྱང་པ་ཟེར་ན་། མ་ཡིན་ཏེ་ང་ཚོས་མི་འོས་པའི་ཆ་རྐྱེན་མེད་པའི་ཐོག་རྒྱ་ནག་དང་འབྲེལ་མོལ་ནམ྄བྱུང་དམ་འཛིན་བྱ་འོས་།རྒྱུ་མཚན་ནི་ང་ཚོས྄མཐའ་མ་བབས་ས་ནི་རྒྱ་དང་མཉམ་དུ་འབྲེལ་མོལ་བྱེད་ནས་གནས་དོན་ཐག་གཅོད་དགོས་པས་སོ་།སི་ཏ་ལིན་གྱིས་དགྲ་བོ་ལ་ཡིད་ཆེས་མེད་ན་གཡུལ་ལས་རྒྱལ་མི་ཐུབ་གསུངས་པ་ལྟར་ག་དུས་རྒྱལ་ནག་ལ་དོགས་པ་རྐྱང་བྱེད་ན་དོན་དག་འགྲུབ་རྒྱུར་དཀའོ།
བློ་བཟང་མཁྱེན་བརྩེ་ལགས། ངས་ནི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་བོད་རྒྱའི་གནད་དོན་ཐད་ད་ལྟའི་གནས་སྐབས་སུ་ཐུགས་རྨོངས་པ་ཡིན་དང་མིན་གཉིས་ཀ་བརྗོད་ཀྱི་མིན། ཐུགས་རྨོངས་པ་རེད་གསུང་མཁན་ཁྱེད་རང་གི་རྒྱུ་མཚན་ལ་ཉན་འདོད་ཡོད། དེ་བཞིན་དུ་ཐུགས་མ་རྨོངས་པ་རེད་ཅེས་རྒྱབ་སྐྱོར་གནང་མཁན་ཚོའི་རྒྱུ་མཚན་ལའང་ཉན་འདོད་ཡོད། དེ་ནས་གཅིག་ཤེས་ཡོང་གི་རེད། དེར་བརྟེན་རྣམ་པ་ཚོས་རྒྱུ་མཚན་གསུངས་རོགས་གནང་།
ཁང་གསར་རྡོ་རྗེ་ལགས་ཀྱིས་དཀའ་ལས་བསྐྱོན་པར་ཐུགས་རྗེ་ཆེ་ཞུ། ངའང་དྲ་ལམ་ཁག་ནས་བསམ་སྟོང་བླ་མར་དོན་མེད་དམོད་མཁན་གྱི་གྲས་དེ་འདྲ་མིན། ཟམ་བསམ་སྟོང་བླམའི་དཔེ་དེབ་འཁྱག་སྒམ་འདྲ་པོ་དེ་ཚོ་ཀློག་ཁོམ་ཡང་མི་འདུག ངས་བཤད་པ་ནི་བོད་རྒྱའི་གནད་དོན་སྐོར་ལ་ཁོང་ཐུགས་རྨོངས་འདུག་ཟེར་གི་ཡོད། མི་བདེན་ན་ཁོང་གི་བོད་རྒྱའི་སྐོར་གྱི་གསུང་བཤད་གང་ན་ཡོད་པ་དེར་གཟིགས་ཤིག་དང༌། དེ་ནས་རྒྱའི་ཕྱོགས་པ་ཅིག་ལྟོས་དང༌། ཁྱོད་ཚོའང་ཁོང་ལྟར་གྱིས་རྒྱ་ནག་ལ་རྨོངས་པ་ཞིག་མིན་ན་ཅུང་ཙམ་ར་འཕྲོད་ངེས་རེད། ཁྱེད་ཀྱིས་འདིར་དྲངས་པ་རྣམས་དབུ་མའི་ལམ་གྱི་སྐོར་ནས་ཡིན་པས། དེའི་སྐོར་ངས་ཅང་མི་བཤད། དེར་བསམ་སྟོང་གིས་མཐའ་བཞི་མཐའ་བརྒྱད་དང་བྲལ་བ་ཞེས་སོགས་ལོག་འགྲེལ་དང་དོན་ལ་མི་གནས་པའི་འགྲེལ་བཤད་མང་པོ་མང་པོ་ཞིག་གནང་མི་འདུག་གམ། ཕྱོགས་ལྷུང་གི་བློ་མིག་གིས་ཅང་རིག་ནི་མ་རེད། གཞིས་ལུས་བོད་མི་གཙོས་བོད་ཕྱི་ནང་གཉིས་ཀྱི་ད་ལྟའི་གནས་སྟངས་དང་༸གོང་ས་མཆོག་གི་དགུང་ན་ལ་བསམ་ནས་དཔྱད་པ་ཐོངས་ན་རབས་རེད། དེ་མིན་མཁས་དབང་ཡིན་ཙམ་གྱིས་ནི་ད་ལྟའི་རྒྱའི་གནད་དོན་ལ་ཕན་མིན་ཁ་གསལ་ངོ་གཏིང་གསལ་རེད། མཇལ་ཡོང༌།
གཉིས་ཕན་ཟེར་བ་དེ་རྒྱ་མིའི་འགོ་ཁྲིད་ཁ་ཤས་དང༌། བོད་པའི་འགོ་ཁྲིད་ཁ་ཤས་ལ་ཕན་པའི་སྐད་ཆ་མ་རེད། བོད་དང་རྒྱ་ནག་མི་མང་གི་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་གཟིགས་ནས་གཏན་འབེབས་ གནང་བའི་སྲིད་བྱུས་ཤིག་རེད། དེའི་ཐོག་ལ་འགན་ཁུར་མཁན་ཚོས་དགོངས་པ་དེ་འདྲ་བཞེས་ནས་འགན་ཁུར་དགོས་རེད་བསམ་ གྱི་ཡོད།
གསུམ་པ། བོད་རིགས་ཡོངས་ལ་རང་སྐྱོང་ཡོང་བའི་བསམ་འཆར་དེ་བོད་རྒྱ་དབྱིན་གསུམ་གྱི་སྐད་ ཡིག་ནང་ལ་ཡོད་རེད། གསལ་པོ་ཞེ་དྲག་རེད། རྒྱ་ནག་གི་ད་ལྟའི་རྩ་ཁྲིམས་དང༌། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཉིས་ཀྱི་དོན་ཚན་སོ་སོ་ནས་བགྲང་ནས་ང་ ཚོས་བཤད་ཀྱི་ཡོད་རེད། སི་ཊ་སི་སྦག་གི་གསུང་བཤད་ནས་ད་ལྟའི་བར་བྱུང་རིམ་འགྱུར་བ་ཕྱིན་པ་དེ་ཚོ་བོད་ མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་ཀྱི་དགོངས་དོན་གཞིར་བཟུང་ གིས་ཕྱིན་པ་གསལ་པོ་རེད། ཡིག་ཆ་འདི་ཆ་ཚང་པོ་རེད། འདི་ལྗགས་ཀློག་གནང་ན་གསལ་པོ་ཤེས་ཀྱི་རེད། མཐའ་བསྡོམས་ལ་མང་ཚོགས་རང་འགུལ་གྱིས་དབུ་མའི་ལམ་གྱི་སྐོར་ཤེས་འདོད་དང༌། དེའི་ཐད་ཕྱག་ལས་གནང་བ་ལ་རྗེས་སུ་ཡི་རངས་དང་མུ་མཐུད་གནང་རོགས་ཞུ་རྒྱུ་ཡིན། དེ་གནང་སྐབས་མང་ཚོགས་རང་གི་ལས་འགུལ་གྱི་ངོ་བོ་མ་གཏོགས་གཞུང་གིས་དངོས་ཤུགས་ བརྒྱུད་གསུམ་ནས་འབོད་སྐུལ་ཞུས་པ་མ་ཡིན་པའི་རྣམ་པ་གསལ་པོ་སྟོན་དགོས་པ་གལ་ ཆེན་པོ་རེད། རྒྱ་མིས་ངོས་ནས་ཚང་མ་གཞུང་གིས་ཡིན་པའི་བཟོ་འདྲ་པོ་མཐོང་གི་ཡོད་རེད། གཞུང་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་དེ་ཚོ་ཡང་གཞུང་དང་ལངས་ཕྱོགས་མི་ མཐུན་པ་ཡིན་པའི་རྣམ་པ་གསལ་པོ་མེད་པ་དེ་འདྲ་ཞེ་དྲག་ཡོང་གི་འདུག་གཱ དེ་མང་གཙོའི་འགྲོ་སྟངས་བྱས་ན་ཏག་ཏག་བསྡད་ཡོད་མ་རེད། གཞུང་དང་ལངས་ཕྱོགས་མི་མཐུན་པ་ཚོས་གཞུང་དང་ལངས་ཕྱོགས་མི་མཐུན་པ་ཡིན། གཞུང་དང་ཆབ་སྲིད་ཀྱི་ཐོག་ནས་འགལ་ཟླ་ཡིན་ཞེས་གསལ་པོ་བཟོ་དགོས་ཀྱི་རེད་མ་ གཏོགས། ཚང་མ་སྦུག་དེར་གཅིག་པ་ཡིན་པའི་བཟོ་འདྲ་པོ་ཆགས་ན་མང་གཙོའི་ལྟ་གྲུབ་དང་མཐུན་ གྱི་མ་རེད་ལ། ཡ་རབས་བཟང་སྤྱོད་དང་མི་མཐུན་པ་ཆགས་ཀྱི་ཡོད་རེད། ཁྱེད་རང་ཚོའི་རང་འགུལ་གྱི་ལས་ཀ་དེ་རང་འགུལ་ཡིན་པའི་མངོན་གསལ་དོད་པོ་དགོས་པ་ དེ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌
དྲ་རོགས་ཚོ། གོང་གི་རྩོད་པ་མང་པོ་ཞིག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་གསུང་བཤད་ཆ་ཚང་མ་གཟིགས་པའི་དབང་གིས་བྱུང་འདུག དེང་སྐབས་བོད་ཀྱི་དུས་བབ་འདི་ལེ་ལོ་ཆེ་རུ་སོང་ནས་༸གོང་ས་མཆོག་གི་གསུང་བཤད་གནད་ཆེ་དེ་ཚོ་ནས་ཀྱང་ཁ་ཟིན་སྣ་ཟིན་ཙམ་རེ་ལས་འགོད་ཀྱི་མི་འདུག་པས། ཟམ་གདོང་རིན་པོ་ཆེའི་གསུང་ལ་ལྟ་དེ་ཙམ་མཐོང་ག་ལ་འཇོག
གཤམ་དུ་ཟམ་གདོང་རིན་པོ་ཆེའི་གསུང་བཤད་ཆ་ཚང་བ་བཀོད་ཡོད། དེ་ཡང་བོད་ཀྱི་བང་ཆེན་གྱི་དྲ་རྒྱའི་ཐོག་བཀོད་འདུག་པ་ལས་བཤུས་པ་ཡིན། ཚང་མས་དེ་ཞིབ་པར་ཀློག་སྟེ་བགྲོ་གླེང་གནང་ན་འོས།
༌ ༌ ་ བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་གསུང་དོན། དབུ་མའི་ལམ་གྱི་དམིགས་ཡུལ་དང་དགོས་པ་ནི། ྋགོང་ས་སྐྱབས་མགོན་ཆེན་པོས་དབུ་མའི་ལམ་གྱི་སྲིད་བྱུས་ལ་དགོངས་པ་བཞེས་པའི་ སྐབས་ལ་འདོར་དུ་མི་རུང་བའི་དམིགས་ཡུལ་དེ་བོད་རིགས་ཡོངས་རྫོགས་གཅིག་གྱུར་ ཡོང་བ་དེ་རེད་བསམ་གྱི་ཡོད། བོད་སིལ་བུར་འཐོར་བ་ནས་བཟུང་སྟེ་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱི་གོ་ སྐབས་ཧ་ཅང་ཉུང་ཉུང་མ་གཏོགས་བྱུང་ཡོད་མ་རེད། སོག་པོས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་མངའ་དབང་ཕུལ་བའི་སྐབས་ལ། ཁ་ནས་ཆོལ་གསུམ་ཡོངས་རྫོགས་ཀྱི་བཀའ་མོལ་གསུངས་ཡོད་རེད་དེ། དོན་དམ་ཆབ་སྲིད་འཛིན་སྐྱོང་ཐོག་ཆོལ་གསུམ་ཡོངས་རྫོགས་ལ་ས་སྐྱའིམངའ་དབང་ཁྱབ་ ཐུབ་པའི་དུས་ཚོད་བྱུང་ཡོད་མ་རེད། མཐའ་མཚམས་དེ་ཚོ་ལྷག་བསྡད་པ་རེད། ས་སྐྱའི་མངའ་དབང་ཉམས་དམས་ཕྱིན་པའི་རྗེས་སུ་ཕག་གྲུ་དང་རིན་སྤུངས་དེ་ཚོའི་ སྐབས་ལ་དེ་བས་ཀྱང་མཐའ་མཚམས་ལ་ཁྱབ་མ་ཐུབ་པར་རྒྱུན་རིང་པོ་བསྡད་པ་རེད། དགའ་ལྡན་ཕོ་བྲང་པའི་གཞུང་ཚུགས་པའི་སྐབས་ལ་གུར་ཤྲི་ཁང་གིས་བོད་ཡོངས་རྫོགས་ དབང་བསྒྱུར་བྱས་ནས་ྋརྒྱལ་དབང་ལྔ་པ་ལ་ཕུལ་བའི་གནས་སྟངས་ལྟ་བུ་ཆགས་ཡོད་རེད་ དེ། གུར་ཤྲི་ཁང་གི་ཆབ་སྲིད་དེ་མཐའ་མཚམས་ཡོངས་རྫོགས་ལ་ཁྱབ་ཐུབ་པ་བྱུང་ཡོད་མ་རེད། དེར་བརྟེན་འདི་ལྟར་བལྟས་ན། གླང་དར་གྱི་རྗེས་བོད་སིལ་བུར་འཐོར་ནས་བོད་རིགས་ཡོངས་རྫོགས་གཅིག་གྱུར་མ་ བྱུང་བ་དེ་བོད་མི་རིགས་དང་བོད་རྒྱལ་ཁབ་གཉིས་ཀྱི་ཞན་ཆ་ཆེ་ཤོས་ཤིག་ཆགས་པ་རེད་ བསམ་གྱི་འདུག དེར་བརྟེན་བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པ་དེ་མི་རིགས་དང་ཆབ་སྲིད་ གཉིས་ཀའི་ཐོག་ནས་གལ་གནད་ཆེན་པོ་ཞིག་ཡིན་སྟབས། དབུ་མའི་ལམ་ལ་བརྟེན་ནས་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཡོང་བའི་དགོངས་པ་དེ་ ཧ་ཅང་རླབས་ཆེན་རེད་ལ། དབུ་མའི་ལམ་གྱི་དམིགས་ཡུལ་གཙོ་བོ་ཞིག་རེད་བསམ་གྱི་འདུག དམིགས་ཡུལ་གཞན་ག་རེ་རེད་ཟེར་ན། དེང་སང་འཛམ་གླིང་དུ་མི་རིགས་རྒྱལ་ཁབ་ཀྱི་ལྟ་གྲུབ་ཉམས་དམས་འགྲོ་བའི་སྐབས་ རེད། དམག་ཆེན་དང་པོ་གཉིས་པའི་གོང་དུ་ནུབ་ཕྱོགས་སུ་མི་རིགས་གཅིག་ལ་རྒྱལ་ཁབ་གཅིག་ དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་རེད། འོན་ཀྱང་མི་རིགས་ཡོངས་རྫོགས་ལ་རྒྱལ་ཁབ་གཅིག་ཡོད་པའི་ཁྱབ་པ་དེ་འཛམ་གླིང་ལ་ བྱུང་ཡོད་མ་རེད། ད་སྐབས་ནུབ་ཕྱོགས་ལ་བལྟས་པ་ཡིན་ན། ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ག་ལེར་སོ་སོའི་རང་བཙན་གྱི་ཐོབ་ཐང་དེ་ཚོ་དང་ བླངས་ཀྱིས་བློས་གཏོང་བྱས་ནས་ཚུར་རུག་རུག་ཆགས་ཡོང་བའི་སྐབས་ཤིག་རེད། སྤྱིར་གོ་ལ་གཅིག་གྱུར་གྱི་གནས་བབས་དེའི་འོག་ཏུ་རྒྱལ་ཁབ་སོ་སོའི་རང་བཙན་མངའ་ དབང་ཟེར་བ་དེ་མིང་ཙམ་མ་གཏོགས་དོན་དམ་ལ་ཧ་ལམ་བརླག་འགྲོ་བའི་སྐབས་ཤིག་རེད། གལ་སྲིད་ང་ཚོས་མི་རིགས་རྒྱལ་ཁབ་ཀྱི་ལྟ་གྲུབ་རང་བདག་འཛིན་བྱས་ནས་བསྡད་པ་ཡིན་ ཡང་འདུག་ཐུབ་རྒྱུ་ཁག་པོ་ཞེ་དྲག་རེད། ལྷག་པར་ཁྱིམ་མཚེས་ལ་དོ་མི་མཉམ་པའི་སྟོབས་ཆེན་རྒྱལ་ཁབ་ཡོད་པ་ཡིན་ན་དེ་བས་ ཀྱང་བརྟན་ལྷིང་ཡོང་རྒྱུ་ཧ་ཅང་ཁག་པོ་རེད།
རྒྱ་གར་དབྱིན་ཇི་ཡིས་བཟུང་བའི་སྐབས་ལ་དབྱིན་ཇིས་བོད་ལ་དབང་བསྒྱུར་བ་ཡིན་ན་ བསྒྱུར་མི་ཐུབ་པ་རྩ་བ་ནས་མེད་པ་རེད། ༡༩༠༤ ལོར་དབྱིན་ཇིས་དམག་བརྒྱབ་ནས་བོད་ཡོངས་རྫོགས་དབང་བསྒྱུར་ཐུབ་པའི་བཟོ་ལྟ་བུ་ བྱུང་ཡོད་རེད། ཁོ་རང་ཚོའི་འདོད་པ་ལ་བརྟེན་ནས་ཕྱིར་འཐེན་བརྒྱབ་པ་རེད་མ་གཏོགས། བོད་པའི་ངོས་ནས་དབྱིན་ཇི་ཕུད་ཐུབ་རྒྱུ་ཁག་པོ་རེད་ལ། སོག་པོ་དང་རྒྱ་ནག་གིས་རོགས་བྱས་ནས་དབྱིན་ཇི་ཕུད་ཐུབ་པའི་རེ་བ་མེད་པ་མངོན་ སུམ་རེད། དབྱིན་ཇི་ཕྱིར་འཐེན་བརྒྱབ་པ་དེ་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ལ་མི་ ཐུག་པའི་ཆེད་དུ་དམིགས་པ་དང༌། བར་གནས་རྒྱལ་ཁབ་ཅིག་འཇོག་པའི་ཆེད་དུ་བོད་དེ་བཞག དེ་བཞག་པ་གང་ཞིག་ཕྱི་འབྲེལ་དབང་ཆ་ཆ་ཚང་མ་སྤྲད་པར་གང་བྱུང་བྱས་པའི་ལོ་རྒྱུས་ ཡོད་རེད་པཱ། མ་འོངས་པར་མི་འབོར་དང༌། དམག་ཤུགས་གང་གི་ཆ་ནས་དོ་མི་མཉམ་པའི་རྒྱལ་ཁབ་གཉིས་ཀྱི་བར་ལ། མངའ་དབང་ཆ་ཚང་ཡོད་པའི་རྒྱལ་ཁབ་བྱས་ནས་འདུག་རྒྱུ་དེ་ག་དུས་ཡིན་ཡང་ཞེད་སྣང་ དང༌། གང་ལྟར་མིང་བཏགས་མིན་ལ་མ་ལྟོས་པར་རྒྱལ་ཁབ་གཞན་དག་ཅིག་གི་གནོན་ཤུགས་འོག་ལ་ འགྲོ་རྒྱུ་ཡིན་པ་གསལ་པོ་ཞེ་དྲག་རེད། རྒྱལ་ཁབ་ཆེན་པོའི་བར་ལ་ཡོད་པའི་རྒྱལ་ཁབ་ཆུང་ཆུང་ཚོའི་ད་ལྟའི་གནས་བབས་ལ་ བལྟས་པ་ཡིན་ན་མཐོང་ཐུབ་པ་ཞིག་རེད། དེར་བརྟེན་བརྟན་ལྷིང་གི་ཆེད་དང༌། ཞི་བདེ་མཉམ་གནས་ཡོང་བའི་ཆེད་དུ་དམིགས་པ་ཞིག་རེད། ད་ལྟའི་དུས་རབས་ཉེར་གཅིག་གི་འདུན་པ་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ འགྲོས་དང་བསྟུན་པ་ཡིན་ན་དབུ་མའི་ལམ་གྱི་དགོས་པ་དང་དམིགས་ཡུལ་གསལ་པོ་ཆགས་ ཀྱི་རེད་བསམ་གྱི་ཡོད།
གཉིས་ པ། མི་མང་གི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགན་ཁུར་ཞུ་ཕྱོགས་ཟེར་བ་དེ་གལ་ གནད་ཆེན་པོ་རེད། མང་ཚོགས་ཀྱི་བསམ་བློའི་ནང་ལ་ཆབ་སྲིད་ཀྱི་ལྟ་གྲུབ་ཚད་ལྡན་ཞིག་དགོས་པ་དང༌། མི་རིགས་དེའི་ཆབ་སྲིད་ཡག་པོ་ཡོང་མིན་དེ་མི་མང་གི་ཆབ་སྲིད་གོ་རྟོགས་དང༌། ཆབ་སྲིད་བསམ་བློ་ལ་རག་ལས་པ་ཞིག་རེད། བཙན་བྱོལ་སྤྱི་ཚོགས་དང༌། གཞིས་བཞུགས་བོད་མི་ཚོའི་བར་ལ་བསྡུར་བ་ཡིན་ན། ཆབ་སྲིད་ཀྱི་བསམ་བློའི་གནས་ཚད་དེ་བོད་ནང་གི་ཤེས་ཡོན་ཡོད་མཁན་ཚོར་མཐོ་བ་ཡོད་ པ་ངས་མཐོང་གི་འདུག རང་དབང་ལུང་པར་ཡོད་པ་ཚོ་གཅིག་ནས་རང་དབང་ཡོད་པ་ཡིན་སྟབས་ཆབ་སྲིད་ཀྱི་ཐོག་ལ་ དོ་སྣང་དེ་ཙམ་ཨེ་ཡོད་བསམ་གྱི་འདུག གང་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་བལྟས་ན། དོན་དག་མེད་པའི་སྡེ་ཚན་མང་པོ་ཞིག་ཕྱེ་རྒྱུ་ཡོད་རེད། ཁོ་ཚོ་རང་བཙན་རྩོད་མཁན་དང༌། ཁོ་ཚོ་དབུ་མའི་ལམ་ལ་འགྲོ་མཁན་རེད་ཟེར་བ་འདྲ་པོ། གང་ལྟར་རང་བཙན་རྩོད་མཁན་གྱི་མི་ཞིག་ཡིན་ཡང༌། ཁོས་མ་འོངས་པའི་བོད་རང་བཙན་གྱི་གནས་བབ་འདི་འདྲ་ཞིག་ཡིན་སྙམ་པ་ཞིག་བསམ་ བློའི་ནང་ལ་ཨེ་ཡོད་ན། དེ་བཞིན་དེ་སྒྲུབ་པའི་ཐབས་ལམ་གང་ཡིན་བསམ་བློའི་ནང་ལ་ཨེ་ཡོད་བསམ་གྱི་འདུག སེམས་ཀྱི་ཚོར་བའི་ནང་ལ་རང་བཙན་ཟེར་བའི་ཚིག་དེ་སྙན་པོ་འདྲ་ཞིག་ཡོད་པ་ཡིན་ སྟབས། དེའི་མཇུག་ལ་འགྲོ་བ་མ་གཏོགས་མ་འོངས་པའི་བོད་དེ་ག་འདྲ་ཞིག་དགོས་ཀྱི་ཡོད་རེད། དེའི་བསམ་ཚུལ་དེ་ཞེ་དྲག་གསལ་པོ་མེད་པ་མང་པོ་ཡོད་རེད། དེ་བཞིན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཟེར་མཁན་དེ་ཚོས་མ་འོངས་པའི་ བོད་རང་སྐྱོང་གི་གནས་བབས་ག་འདྲ་ཞིག་དང༌། ག་འདྲ་ཞིག་བྱུང་བ་ཡིན་ན་བོད་མིའི་མངོན་འདོད་སྒྲུབ་ཐུབ་ཀྱི་ཡོད་པ། བརྟན་ལྷིང་གནས་ཐུབ་ཀྱི་ཡོད་པ། མི་རིགས་ཀྱི་དགོས་མཁོ་སྒྲུབ་ཐུབ་ཀྱི་ཡོད་པ་དེ་ཚོ་ཚང་མ་གསལ་པོ་ཞེ་དྲག་མེད་ པར་བོད་གཞུང་གི་སྲིད་བྱུས་དབུ་མའི་ལམ་རེད། ྋརྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་འཛིན་གནང་གི་ཡོད་རེད། དེར་བརྟེན་དབུ་མའི་ལམ་ཡག་པོ་ཡོད་རེད་ཟེར་བ་མ་གཏོགས། དབུ་མའི་ལམ་གྱི་ངོས་ནས་མ་འོངས་པའི་བསྒྲུབ་བྱའི་བོད་དེ་ག་འདྲ་ཞིག་ཡིན་པ་དང༌། དེ་སྒྲུབ་བྱེད་ཀྱི་ཐབས་ལམ་ག་འདྲ་ཡིན་པ། དེའི་རྣམ་གཞག་ཆ་ཚང་ཤེས་མཁན་དཀོན་པོ་མིན་འགྲོ་བསམ་གྱི་འདུག དེར་བརྟེན་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགན་ཁུར་ཞུ་ཕྱོགས་དེ་དབུ་མའི་ལམ་ལ་ དགའ་མོས་ཡོད་མཁན་གྱི་མི་ཚང་མས་ད་ལྟའི་གནས་སྐབས་ལ་དབུ་མའི་ལམ་གྱི་འཐབ་རྩོད་ ཀྱི་བསྒྲུབ་བྱ་དང༌། དེའི་སྒྲུབ་བྱེད་ཐབས་ལམ་གསལ་པོ་ཤེས་པ་བཟོ་རྒྱུ་འགན་ཁུར་གཙོ་བོ་དེ་རེད། གསལ་པོ་མ་ཤེས་པ་ཡིན་ན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བཤད་པ་ཡིན་ ཡང༌། རྒྱབ་སྐྱོར་དེ་ཚིག་ཙམ་རེད་མ་གཏོགས༌། མཐར་ཐུག་གི་དམིགས་ཡུལ་གསལ་པོ་མེད་པ་ཡིན་ན་ཕན་ཐོགས་གང་ཡང་ཡོད་མ་རེད། མི་ཟེར་བ་དེ་རིག་པའི་རྗེས་འབྲངས་པ་ཞིག་ཡིན་པས། བརྟག་དཔྱད་བྱས་ནས་ཡག་ཤོས་རེད་འདུག་སྙམ་པའི་ངེས་པ་རྙེད་དགོས་ཀྱི་རེད། གཞན་ལ་ངེས་པ་རྙེད་པའི་ཐབས་ལམ་སྟོན་ཐུབ་པ་དགོས་ཀྱི་རེད། སོ་སོར་ངེས་པ་མེད་པར་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ལབ་པ་ཡིན་ན། རྨོངས་དད་ཟེར་བ་དེ་རེད། ྋརྒྱལ་བ་རིན་པོ་ཆེས་གསུངས་པ་རེད་ཅེས་དེའི་རྗེས་སུ་ཕྱིན་པ་ཡིན་ན་རྨོངས་དད་ ཆགས་པ་རེད། རྨོངས་དད་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ཕན་ཐོགས་གང་ཡང་ཡོད་མ་རེད། ཆོས་ལ་རྨོངས་དད་ཀྱིས་ཕན་ཐོགས་ཡོད་མ་རེད་དེ། སྐབས་རེ་རྨོངས་དད་རང་གི་ཐོག་ནས་དད་པ་ཙམ་འགྲུབ་རྒྱུ་ཡོད་རེད། ཆབ་སྲིད་ཀྱི་ཐོག་ལ་རྨོངས་དད་ཀྱིས་བསྒྲུབ་བྱ་འགྲུབ་རྒྱུ་གང་ཡང་ཡོད་མ་རེད། དེར་བརྟེན་ཡིན་གཅིག་མིན་གཅིག་རྒྱུ་མཚན་མཐོང་བའི་ཐོག་ནས་ངེས་པ་རྙེད་པ་བྱེད་ རྒྱུ་དེ་འགན་ཁུར་ཞུ་རྒྱུའི་ཐབས་ལམ་ཡག་ཤོས་རེད། དེ་དང་ཆབས་ཅིག་མང་གཙོའི་རིང་ལུགས་ཡང་དག་ཐོག་འགྲོ་རྒྱུ་དེ་བོད་མིའི་དམིགས་ བསལ་སེམས་བསྐྱེད་རེད། དེ་འདྲ་ཡིན་དུས་དབུ་མའི་ལམ་ལ་དད་མོས་མི་བྱེད་མཁན་དེ་ཚོ་དང་མཉམ་མཐུན་གྱིས་ གནས་ཐུབ་པ་དང༌། བསམ་ཚུལ་གཞན་ཡོད་མཁན་ལ་བརྩི་མཐོང་དགོས་པ་དེ་མང་གཙོའི་འགྲོ་སྟངས་གལ་ཆེ་ཤོས་ དེ་རེད། དེ་བཞིན་ཆབ་སྲིད་ཀྱི་ལྟ་གྲུབ་གཞན་འཛིན་མཁན་ཚོ་ལའང་ལྟ་གྲུབ་གཞན་འཛིན་པའི་ ཐོབ་ཐང་ཡོད་པ་དང༌། བསམ་ཚུལ་ལ་མཐོང་འཇོག་ཐུབ་པ། གུས་བརྩི་ཐུབ་པ་དགོས་པ་དེ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་འགན་ཞིག་ ཆགས་ཀྱི་རེད། དེ་མིན་མང་གཙོའི་སྤྱི་ཚོགས་ཀྱི་ནང་ལ་ལྟ་གྲུབ་འདྲ་མིན་མཉམ་ཚུགས་ཐུབ་པ་ཞིག་ ཆགས་ཀྱི་མ་རེད། ལྟ་གྲུབ་གཅིག་གིས་གཅིག་ལ་གནོན་ཤུགས་སྤྲོད་པ་ལྟ་བུ་ཡིན་ན་མང་གཙོའི་འགྲོ་ སྟངས་ཆགས་ཀྱི་མ་རེད། གནོན་ཤུགས་སྤྲོད་རྒྱུ་ཡོད་མ་རེད་ལབ་དུས་རྒྱུ་མཚན་མ་བགྲང་ཟེར་གྱི་ཡོད་མ་རེད། སོ་སོའི་ལངས་ཕྱོགས་དེ་ཡང་དག་པར་སྒྲུབ་པ་ལ་རིག་པ་དང་རྒྱུ་མཚན་བགྲང་ནས་སྒྲུབ་ ཐུབ་པ་ཞིག་དགོས་ཀྱི་རེད། ད་ལྟ་ང་ཚོ་མང་གཙོའི་སྤྱི་ཚོགས་གསར་པའི་ནང་ལ་སླེབས་བསྡད་པ་ཞིག་རེད། དེར་བརྟེན་མང་གཙོའི་ལེགས་བྱང་ལ་གོམས་པ་ཞེ་དྲག་ཡོད་མ་རེད། དེ་འདྲ་ཡིན་དུས་ཆབ་སྲིད་ཀྱི་ལངས་ཕྱོགས་མཁྲེགས་པོ་བཟུང་བའི་སྐབས་ལ་གང་ཟག་ སྒེར་ལ་མི་མཐུན་པའི་གནས་ཚུལ་ཡོང་བ་ཡིན་ན། ཆབ་སྲིད་ཀྱི་ཐོག་མའི་འགྲོ་སྟངས་མ་འགྲིག་པ་ཆགས་སོང་བ་རེད། དབུ་མའི་ལམ་ལ་འགན་ཁུར་ཞུ་ཕྱོགས་དེ་སོ་སོས་ཤེས་པ་དེའི་ཐོག་ནས་གཞན་ལ་ཤེས་པ་ བཟོ་ཐུབ་པ། དེའི་ཐོག་ནས་རང་ཉིད་ཀྱི་ལྟ་གྲུབ་ལ་རྒྱབ་སྐྱོར་འཚོལ་ཐུབ་པ། དེ་དང་ཆབས་ཅིག་ལྟ་གྲུབ་མི་མཐུན་པ་དང་མཐུན་ལམ་བཟོ་ཐུབ་པ་དང༌། མཉམ་ལས་ཐུབ་པ་ཞིག་དགོས་ཀྱི་རེད་བསམ་གྱི་འདུག
མང་པོ་ཞིག་གིས་ྋསྐྱབས་མགོན་རིན་པོ་ཆེའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱ་ ནག་གི་ལངས་ཕྱོགས་ལ་གཟིགས་ནས་གཏན་ལ་ཕབ་པ་ཡིན་པའི་བསམ་ཚུལ་ཡོང་མཁན་མང་པོ་ འདུག་གཱ དེ་ཞེ་དྲག་གི་ནོར་འཁྲུལ་ཆེན་པོ་རེད། ཏིང་ཞོ་ཕིང་གིས་བཀའ་མོལ་ཞུ་བའི་གྲོས་འཆར་བཏོན་པའི་སྐབས་ལ་ང་ཚོས་དབུ་མའི་ལམ་ གྱི་སྲིད་བྱུས་ཐག་གཅོད་ཀྱི་གྲ་སྒྲིག་བྱས་ནས་ལོ་མང་པོ་ཕྱིན་ཚར་བ་རེད། རྒྱ་མི་དང་འབྲེལ་བ་བྱུང་བའི་རྗེས་ལ་སྲིད་བྱུས་དེ་དགོངས་པར་འཁོར་བ་ཡིན་པའི་ བསམ་བློ་བཏང་ན་དབུ་མའི་ལམ་གྱི་སྲིད་བྱུས་ཡར་རྒྱས་འགྲོ་སྟངས་ཀྱི་བྱུང་རབས་ དེ་གསལ་པོ་མ་ཤེས་པའི་རྟགས་རེད། ༡༩༥༩ ལོའི་ཕྱི་ཟླ་༤ ཚེས་༡༧ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་བཏང་བ་དང༌། བོད་རང་བཙན་བསྐྱར་གསོའི་ལས་འགུལ་འགོ་འཛུགས་གནང་བའི་གསལ་བསྒྲགས་དེ་རྒྱུ་མཚན་ གཉིས་ཐོག་གནང་ཡོད་རེད། དང་པོ་དེ་གྲོས་མཐུན་དོན་ཚན་བཅུ་བདུན་དེ་འདྲ་མཉམ་གྱི་ཐོག་ནས་བཞག་པ་མིན་པ། བཙན་འོག་ལ་བཞག་པ་ཡིན་པ་དེ་རེད། བཙན་འོག་ལ་བཞག་པ་ཡིན་པ་མའོ་ཙེ་ཏུང་གིས་ཁས་ལེན་བྱས་ཡོད་རེད། ྋརྒྱལ་བ་རིན་པོ་ཆེ་དང་སྐུ་འཁོར་ལ་ཡོད་པའི་དབང་འཛིན་པ་ཚོས་ཉན་འདོད་རྩ་བ་ནས་ བྱུང་ཡོད་མ་རེད་དེ། མི་ཉན་ཐབས་མེད་ང་ཚོས་བཟོས་པ་རེད་ཟེར་བ་དེ་མའོ་ཙེ་ཏུང་གི་གསུང་རྩོམ་དེ་ཚོའི་ ནང་ཡོད་རེད། དེ་ཡིན་སྟབས་ང་ཚོའི་རྒྱུ་མཚན་དང་པོ་དེ་རེད། གཉིས་པ་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་གྲོས་མཐུན་དོན་ཚན་ བཅུ་བདུན་གྱི་དོན་ཚན་རེ་རེ་ནས་བསམ་བཞིན་དུ་བརྡལ་བཤིག་བཏང་བའི་རྒྱུ་མཚན་ གཉིས་བཀོད་ནས་ང་ཚོས་རྩིས་མེད་བཏང་བའི་རྒྱུ་མཚན་དེ་རེད། དེའི་རྗེས་ལ་རང་བཙན་བསྐྱར་གསོ་བྱེད་པའི་གསལ་བསྒྲགས་བྱས་པ་རེད། ཕྱི་ལོ་༡༩༦༥ དང་༦༦ ཙམ་ནས་ྋསྐྱབས་མགོན་རིན་པོ་ཆེས་དགོངས་པ་བཞེས་གནང་ཡོད་རེད་བསམ་གྱི་ཡོད། ང་རང་ལ་བཀའ་གནང་བ་དེ་༡༩༦༨ ལོར་ཡིན། དེ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་གསུང་གི་ཡོད་མ་རེད། རང་བཙན་དང་རང་སྐྱོང་བར་གྱི་ཐབས་ལམ་ཞིག་རེད། དབུ་མའི་ལམ་ཟེར་བའི་ཐ་སྙད་དེ་རྗེས་སུ་ཐོགས་པ་རེད། ༡༩༧༤ ལོར་ཕལ་ཆེར་སྐབས་དེའི་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་གཞོན་ཚོར་བཀའ་སྡུར་གནང་ ནས་བང་རིམ་དེ་ནས་བསྒྲིགས་པ་ཡིན་ཞེས་ྋསྐྱབས་མགོན་རིན་པོ་ཆེའི་གསུང་བཤད་སྔ་ དེང་གི་ནང་ལ་ཡོད་རེད། བྱས་ཙང་ད་ལྟའི་གནས་སྐབས་ལའང་གསར་འགོད་པ་ཚོས་འདི་འདྲ་འདྲི་ཡི་འདུག་ལ། སྤྱིར་དྲི་བ་འདི་འདྲ་ཡོང་གི་འདུག ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ཚོའི་བྱེད་སྟངས་ལ་བལྟས་ནས་དབུ་མའི་ལམ་གྱི་སྲིད་ བྱུས་འཛིན་དགོས་པའི་རྒྱུ་མཚན་ག་རེ་ཡོད་ཟེར་བའི་བཟོ་འདྲ་པོ། དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱ་ནག་གི་འགོ་ཁྲིད་ཁ་ཤས་ཀྱི་སྐད་ཆ་བཤད་སྟངས་ ལ་བལྟས་ནས་བཟོས་ཡོད་པ་ཡིན་ན། ཁོ་ཚོའི་བསམ་བློ་ལ་བལྟས་ནས་སྲིད་བྱུས་བཟོ་དགོས་པ་དང༌། བསྐྱར་ཞིབ་དགོས་པའི་གནས་སྟངས་ཡོང་སྲིད་པ་རེད་པཱ། དེ་འདྲ་རྩ་བ་ནས་མ་རེད། གཉིས་ཕན་ཟེར་བ་དེ་ར
ནོར་བཅས། “བཤད་ཤེས་ཀྱི་མི་འདུག་ “ཟེར་བ་ཡིན།
འབའ་བ་ཟེར་བ་འདིས་སྐད་ཆ་དོན་ལ་གནས་པ་ཅང་བཤད་ཤེས་ཀྱི་འདུག་ རྗེ་མའི་བཀའ་བློན་ཡང་བསམ་སྟོང་བླ་མ་ལྟ་བུའི་བོད་རྒྱའི་གནད་དོན་རྨོངས་པ་ཞིག་བདམས་ཏེ་བསམ་གཟས་ནས་༸གོང་ས་མཆོག་གི་སྐུ་ཚེ་བསྐྱལ་རྒྱུ་ཡིན་ནམ། དངོས་གནས་སྲིད་དོན་ཕྱོགས་ནས་ཁྱོད་ཀྱང་ཀླད་སྟོང་ཞིག་རེད། བསམ་སྟོང་མཁས་པ་ཡིན་ཙམ་གྱིས་ངེས་པར་དུ་བོད་ཀྱི་བཀའ་ཁྲིར་འདུག་དགོས་དོན་ཅི་རེད། ད་དུང་ཁོ་འདྲ་བ་ཞིག་བསྐྱར་དུ་འདེམས་དོན་གང་ཡིན་ནམ། བོད་རྒྱའི་གནད་དོན་ལ་ཕན་གི་རེད་དམ། ཡང་ན་གཞན་ཅི་ལ་ཕན་གི་རེད། གནས་ཚུལ་ཁ་གསལ་རེ་ཕྲིས་དང༌། བསམ་ཚུལ་བརྗེ་རྒྱུ་གལ་ཆེན་རེད། བསམ་ཚུལ་ཁ་གསལ་མེད་ན་དུས་ཚོད་འཕྲོ་བརླག་ཏུ་མ་གཏོང་ཡ། འབའ་བ་ལགས། ཡང་གིས་མཇལ་ཡོང༌།
རྗེས་མ་ཡང་འཛིན་སྐྱོང་དང་ཕྱི་འབྲེལ་གང་ལས་ཀྱང་གྲུབ་འབྲས་གཟེངས་སུ་ཐོན་པའིབཀའ་ཁྲི་འདི་ལྟ་བུ་ཞིག་འདེམས་དགོས། འོན་ཀྱང་ང་ཚོའི་སྤྱི་ཚོགས་སུཤིན་ཏུ་ཉུང་།
ས་གནས་སོ་སོའི་ལས་འགུལ་མི་འཇོན་པ་དི་བཀའ་ཁྲི་ལཅི་ཁག མ་གཞི་བཀའ་ཤག་སྤེལ་མ་བདེ་བའི་ལས་འགུལ་ཁག་སོ་སོའི་འགན་རབ་འཁུར་དགོས་པ་རེད། རྒྱ་ཕྱོགས་ནས་འཁྲིགས་བཟུང་རྐྱེན་ལས་བཀའ་ཤག་ངོས་ནས་ད་བར་འགྱོད་བྱེད་དགོས་པའི་ཕྱག་ལས་ཅང་གནང་མེད།
ང་ཚོས་རྗེས་མའི་བཀའ་ཁྲི་དེ་ངེས་པར་དུ་བོད་རྒྱའི་གནད་དོན་ཤེས་མཁན་དང་སྒྲུབ་ཐུབ་མཁན་ཞིག་ལས་བསམ་སྟོང་ལྟ་བུའི་བོད་རྒྱའི་གནད་དོན་ལ་རྨོངས་ཤིང༌། རྒྱ་ནག་ལ་ནི་དེ་བས་རྨོང་བའི་མི་དག་མི་འདེམས་པར་བོད་འབངས་ཡོངས་ཀྱིས་འབད་བརྩོན་བྱ་དགོས་གལ།
༸གོང་ས་མཆོག་གིས་ང་ཚོར་རིགས་གཅིག་རྐང་འཛིན་ཡོད་ན་ད་ཐོན་ཤོག བསྟན་ཡ་མི་འདུག་གཱ་ ཟེར་བར། ཁ་སྔོན་ཟམ་སྟོང་གིས་བོད་ལ་རིགས་གཅིག་རྐང་འཛིན་ཡོད་པ་མ་ཟད། ཨ་རི་ནང་གཅིག་པུར་རིགས་གཅིག་རྐང་འཛིན་བརྒྱ་ལྷག་འདུག ཟེར། དེ་ཡང་༸གོང་ས་མཆོག་གི་ཚིག་དོན་མ་གོ་བ་རེད། ༸གོང་ས་མཆོག་གིས་བོད་མི་རིགས་རིག་གཞུང་ལ་ཕན་པའི་ལས་བྱེད་མཁན་གྱི་རིགས་གཅིག་རྐང་འཛིན་མི་འདུག་གསུངས་པ་རེད་མོད། བསམ་སྟོང་གིས་ལན་དེ་ལྟར་ན་ཚིག་གི་ཆ་ནས་ལན་བཏབས་ཡོད་ཀྱང༌། དོན་གྱི་ཆ་ནས་ལན་ཐེབས་མེད་པ་ལྟ་བུ་རེད། དེ་བས་ངས་ཀྱང་དེ་འདྲ་བཤད་པ་ཡིན། གནས་ལུགས་ཟེར་ན་རྒྱུ་མཚན་རེད། ལས་ཀ་ཅི་བྱས་ལ་རྒྱུ་མཚན་བཙལ་བསྡད་པས་ད་བར་དུ་ལྷག་པ་རེད། བསམ་སྟོང་གིས་བཤད་པ་དམངས་ཀྱིས་སྒྲུབ་མི་དགོས་ཀི་ཟེར་གི་མེད། སྒྲུབ་ཐབས་མེད་པའམ་ཡང་ན། སྒྲུབ་ཀྱང་པན་ཐོག་མེད་པ་ཞེ་གཅིག་རེད། དཔེར་ན་ལྷོ་ཕྱོགས་སྦེལ་ཀོབ་ཁུལ་དུ་ཞིང་ལས་ལག་ལེན་བྱས་ཚུལ་སྐོར་ལས་ཀྱང་ཤེས་ཐུབ་ཀ་ དེང་སྐབས་དུས་རབས་ཉེར་གཅིག་པ་རེད། དེའི་ཁར་ང་ཚོར་རྒྱལ་ཁབ་མེད་ལ་ས་ཆ་འདི་ང་ཚོའི་མ་རེད། གཞིས་ཆགས་ཀྱི་མི་འགའ་ཤས་ལ་ཞིང་ལས་སློབ་གཉེར་སྤྲད་པས་ཅི་ཕན། ཞིང་ལས་བྱེད་མཁན་བོད་ས་ཡོངས་ན་ཅི་འདྲའི་མང་ཨང༌། མི་ལོ་སྟོང་ཕྲག་ལ་ཞིང་ལས་བྱས་ནས་ད་བར་དུ་ཡོང་བ་རེད། ང་ཚོའི་ཞིང་ལས་དང་འབྲོག་ལས། ཚན་རིག་དང་སློབ་གསོ། དཔལ་འབྱོར་ཁྲིམས་ལུགས། འཛིན་སྐྱོང་སོགས་གང་ཡིན་ཀྱང་རྗེས་བོད་ས་རང་སྐྱོང་གི་གོ་སྐབས་ཤིག་ཐོས་སྐབས། བོད་ནང་གི་བོད་མི་དེ་ཚོ་ལས་འཇོན་རབས་ཤིག་ང་ཚོས་མི་འཇོན་པ་ཟུར་བལྟས་ལེབ་མཐོང་རེད། དེ་ང་ཚོའི་འདི་ཕྱོགས་ནས་ཆབ་སྲིད་ཀྱི་ཕྱོགས་ནས་ཅུང་བྱེད་ན་ལས་ཅི་ཡང་མི་འཇོན་ལ། ཆབ་སྲིད་ཕྱོགས་ནས་ཀྱང༌་མར་མེ་ཁྲོམ་སྐོར་རེ་དང་། རྒྱལ་ཚོགས་སོགས་ལ་སྙན་ཞུ་རེ་འབུལ་ན་ལས་གང་འཇོན་གྱི་ཡོད། འདི་དངོས་ཡོད་རེད་པཱ། སྐད་ཆ་དྲངས་པོ་བཤད་དགོས་པ་གལ་ཆེན་རེད། བསམ་སྟོང་ལྟ་གྲུབ་ལ་མཁས་པ་རེད་ཙམ་གྱིས་ཡོངས་ལ་མཁས་པ་ནི་ཁྱོད་ཀྱིས་ཁས་ལེན་དཀའ་འོ༎ ཀུན་ལ་མཁས་ཟེར་ན། རྒྱ་སྐད་མཁྱེན་པར་ཐལ། ཀུན་ལ་མཁས་པས་ཕྱིར། སྐད་ཆ་བཤད་དུས་དོན་ཡོད་མེད་དང༌། དོན་ཐོག་ལ་དབབས་མིན་བཤད་ལ་ལས། ཚིག་གིས་དགག་སྒྲུབ་བྱས་ཏེ་བཙུར་དག་བཏངས་པས་ཅི་ཕན། རྗེས་ཕྱོགས་དེ་འད་མི་གནང་བར་མཁྱེན།
རིགས་ལམ་གྱིས་དོན་ཐོག་ལ་བབས་མི་བཅུག་ན།ཁྱོད་རང་གིས་མཐོང་བའི་དོན་དེ གནས་ལུགས་མེད་པའི་དོན་་ཞིག་ཡིན་པའི་རྟགས་རེད།ཟམ་གདོང་བས་བཤད་པ་ཚང་མ་འགྲུབ་པར་མི་ཚང་མས་གཞོག་འདེགས་དགོས་པ་ལས་ཁོང་གཅིག་པུས་སྒྲུབ་ཐབས་མེད། ཟམ་གདོང་བའི་བཤད་མང་ཆེ་བ་དམངས་ཀྱིས་སྒྲུབ་དགོས་པའི་དོན་གནས་རྐྱང་རེད་།འདི་སྒྲུབ་མི་ཐུབ་པ་དི་ཡང་ཁོང་ལ་ཁ་དཀྲི་རྒྱུ་ཡིན་ནམ།???????????????????????????????????????????????????????????????? ????????
ཟམ་གདོང་བླ་མས་ནམ་ཡིན་ཡང་སྐད་ཆ་བཤད་རྐྱང་བྱས་རྗེས། ངས་དེ་འདྲ་ཞིག་བཤད་རྒྱུ་མ་བྱུང་ཟེར་གི་རེད། བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་བསམ་བློའི་ཚད་དམའ་བ་ཡོད་ན། དེ་ནི་ཁྱེད་ལྟ་བུའི་དཔོན་པོ་ལྟ་གྲུབ་ལ་དགའ་མཁན་ཚོའི་གྲུབ་འབྲས་ཁོ་ན་ཡིན་པས་དགའ་འོས་པ་ཞིག་མ་རེད་དམ། ཁྱོད་ནི་ས་གང་ལ་སླེབས་ན། གཏམ་ཅི་ཞིག་བཤད་ཀྱང་ལྟ་གྲུབ་མ་ཡིན་ནམ། དེ་བས་ལྟ་གྲུབ་བཤད་ན་ཕལ་ཆེར་བྱེས་འབྱོར་ཚོ་ཡག་པོ་ཡོད་ངེས། དེ་ཡང་ཁྱེད་ཀྱིས་བསྐྱངས་པ་ཡིན་པས་ཕྱིར། ཟམ་གདོང་འདི་ས་གང་དང་གཏམ་ཅི་བཤད་ཚང་མ་ང་ཚོའི་དངོས་ཡོད་དང་ཧ་ཅང་ཐག་རིང་ནས་བཤད་ཀི་འདུག གྲོས་ཚོགས་སོགས་གང་དུའང་སྐད་ཆ་ཅི་བཤད་ཀྱང་རིག་ལམ་གྱིས་དགག་སྒྲུབ་བྱས་ཏེ་དོན་ཐོག་ལ་འབབ་ཏུ་མི་འཇུག་གི འདི་དངོས་ཡོད་རེད། དེ་བས་ང་ཚོའི་ལས་དོན་ཅི་ཡང་གྲུབ་འབྲས་ཐོན་དཀའ་བ་དང༌། དལ་བོ་ཡིན་པ་རེད། ཚིག་ལ་མི་རྟོན་དོན་ལ་རྟོན་ཟེར་བ་སོགས་ཁོས་ནམ་རྒྱུན་བཤད་ཀྱིན་འདུག དོན་དུ་ཁོ་རང་གིས་དེ་ལྟར་བྱེད་ཀྱི་མི་འདུག དེ་བས་ལས་དོན་ཚང་མ་འཐུས་ཤོར་དུ་བྱིན་པ་རེད། ང་ཚོས་བཀའ་ཁྲི་རྗེས་མ་དེ་ངེས་པར་དུ་ཚིག་ལ་མི་རྟོན་དོན་ལ་རྟོན་མཁན་ཞིག་འཚོལ་དགོས་གལ་ཆེ་བར་མཐོང༌།
རེད་ཡ། མའོ་ཙེ་ཏུང་གིས་ཀྱང་། གང་ན་གཉའ་གནོན་ཡོད་ན་དེ་རུ་གསར་བརྗེའི་བསམ་བློ་ཡོད་ཅེས་བརྗོད་ཡོད།
གང་ན་ཆབ་སྲིད་ཀྱི་དམ་དྲག་དང་གཉའ་གནོན་ཆེ་ན། དེ་ན་ཆབ་སྲིད་ཀྱི་གོ་རྟོགས་མེད་རུང་ཆབ་སྲིད་ཀྱི་ཚོར་བ་ཆེ་ནི་རེད།
གང་ན་གཞན་གྱི་གཉའ་གནོན་དང་དྲག་གནོན་མེད་ན། དེ་ན་ཆབ་སྲིད་ཀྱི་གོ་རྟོགས་ཡོད་རུང་ཚོར་བ་ཡོད་དཀའ་ནི་རེད།
བོད་གཞིས་བྱེས་གཉིས་ཀྱང་དེ་ལྟར་རེད། གཞན། ཆབ་སྲིད་ཀྱི་བསམ་བློའི་གནས་ཚད་མཐོ་དམའ་ཟེར་རྒྱུ་འདི་ཞིབ་འཇུག་གི་སྐད་ཆ་ཡིན་ན་མ་གཏོགས་གཞུང་ལུགས་ཀྱི་སྐད་ཆ་ཡིན་ན འདིས་ཁུངས་སྐྱེལ་ཐུབ་ཁག་པོ་རེད།