མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་འབྲིང་ཞིག་ཡར་ལངས།

བོད་ཀྱི་དུས་བབ།
༢༠༠༩/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་ ༨ ཡས་མས་སུ་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་ཡར་ལངས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག

 

གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་ ༨ ཡས་མས་སུ་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱེན་ལངས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག་ལ། དེ་ནི་རྒྱ་གཞུང་འབྲེལ་ཡོད་ཚན་པས་སློབ་གྲྭའི་མདུན་ཐང་གི་ནག་པང་སྟེང་དུ་༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་བསྒྲགས་ཡིག་ཅིག་སྦྱར་ཡོད་སྟབས། སློབ་མ་རྣམས་ཁོང་ཁྲོ་ཆེན་པོ་ལངས་ཏེ། སློབ་གྲྭའི་ར་བ་ནས་མགོ་འཛུགས་ཀྱིས་ངོ་རྒོལ་སྐད་འབོད་བྱེད་བཞིན་མཆོད་རྟེན་ས་སྒ་ཟེར་བའི་གྲོང་ཁྱེར་སྟོད་དབུས་བར་གོམ་བགྲོད་བྱས་ཡོད་ཀྱང་། སྐབས་དེར་བསང་ཆུ་རྫོང་དྲག་ཆས་དཔུང་དམག་སླེབས་ཏེ་སློབ་མ་རྣམས་བཀག་འགོག་བྱས་ཡོད་འདུག

 

དེ་བཞིན། ཀན་ལྷོ་ཁུལ་གཙོས་མི་རིགས་དགེ་ཐོན་སློབ་གྲྭ་དང་གཙོས་བོད་ཡིག་སློབ་འབྲིང་གཉིས་ཀྱང་གོང་བཞིན་ཡར་ལངས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་ཀྱང༌། ཡར་ལངས་ཇི་ལྟར་བྱུང་བ་དང་ད་ལྟའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་ཐུབ་མི་འདུག གནད་དོའི་དེའི་ཐད་ཁ་པར་དང་གློག་ཀླད་གཉིས་ཐོག་ནས་བོད་ནང་འབྲེལ་བ་བྱས་ཀྱང༌། སྐུད་ལམ་མཐུད་དཀའ་བ་དང་རེ་ཟུང་ལ་མཐུད་ཀྱང་བསྐྱར་དུ་ཆད་འགྲོ་བ་སོགས་ཀྱིས་གནས་ཚུལ་རྒྱུས་ལོན་བྱེད་ཐབས་མ་བྱུང་།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༦ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 11

  1. དྲི་རྒྱམ། says:
    ལོ་ 16 སྔོན།

    གནས་ཚུལ་གསལ་བོ་ཆགས་སོང་། ཀླུ་ལགས་ཐུགས་རྗེ་ཆེ།

    Reply
  2. ཀླུ། says:
    ལོ་ 16 སྔོན།

    གནས་ཚུལ་བདེན་པ་རེད་མོད།
    ལངས་རྐྱེན་གཞན་ཡིན་པ་གསལ་བོ་ཆགས་སོང་། དེ་ནི་ཚང་མས་སྔོན་མ་ནས་དོ་སྣང་བྱུང་ལོས་ཡོད་ཡེ་རྡོར་འམ་ཡེ་ཤེས་རྡོ་རྗེ་ཟེར་བ་དེས་བྲིས་བའི་དཔྱད་རྩོམ་་་་ཏྰ་ལ་ཐར་ས་མེད་ཟེར་བ་དང་། ཏྰ་ལའི་རྫུན་གཏམ་དང་ངན་སེམས་ཟེར་བ་སྤྱི་ཚེས་་༡༥་་དང་་་༡༨་སོགས་ལ་ཀན་ལྷོ་བོད་ཡིག་ཚགས་པར་དུ་འཁོད་པ་དང་། ཚགས་པར་སློབ་གྲྭའི་ནང་སོགས་གང་སར་དཀྲམ་པ་སོགས་བྱས་པར་བརྟེན་སློབ་མ་ཚོ་སེམས་ཀྱིས་མ་བཟོད་པ་དང་འུ་ཐུག་ནས་ལས་འགུལ་སྤེལ་བ་ཡིན་འདུག། ཚགས་པར་དེ་ཡང་བདག་ལ་འབྱོར་བྱུང་བས་འདིར་འཇོག་ས་མེད་པས་ཐབས་ཤེས་མ་བྱུང།

    Reply
  3. ཡོན་ཏན་མཐར་ཕྱིན། says:
    ལོ་ 16 སྔོན།

    ལ་རྒྱའི་སྙིང་སྟོབས།
    བསང་ཆུ་རྫོང་སློབ་འབྲིང་བ་ཚོས་སོ་སོའི་ཚེ་སྲོག་ལས་ཀྱང་རང་མི་རིགས་ཀྱི་ལ་རྒྱ་གཅེས་པར་བཟུང་སྟེ། ཞི་བའི་ཁྲོམས་སྐོར་བྱས་པའི་སྙིང་སྟོབས་དེ་ནི་དོན་གྱི་སྙིང་སྟོབས་ཤིག་གོ །
    ཀླ་ཀློས་མཚན་སྨད་དང་ཁྱེད་གསོད་བྱེད་སྐབས་རང་ཉིད་གོང་ས་མཆོག་གི་ཕྱོགས་སུ་ལངས་པ་ནི་ཆོས་ལུགས་དད་མོས་སམ། སྲོལ་རྒྱུན་དཔོན་བཀུར། རིགས་ཞེན་ཙམ་གཏན་ནས་མ་ཡིན་པར། བོད་མི་རིགས་ཀྱི་ཚེ་སྲོག་དང་དྲང་བདེན་ཆེད། བདེན་པས་བདེན་པ་བསྐྱངས་པ་ཉག་གཅིག་གོ།

    Reply
  4. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    ན་ཚོད་ཀྱི་ལང་ཚོ་དར་ལ་བབས་པའི་ཤེས་རིག་གི་སྒོ་མོ་ཆེ་ཆེར་ཕྱེ་བཞིན་པའི་གདོང་དམར་མར་ཚང་གི་གཞི་ལུས་ཀྱི་སོན་རྩ་འདི་དག་གི་རྒྱལ་ཞེན་དང་རིགས་གཅེས་སྙིང་སྟོབས་དང་ལྷག་བསམ་འདིས་༧གོང་ས་མཆོག་གི་ཐུགས་རྗེ་ཡི་གྲིབ་བསིལ་འོག་དུ་རང་དབང་གི་འཚོ་བ་ལ་རོལ་བཞིན་པའིི་གཞི་བྱེས་བོད་རིགས་སེར་སྐྱ་འདི་དག་ལ་ཁོག་དཔུང་དང་ལ་རྒྱ་ཁེྲད་ཡོད་དང་ངོ་ཚ་ཞིག་ཡོད་ན་ད་དངོས་གནས་ངོ་གདོང་ཡར་ལ་འདེགས་དཀའ་བ་ཞིག་བཟོས་སོང།ཁོ་ཚོས་༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་བསྒྲགས་ཡིག་ཞིག་སྤྱར་བ་ཙམ་གྱིས་རང་གི་གཅེས་བའི་རིན་ཆེན་ཚེ་སྲོག་དག་དགྲ་ནག་གི་དྲག་ཆས་དམག་དཔུང་གི་མཚོན་ཆའི་རལ་ཁ་ལ་ལག་རྡང་གཅིག་སྤྲེལ་དང་དཔུང་མཉམ་གཤིབ་གྱི་གཅིག་ཏུ་སྤུངས་བ་འདིས།་་་་་་་ང་ཚོ་༧་ཁོང་གི་ཉེ་འགྲམ་ནས་ཁོང་གི་སྐུ་སྲོག་ལ་ཉེན་ཁ་ཅི་ཙམ་བྱུང་ཡང་གོ་མེད་ཚོར་མེད་དུ་བསྡད་ཡོད་པ་ལ་གོ་བརྡ་དང་འབོད་སྒྲ་གསལ་བོ་ཞིག་བསྒྲགས་པ་ང་ཚོས་་ཤེས་དགོས།གདོན་འདྲེ་དོལ་རྒྱལ་གྱི་རྒྱུགས་ཁྱི་དག་གིས་༧གོང་ས་མཆོག་གི་སྐུ་སྲོག་ལ་ཉེན་ཁ་ཅི་ཙམ་བཟོས་ཡང་གྲགས་འགུལ་ཅི་ཡང་མེད་པར་མ་ཤེས་མདོག་མདོག་བྱས་ནས་བསྡད་མཁན་དེ་དག་ལ་སློབ་ཕྲུག་འདི་དག་གིས་སྐུལ་བརྡ་དང་གཟབ་གཟབ་བྱས་དགོས་བའི་བརྡ་ལན་སྤྲད་པ་རེད།

    Reply
  5. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    ན་ཚོད་ཀྱི་ལང་ཚོ་དར་ལ་བབས་པའི་ཤེས་རིག་གི་སྒོ་མོ་ཆེ་ཆེར་ཕྱེ་བཞིན་པའི་གདོང་དམར་མར་ཚང་གི་གཞི་ལུས་ཀྱི་སོན་རྩ་འདི་དག་གི་རྒྱལ་ཞེན་དང་རིགས་གཅེས་སྙིང་སྟོབས་དང་ལྷག་བསམ་འདིས་༧གོང་ས་མཆོག་གི་ཐུགས་རྗེ་ཡི་གྲིབ་བསིལ་འོག་དུ་རང་དབང་གི་འཚོ་བ་ལ་རོལ་བཞིན་པའིི་གཞི་བྱེས་བོད་རིགས་སེར་སྐྱ་འདི་དག་ལ་ཁོག་དཔུང་དང་ལ་རྒྱ་ཁེྲད་ཡོད་དང་ངོ་ཚ་ཞིག་ཡོད་ན་ད་དངོས་གནས་ངོ་གདོང་ཡར་ལ་འདེགས་དཀའ་བ་ཞིག་བཟོས་སོང།ཁོ་ཚོས་༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་བསྒྲགས་ཡིག་ཞིག་སྤྱར་བ་ཙམ་གྱིས་རང་གི་གཅེས་བའི་རིན་ཆེན་ཚེ་སྲོག་དག་དགྲ་ནག་གི་དྲག་ཆས་དམག་དཔུང་གི་མཚོན་ཆའི་རལ་ཁ་ལ་ལག་རྡང་གཅིག་སྤྲེལ་དང་དཔུང་མཉམ་གཤིབ་གྱི་གཅིག་ཏུ་སྤུངས་བ་འདིས།་་་་་་་ང་ཚོ་༧་ཁོང་གི་ཉེ་འགྲམ་ནས་ཁོང་གི་སྐུ་སྲོག་ལ་ཉེན་ཁ་ཅི་ཙམ་བྱུང་ཡང་གོ་མེད་ཚོར་མེད་དུ་བསྡད་ཡོད་པ་ལ་གོ་བརྡ་དང་འབོད་སྒྲ་གསལ་བོ་ཞིག་བསྒྲགས་པ་ང་ཚོས་་ཤེས་དགོས།གདོན་འདྲེ་དོལ་རྒྱལ་གྱི་རྒྱུགས་ཁྱི་དག་གིས་༧གོང་ས་མཆོག་གི་སྐུ་སྲོག་ལ་ཉེན་ཁ་ཅི་ཙམ་བཟོས་ཡང་གྲགས་འགུལ་ཅི་ཡང་མེད་པར་མ་ཤེས་མདོག་མདོག་བྱས་ནས་བསྡད་མཁན་དེ་དག་ལ་སློབ་ཕྲུག་འདི་དག་གིས་སྐུལ་བར

    Reply
  6. དབང་ལྡན་མཚོ་མོ། says:
    ལོ་ 16 སྔོན།

    སློབ་ཕྲུག་འདི་དག་གི་སྙིང་སྟོབས་དང་ལ་རྒྱ་ལ་གུས་འདུན་དང་རྗེས་སུ་ཡིན་རིང་ཡོད།
    ཡིན་ཡང་དེ་རིང་དགོང་མོ་མངའ་རི་སྤྱི་སྡུག་གི་དབུས་ཁྲིད་ནས་ཟློས་གར་ནང་དུ་གཞལ་དང་ལྟ་མོ་གོ་བསྒྲིགས་གནང་ཡོད་པ་དེ་སུ་ལ་ཁྲམ་པ་བྱེད་དགོས་ཡོད་པ་རེད། འདི་ལོ་ཕྱི་ནང་གཉིས་ལ་ཚོགས་པ་སྐྱིད་སྡུག་ཁག་གི་བོད་ནང་གི་འདས་གྲོངས་སུ་ཕྱིན་པའི་དཔལ་བོ་དཔལ་མོ་དེ་ཚོས་ཆེད་གདོངས་སེམས་མཉམ་སྐྱེད་མཚོན་ཕྱིར་སྤྲོ་སྟོན་དང་ཀླུ་གར་སོགས་གནང་གིན་མེད་པ་གསལ་པོ་རེད།

    Reply
  7. དོམ་ནག་སྨྱོན་པ། says:
    ལོ་ 16 སྔོན།

    བོད་མི་རིགས་འདི་དེ་ལྟར་ལས་སླ་བོ་འཆི་མི་སྲིད། ང་ཚོའི་སོན་རྩ་འདི་ཚོ་མ་རྫོགས་ན་རྒྱ་ངན་ཚང་གི་རེ་བ་ནམ་ཡང་འགྲུབ་ནི་མ་རེད།

    Reply
  8. བེ་རི་དཔལ་ལྡན་རྣམ་རྒྱལ། says:
    ལོ་ 16 སྔོན།

    ཡར་ལངས་འདི་རིགས་ཡག་པོ་ཞེ་་དྲག་འདུག

    Reply
  9. བསེ་རུ། says:
    ལོ་ 16 སྔོན།

    ང་ཚོས་འདི་ལྟར་ཐབས་བརྒྱ་བྱུས་སྟོང་གི་ངང་ནས་ཚེ་སྲོག་གི་འགྲོ་སོང་འགྲོ་མི་དགོས་པའི་ཐོག་ནས་ཞི་བའི་ལས་འགུལ་ཐབས་ལམ་འདྲ་མིན་སྣ་ཚོགས་སྤྱད་བོད་ཀྱི་བོད་ཀྱི་གནད་དོན་འདི་བོད་གཞིས་བྱེས་གཉིས་ཀྱི་འདོད་དོན་བཞིན་མ་བྱུང་བ་དེ་སྲིད་དུ་རྒྱ་གཞུང་ལ་བདེན་པའི་ཐ་ཚིག་སྒྲོག་རྒྱུ་ནམ་ཡང་མཚམས་ཆད་མི་སྲིད།
    ད་དུང་འདི་ལྟར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ།
    ང་ཚོ་བོད་མི་རྣམས་ཕོ་ཟད་མོ་ལ་ཐུག ལག་ཟད་དཔུང་ལ་ཐུག ས་གཞི་ཁྲག་གིས་ཚོས། ས་སྟེང་ཤ་རུས་ཀྱིས་བཀང་ཡང་བདེན་པའི་འབོད་སྒྲ་འདི་ནམ་ཡང་མཚམས་ཆད་མི་སྲིད། འདི་ནི་བོད་མི་ཚང་མའི་སེམས་ཀྱི་རེ་སྨོན་ཡིན་ལ། ཡིད་ཀྱི་དམ་བཅའ་ཡང་ཡིན་ངེས།།

    Reply
  10. སོག་གཡག་ལ་སེ་བོ། says:
    ལོ་ 16 སྔོན།

    མ་འོང་བོད་ཀྱི་སོང་རྩ་གྱུར་པའི་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་བོད་ཡིག་
    སློབ་འབྲིང་གི་སློབ་མ་ཚོསསྙིང་སྟོབ་ལ་རྗེས་སུ་ཡིད་རང་དང་ ཁོང་རྣམས་ཀྱི་བསམ་དོན་རྣམས་ལྷུན་་གྲུབ་ཡོང་བའི་སྨོན་འདུས་ཞུ་།

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བོད་ནང་གིས་གནམ་ས་སྒུལ་བའི་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་འོང་དུས། ང་ཚོ་ཕྱི་བསྡོད་པ་དག་གིས་ད་ནི་གང་ཞིག་བྱེད་དགོས་ཀྱི་ཡོད་མེད་ཀྱི་བགྲོ་གླེང་ཙམ་ཡང་མེད་པ་འདི་ནི་དངོས་ནས་སེམས་པ་སྐྱོ་བ་ཞིག་མ་རེད་དམ། དམིགས་གསལ་གྱིས་བོད་ནང་གི་གཞོན་སྐྱེས་དག་གི་སེམས་ཤུགས་དང་སྙིང་སྟོབས་ཀྱིས་ང་ཚོ་བོད་མི་ཡོངས་ལ་སྐུལ་ལོངས་ཐེངས་མང་བྱེད་ཀྱི་ཡོད་ན་ཡང་། ད་དུང་ང་ཚོ་ལྟ་བུ་ཕྱི་བསྡོད་པ་མི་ཉུང་བ་ཞིག་གིས་རང་རང་གི་དགོས་འཁོ་ཙམ་ཞིག་ལ་མགོ་རྨོངས་དེ་བསྡོད་བཞིན་པ་འདི་ནི་དངོས་ནས་སེམས་སྐྱོ་དགོས་པ་ཞིག་མ་རེད་དམ། དྲ་གྲོགས་ཚོ། ད་ལོ་ནི་བོད་ནང་གི་བོད་མི་ཡོད་དོ་ཅོག་གིས་རང་རང་གི་ཚེ་སྲོག་གི་ངར་ཤུགས་དང་བདེན་པའི་འབོད་སྒྲ་རྒྱུན་མི་ཆད་པར་རང་རང་གི་ནུས་ཚོད་ཅིག་བྱེད་བཞིན་ཡོད་ན། ངེད་ཅག་གིས་ག་རེ་བྱེད་སྲིད་དམ་ཟེར་ནས་ངེད་ཅག་གིས་སེམས་ལ་དྲི་བ་རེ་བཀོད་དུས། ངེད་ཅག་ནི་ལྷོད་བསྡོད་རང་ལུགས་ཀྱི་མི་རྐྱང་རྐྱང་ལྟར་བོད་ནང་གི་གསར་འགྱུར་རེ་ཀློག་བཞིན་བསྡོད་དགོས་ཀྱི་ཡོད་པ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese