ཕྱི་ཚེས་ ༢༣ ཉིན་རྒྱ་གར་གྱི་གསར་འགོད་པ་ ཨ་ནན་ཌི་ ཤན་ཀར་ འབོད་པ་ཞིག་གིས། རྒྱལ་བ་ཀརྨ་པས་གསང་བ་བརྟོལ་བྱུང་། ཞེས་མགོ་བརྗོད་དུ་བཀོད་པའི་བཅར་འདྲི་རང་བཞིན་གྱི་གསར་འགྱུར་ཞིག་ཚོང་ལས་ཚད་གཞིའམ། དབྱིན་ཡིག་ཏུ་ Business Standard ཞེས་པའི་དྲ་ཚིགས་སུ་བཀོད་ཡོད་པ་རེད། བཅར་འདྲིའི་དྲི་བ་དྲི་ལན་ཁག་འདིར་བོད་བསྒྱུར་གྱིས་བཀོད་ཡོད། འགྱུར་ལ་དོགས་པ་ཡོད་ན་གོང་གི་དྲ་ཚིགས་ཀྱི་འབྲེལ་ཐག་ལ་བསྣུན་ཏེ་མ་རྩོམ་ལ་གཟིགས་རོགས།
དྲི་བ། སྐུ་ཉིད་ནས་རྒྱ་གར་དུ་ལོ་ ༩ རིང་བཞུགས་པ་དེར་སྡོམ་གང་འདྲ་ཞིག་རྒྱག་གནང་གི་ཡོད།
ལན། ཕན་ཐོགས་ཧ་ལས་པ་བྱུང་སོང་སྙམ་པའི་རྒྱུ་མཚན་འགའ་ཤས་ཡོད། གནས་འདི་ནས་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་མང་པོ་ཞིག་ལ་མཇལ་ཐུབ་གིན་འདུག མངོན་འགྱུར་གཙོ་བོ་ཞིག་ནི་རྒྱལ་ཁབ་འདྲ་མིན་གྱི་མི་སྣ་མཉམ་དུ་མཇལ་འཕྲད་ཀྱི་གོ་སྐབས་ཡོད་པ་དེ་རེད།
དྲི་བ། ཉིད་ཀྱི་ནང་ཆོས་སློབ་སྦྱོང་གི་ཕན་ནས་ཐུགས་སྣང་ཆེ་ཤོས་ཀྱི་སྦྱང་ཚན་གང་རེད། དེའི་ཐད་སློབ་གཉེར་གནང་བར་དགོངས་འཆར་འདྲ་ཡོད་དམ།
ལན། ངའི་སློབ་གཉེར་གྱི་རྒྱབ་ལྗོངས་ཚང་མ་སྲོལ་རྒྱུན་གྱི་བསླབ་པ་སློབ་གཉེར་རེད། ཉེ་ལམ་ནས་ངས་སེམས་ཁམས་རིག་པ་དང་ཁོར་ཡུག་གི་ཐད་སློབ་གཉེར་འབད་བརྩོན་བྱེད་ཀྱིན་ཡོད། ད་ལྟ་བར་དུ་ང་རང་ཚོགས་འདུ་རེ་ཟུང་གི་ཐོག་ཞུགས་མྱོང་། ཡིན་ཡང་། བསླབ་གཞི་དེ་དག་གི་ཐད་སློབ་གཉེར་བྱེད་པའི་དོན་དངོས་ཀྱི་གོ་སྐབས་ཤིག་འཐོབ་མ་མྱོང་། ཉེ་བའི་འབྱུང་འགྱུར་གྱི་ནང་ངས་དེང་རབས་ཚན་རིག་ལ་སློབ་གཉེར་བྱ་དགོས་ཀྱི་འདུག ངའི་རེ་བར་གཙུག་ལག་སློབ་གྲྭ་ཞིག་གི་ནང་དུ་དངོས་གཞིའི་སློབ་ཞུགས་བྱ་རྒྱུ་བྱུང་ན་བསམ་ཡོད། དེང་རབས་ཚན་རིག་དང་ནང་ཆོས་ཀྱི་བསླབ་པ་གཉིས་ནི་ཕན་ཚུན་བསྡུར་རན་ཡོད་པ་དང་ཁེ་ཕན་ཡོད་པ་ཞིག་རེད།
དྲི་བ། ཁྱེད་ལ་ཕྱིར་བོད་ནས་ནང་མིའི་བརྡ་ལན་འབྱོར་གྱི་འདུག་གམ། ཐོས་ཚོད་ལ་ཉིད་ཀྱི་ཡབ་ཡུམ་གཉིས་བདེ་བོ་མེད་པ་འདྲ།
ལན། གློ་བུར་ཐོལ་རྒྱག་རེར་ནང་ནས་བརྡ་ལན་རེ་འབྱོར་གྱི་འདུག ངའི་ཕ་མ་གཉིས་ཀྱི་སྐུ་གཟུགས་བདེ་ཐང་ཡིན་ལ། མཚམས་རེར་ཁོང་གཉིས་ཀྱིས་ང་ལ་བརྡ་ལན་རེ་གནང་གི་འདུག
དྲི་བ། སྐུ་ཉིད་ནས་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་སྲིད་དོན་ལས་སྒོའི་ཐད་རྒྱང་ཐག་ཅིག་བཟུང་ཡོད་པ་རེད། སྐུ་ཉིད་ཀྱི་གཟིགས་ཚུལ་ལ་ཉིད་ནས་ལངས་ཕྱོགས་འདི་དུས་ཡུན་ཅི་ཙམ་ཞིག་ལ་འཛིན་དགོས་ཀྱི་འདུག་གམ།
ལན། སྲིད་དོན་གྱི་ལས་སྒོའི་ཐོག་ཞུགས་མི་ཆོག་མཁན་ཞིག་གི་ངོས་ནས་བཤད་ན་འདི་བཤད་ཁག་པོ་འདུག་ནའང་། འདི་ནི་མི་ཚེའི་གྲུབ་ཆ་ཞིག་ངེས་པར་དུ་རེད། ག་རེ་ཡིན་ཡང་འབྱུང་སྲིད་པ་རེད་ལ་འདི་ལྟའི་དུས་ཚོད་ཅིག་ཡོང་སྲིད་པ་རེད། གནས་སྟངས་ལ་དཔག་པའི་སྒོ་ནས་འདི་ལྟའི་ནང་འཛུལ་ཞུགས་བྱ་སྲིད་པ་རེད། ང་རང་སྲིད་དོན་པ་ཞིག་བྱ་འདོད་མེད་ཀྱང་། སྤྱི་ཚོགས་ཀྱི་ལས་དོན་ཁྲོད་མཉམ་ཞུགས་བྱ་འདོད་ཡོད།
དྲི་བ། དགུང་ལོ་ ༢༣ སྟེང་། སྐུ་ཉིད་ནི་དེ་རིང་གི་བོད་ཀྱི་གཞོན་སྐྱེས་ཚོའི་གྲས་ན་ཡོད་པ་རེད། སྐུ་ཉིད་ནས་ཁོང་ཚོའི་མཉམ་དུ་འབྲེལ་བ་གང་འདྲ་ཞིག་འཛིན་གྱི་ཡོད་དམ།
ལན། ལོ་ཆུང་ཆུང་ཡིན་དུས་ནས་བཟུང་ང་རང་གཞོན་སྐྱེས་ཚོའི་མཉམ་དུ་ཁ་ཐུག་དང་ཐད་ཀའི་འབྲེལ་བ་ཡོད། ཁོང་ཚོས་ཀྱང་ང་ལ་བློ་ཐག་ཉེ་བོ་བྱེད་གིན་རེད། ང་ཚོའི་འབྲེལ་བ་ཉེ་བོ་ཡོད། ངས་རང་ཉིད་ནི་གནའ་རབས་དང་དེང་རབས་གཉིས་བར་གྱི་ཟམ་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ང་ཚོ་དེང་རབས་ཀྱི་ཤུགས་རྐྱེན་ཁོ་ནའི་དབང་དུ་ཕྱིན་ན་འགྲིག་གི་མ་རེད། ང་ཚོར་དུས་སྐབས་གཉིས་ཀའི་ཐད་གོ་རྟོགས་ཡང་དག་པ་དང་གཙང་མ་ཞིག་དགོས་པ་རེད།
དྲི་བ། རྒྱ་གར་དུ་ཕེབས་འབྱོར་བྱུང་བ་ནས་བཟུང་རྒྱ་གར་གཞུང་གིས་སྐུ་ཉིད་ཕྱོགས་ཕེབས་གནང་མ་བཅུག་པར་བརྟེན་དམ་དྲག་གི་ཐུགས་སྣང་བྱུང་ཚུལ་གསུངས་ཡོད་པ་རེད། སྐུ་ཉིད་ཨ་རིར་ཕེབས་རྗེས་ནས་བཟུང་ཐུགས་ཚོར་གང་འདྲ་བྱུང་ངམ།
ལན། དེ་ནི་དུས་ཡུན་ཧ་ཅང་ཐུང་ཐུང་གི་འགྲུལ་སྐྱོད་ཅིག་རེད། ཡིན་ཡང་སྒོ་འཕར་ཆེན་པོ་ཞིག་ཕྱེ་བ་རེད། འགྲུལ་བཞུད་དེ་བདེ་བོ་དང་སྐྱིད་པོ་བྱུང་། འདི་འདྲའི་གོ་སྐབས་མང་ཙམ་ཡོང་བའི་རེ་བ་བྱེད་ཀྱིན་ཡོད།
དྲི་བ། དེང་སྐབས་འཛམ་གླིང་ནང་དཀའ་རྙོག་མང་པོ་ཞིག་འབྱུང་གིན་པ་འདིར་སྐུ་ཉིད་ལ་གཟིགས་ཚུལ་ཅི་ཡོད།
ལན། འཛམ་གླིང་གིས་དཔལ་འབྱོར་ཉམས་རྒུད་དང་རྩོད་རྙོག་མང་པོ་ཞིག་ལ་གདོང་གཏད་ཡོད་པ་རེད། ལྷག་པར་དུ་དམག་འཁྲུག་རེད། འདི་དག་ཐམས་ཅད་ཀྱི་རྒྱབ་ན་མི་ཡོད་པ་རེད། ཁོའི་བྱ་སྤྱོད་ཡོད་པ་རེད། དེ་ལ་ང་ཚོས་བསྐྱར་ཞིབ་བྱ་དགོས་ཀྱི་ཡོད་པ་རེད། ཡིན་ཡང་དཀའ་རྙོག་འདི་དག་ནི་ཁོར་ཡུག་གི་དཀའ་རྙོག་ནང་བཞིན་གྱི་ཛ་དྲག་མ་རེད། མི་འབོར་ཚད་འཛིན་ནི་ཐག་གཅོད་ཀྱི་ཐབས་ལམ་རེད། ཡིན་ནའང་། ཐག་གཅོད་དེ་ནི་མིའི་བྱ་སྤྱོད་ལ་རག་ལས་ཡོད་པ་རེད།
བོད་ཀྱི་ཆབ་སྲིད་འདི་བླ་མས་བཟུང་ནས་བྱས་རྗེས་བཞག་ས་ཡོད་ལ་སྐྱ་བོས་བཟུང་ནས་ཞབས་འདྲེན་བྱས་པའང་ཡོད་བས་འདི་ལ་སྐྱ་སེར་གྱི་དབྱེ་བ་བཀར་ནས་སྡོམ་ཚིགས་རྒྱག་རྒྱུ་ཅུང་སྔ་དྲག་སོང།བོད་པ་ཚང་གི་ལས་དབང་འདི་ལ་མདོ་དང་སྔགས་བཀླགས་ཆོས་དང་རིག་གཞུང་བཤད་ནས་མ་ཕན་ན་དེ་ལས་གཞན་ཕན་པའི་ཐབས་ལམ་ཡོད་ཀྱང་འུ་ཚང་གི་སྒྲུབ་མི་ཐུབ་པས་ཉམས་ངའི་གཡང་ལས་སྐྱོབ་ཐབས་མེད་སོང་བ་རེད།
རེད་རེད། ངོ་མ་སོང་། ཕྱིས་མ་དྲགས་གོང་ལ་མཐོ་སློབ་ཚད་ལྡན་ཞིག་ཏུ་སློབ་སྦྱོང་བྱེད་དུ་སོང་། མདོ་སྔགས་བཀླགས་ནས་ཡུལ་ལུང་པ་ལ་ཕན་རྒྱུ་ཞིག་ཡོད་ན་དེ་ཤེས་མཁན་བོད་པ་ལས་མང་བས་མི་རིགས་སུ་གཅིག་ཡོད་པ་མ་རེད།
བླ་མས་ཆབ་སྲིད་སྒྲུབ་མི་ཆོག་ན་༧གོང་ས་མཆོག་གིས་བོད་དོན་སྒྲུབ་པ་དེ་ཆབ་སྲིད་མིན་ན་ཅི་ཞིག་རེད། མི་སྐྱ་རྣམས་ཀྱིས་དེ་ལས་ལྷག་པ་ཅི་ཞིག་འགྲུབ་འདུག
མ་འོང་བར་བོད་མི་ཚོའི་མཁྱེན་རྒྱ་ཡར་རྒྱས་སུ་སོང་ན། བླ་མ་ཚོར་ཆབ་སྲིད་ལ་ཐུགས་མཉེས་པོ་ཡོད་ཀྱང་བོད་མི་སུ་གཅིག་གིས་དགའ་བསུ་ཞུ་རྒྱུ་མ་རེད་ལ། འོན་ཀྱང་ད་དུང་བོད་མི་ཚོར་ཤེས་བྱའི་འདང་གི་མེད་སྟབས་བླ་མ་ཆབ་སྲིད་པ་ཚོར་རྒྱབ་སྐྱོར་བྱེད་འདོགས་ཁ་བོ་རེད། ང་དང་ང་ལྟ་བུས་བླ་མ་ཞིག་ལ་སྲིད་བློན་གྱི་འོས་ཤོག་གཏན་ནས་འཕེན་རྒྱུ་མ་རེད། བླ་མ་ཚོར་ཆབ་སྲིད་ལ་ཐུགས་མཉེས་པོ་ཡོད་ན། ཅི་ཕྱིར་རྒྱ་ནག་དང་ཨ་རིའི་ལྟ་བུའི་རྒྱལ་ཁབ་ཅིག་གི་སྲིད་འཛིན་དུ་འཕེན་པ་བཏངས་ནས་སྐུ་ཡིས་སྐྱེ་བ་མི་བཞེས། གལ་ཏེ་དེ་ལྟ་བུ་ཞིག་ཏུ་སྐྱེས་ན་ད་ཁྱོད་ལ་ཆབ་སྲིད་ཀྱི་གོ་སྐབས་ཆེན་པོ་འཛམ་གླིང་ཡོངས་སུ་ཡོད་པར་མ་ཟད། བོད་མི་ཚོར་ཡང་ཕན་ཐོག་ཅུང་ཟད་ཡོད་ངེས་རེད། བླ་མ་མཁྱེན། །
རྒྱལ་བ་ཀརྨ་པས་སྲིད་དོན་གནང་གི་མིན་གསུངས་པ་དེ་རྨད་དུ་བྱུང་བའི་གཟིགས་པ་ཞིག་རེད། བླ་མ་དང་གྲྭ་བས་སྲིད་དོན་འཇོན་གྱི་མ་རེད། ང་ཚོ་ལ་ལོ་རྒྱུས་ཀྱི་བདེན་དཔང་རི་རབ་ལས་ཀྱང་མཐོ་བ་ཡོད། ས་སྐྱ་ནས་དགེ་ལྡན་བར་གྱི་སྲིད་སྐྱོང་མཁན་གྱི་བླ་གྲྭ་དེ་དག་ལ་མཉམ་ཞིབ་ཅིག་གནོངས་དང་། གལ་སྲིད་བོད་མི་རིགས་ལ་༼ དད་པ་ ༽ དང་ ༼ དག་སྣང་ ༽ ཞེས་པའི་མིང་ཚིག་འདི་རིགས་མེད་ན། གལ་སྲིད་བོད་མི་རིགས་འདི་ཨ་རིའི་མི་སེར་ལྟར་ཆབ་སྲིད་ཀྱི་གོ་རྟོགས་མཐོན་པོ་ཡོད་ཚེ། སྲིད་དོན་གནང་མཁན་གྱི་བླ་གྲྭ་དེ་རིགས་ལོ་རྒྱུས་ཐོག་གི་མི་ནག་ཉེས་ཅན་ཤ་སྟག་རེད་ཡ།
རྒྱལ་བ་ཀརྨ་པ་ཁོང་ལ་གཞན་ཞུ་དགོས་ཡག་གང་ཡང་མེད་ཅིང༌། ཡིན་ནའང་ཁོང་ངོ་དགའ་བཤད་མཁས་པའི་བླ་ཆུང་ཞིག་པ་ཡིན་པ་ཚོར་སྣང་བྱུང༌། གང་ཡིན་ཟེར་ན། བོད་ཁྱིམ་སློབ་གྲྭ་ལ་སྒོར་མོ་གི་མི་ཤོང་པ་བསྡད་ཡོད་རེད། སློབ་ཕྲུག་རེར་ལ་སྦྱིན་བདག་གཉིས་གསུམ་ཡོད་པ་ཚང་མས་ཤེས་གསལ་རེད། ཡིན་ནའང་རྒྱལ་བ་ཀརྨ་པས་ལོ་སྔོན་མ་ཨ་སྒོར་ས་ཡ་གཅིག་ཞལ་འདེབས་གནང་ཡོད་པ་རེད། དེ་ནི་ཁོང་གཡབ་གཞི་ལ་ངོ་དགའ་བཤད་པ་ལྟ་བུ་ཆགས་ཡོད་རེད་ཟེར་ནས་སྤྱི་ཚོགས་ནང་བཤད་སྲོལ་ཞིག་ཆགས་ཡོད། དོན་དངོས་ཨ་སྒོར་ས་གཅིག་ལ་བོད་གཞུང་ལ་གནང་ན་ཆེས་འོས་བབ་མཐོང༌། གང་ཡིན་ཟེར་ན་ཁོང་དང་པོ་སྣེ་ལེན་དང་མཐུན་འབྱོར་གནང་བོད་གཞུང་ཡིན་པས། ཁོང་གི་དེ་ལྟར་བརྗེད་པ་ཡིན་ནམ། ཁོང་གིས་གནང་སྟངས་དེ། རྩ་ཉིང་ན་ཟ། རིལ་མ་གསེབ་ལ་གཏོང་ཟེར་བའི་དཔེ་དེ་དང་མ་མཚུངས་སམ།
རྒྱལ་ཀརྨ་པ་གཞན་ཞུ་དགོས་རྒྱུ་གང་ཡང་མི་འདུག ཡིན་ནའང་ཁོང་ངོ་དགའ་བཤད་མཁས་པའི་བླ་ཆུང་ཞིག་ཡིན་པ་ཚོར་སྣང་བྱུང༌། གང་ཡིན་ཟེར་ན། བོད་ཁྱིམ་སློབ་གྲྭ་སྒོར་མོ་མང་པོ་དེ་འདྲ་ཡོད་ན། ཁོང་གི་ལོ་སྔོན་མ་ཨ་སྒོར་ས་ཡ་གཅིག་ཞལ་འདེབས་གནང་ཡོད་པ་རེད། དེ་ནི་མི་མང་པོ་ཞིག་གི་ཁོང་གིས་གཡབ་གཞི་ལ་ང་ོ་དགའ་བཤད་པ་རེད་ཟེར་ནི་སྤྱི་ཚོགས་ནང་བཤད་རྒྱུན་ཆགས་ཡོད་པ་རེད། དོན་དངོས་ཐོག་ཞལ་འདེབས་དེ་རང་གཞུང་ལ་གནང་བཞག་ན་ག་འདྲ་ཡག་པོ། གང་ཡིན་ཟེར་ཁོང་རང་པོ་སྣེ་ལེན་དང་རོགས་སྐྱོར་བྱེད་མཁན་ཚང་མ་བོད་གཞུང་ཞུས་པ་རེད་ལ། གཡབ་གཞི་དང་ཡང་ན་བོད་ཁྱིམ་སློབ་གྲྭས་ཞུས་མེད་གསལ་པོ་རེད།
གཙོ་བོ་དེ་ཆོས་ཕྱོགས་ནས་ནུས་པ་ཐོན་ན་ཆབ་སྲིད་ཞོར་གྱིས་འགྲུབ་ཀྱི་རེད། གལ་ཏེ་མ་འགྲུབ་ན་ཡང་གནད་འགག་གཅིག་ཀྱང་ཡོད་པ་མ་རེད། རྒྱུ་མཚན་ནི་ཀརྨ་བ་ཆོས་པ་རྣམ་དག་ཅིག་ཡིན་དགོས་པ་ལས་ཆབ་སྲིད་པ་ཞིག་ཡིན་དགོས་རྒྱུ་མ་རེད། གལ་སྲིད་དགོས་ནའང་ཆབ་སྲིད་ཟེར་བ་དེ་གཞན་ལ་འདྲི་བཞིན་འདྲི་བཞིན་བྱེད་ན་ཆོག་མོད། ཆོས་ཕྱོགས་ཀྱི་ལུང་དང་རྟོགས་པའི་ཡོན་ཏན་ཏེ་ལོ་དུ་མར་སྒོམ་སྒྲུབ་བྱས་ཏེ་ཐོབ་རྒྱུ་ཞིག་ཡིན་ཕྱིར་ཧ་ཅང་གི་ཁག་པོ་རེད། ལྷག་པར་དུ་སྙིག་མའི་དུས་འདིར་ཆོས་ཀྱི་ཉམས་ལེན་ཡོད་མཁན་ཉིན་མོ་སྐར་མ་ནང་བཞིན་ཡིན་པ་ཤེས་གསལ་རེད། དེང་དུས་ཀྱི་གཙུག་ལག་སློབ་གྲ་ཞིག་དང་གྲྭ་སའི་འཆད་ཉན་གཉིས་བསྡུར་ན་སློབ་གྲྭ་ཁག་གི་སློབ་གཉེར་ནི་ལད་མོ་ཙམ་ཞིག་རེད། འོན་ཀྱང་ཁོང་ཚོས་མ་འོང་བར་ལས་དཀའ་ཐོབ་པའི་ཆེད་དུ་ལག་འཁྱེར་དགོས་ཀྱི་ཡོད་པ་རེད། སྐྱབས་རྗེ་ཀརྨ་བར་ལས་དཀའ་ཐོབ་པའི་ཆེད་དུ་ལག་འཁྱེར་དགོས་ཀྱི་མ་རེད། དེ་མིན་དེང་དུས་ཀྱི་མཚན་རིག་དང་ཤེས་བྱ་མཁྱེན་པར་འདོད་ན་ཁྱོད་ལྟ་བུ་དབང་རབ་ཅིག་གིས་ཞར་དང་ཞོར་གྱིས་ངེས་ཐུབ་པར་སྨོས་ཅི་དགོས། ད་རེ་འདི་ཙམ་གྱིས་ཆོག་པར་བྱ། །
རྐམ་རིན་པོ་ཆེར་རེ་བ་ཧ་ཅང་ཆེ། འོན་ཀྱང་ཐོམས་བསྡད་ན་མི་འགྲིག་ཀྱང་དྲན་རྒྱུ་མང་ནའང་མི་འགྲིག ངོ་མ་ཚད་ཟིན་དགོས་བླ་མ་འདི་དག་གིས་ཆོས་ཡང་འཇོན་དགོས་ལ་སྲིད་ཀྱང་ངེས་པར་དུ་འཇོན་དགོས།
འོ། གང་ལྟར་ཡང་སློབ་སྦྱོང་བྱས་ན་ཡག་པོ་རེད། དེང་རབས་ཀྱི་ཤེས་ཡོན་ལྷག་པར་དུ་ཤེས་དགོས། གཙུག་ལག་སློབ་གྲྭ་རུ་འགྲོ་ན་གལ་ཆེན་པོ་རེད། འོན་ཀྱང་བཙུན་པ་མ་འོང་ན་
རྒྱལ་ཀརྨ་པ་ཚང་གི་གསུངས་སྟངས་དེ་དག་ལ་ལྟོས་ན་ཁོང་གི་ཐུགས་དགོངས་དང་བསམ་གཞིག་གཏིང་ཟབ་པོ་དང་རྒྱ་ཆེན་པོ་རེད།་་ཡིན་ན་ཡང།ད་ལྟའི་སྤྱི་ཚོགས་འདའིི་ནང་དུ་ཤེས་ཡོན་ཆེན་པོ་ཡོད་པ་དང་ལྷག་པར་དུ་ནང་བསྟན་ཤེས་ཡོན་གཏིང་ཟབ་པོ་ཞིག་ཡོད་པ་ཙམ་གྱིས་རྒྱབ་ཁབ་དང་རྒྱབ་ཁབ་དེའི་མི་དམངས་ལ་ཕན་ཐོགས་དང་ཞབས་འདེགས་ཞུ་ཐུབ་རྒྱུ་དཀའ་ལས་ཁག་པོ་རེད།་་་རང་གི་རྒྱལ་ཁབ་དང་མི་རིགས་ལ་སེམས་གཏིང་ནས་ཤ་ཚ་དང་ལྷག་བསམ་བཅོས་མིན་ཞིག་དགོས་རྒྱ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ལ་གཞན་གྱྱི་བྲན་གཡོག་དང་བསླུ་བྲིད་གྱི་རྒྱ་ནང་དུ་ཚུད་མི་ཉན་པ་དེ་ལས་ཀྱང་ཧ་ཅང་གི་གལ་ཆེན་པོ་རེད་།་་་ང་ཚོའི་སྤྱི་ཚོགས་ནང་དུ་བླ་སྤྲུལ་མང་པོ་ཞིག་སྐུ་དྲག་ཚོ་དང་ཕྱག་མཛོད་ཚོའི་བསླུ་བྲིད་ཀྱྱི་འོག་ནས་མཐར་མ་ཐུབ་པས་རྐྱེན་གྱི་བླ་མའི་མཛད་འཕྲིན་རྣམ་མ་དེ་མངོན་ཐུབ་གྱི་་མེད་པ་རེད།དེའི་ཕྱིར་བླ་སྤྲུལ་རྣམ་པས་དེ་དག་ལ་གཟབ་དགོས་ཀྱི་འདུག་བསམ་སོོང་།
དེང་རབས་ཚན་རིག་གི་ཞིབ་འཇུག་བྱེད་སྟངས་ལྟར་བྱས་ན། བོད་ཀྱི་ལོ་རྒྱུས་ཁྲོད་རྒྱལ་དབང་ལྔ་བ་ཚུད་པའི་བླ་ཆེན་ཁྲོད་ངེས་པ་དོན་གྱི་ཆབ་སྲིད་པ་གཅིག་ཀྱང་བྱུང་མྱོང་མེད་པ་འདྲ། དེ་ལས་ལྡོག་སྟེ་གྲུབ་མཐའ་དང་ལུང་ཚན། ཆོས་ལུགས་ཁོ་ནའི་དོན་དུ་མི་སེར་སྡུག་ལ་སྦྱོར་མཁན་རྐྱང་ལསa། རྒྱལ་ཁབ་རྒྱ་བསྐྱེད་དང་སྟོབས་འབྱོར་མངའ་ཐང་གི་ཕྱོགས་སུ་འཁྲིད་ཐུབ་མཁན་གཅིག་ཀྱང་བྱུང་མེད་པ་ཁས་ལེན་དགོས། ས་སྐྱ་པ་དང་རྒྱལ་དབང་ལྔ་པར་སོག་པོའི་དཔུང་སྟོབས་ཀྱིས་རྒྱབ་རྟེན་ཡོད་བཞིན་དུ་ཆོལ་གསུམ་ཁོངས་སུ་སྲིད་ཀྱི་ལམ་ལུགས་ཀྱི་རྨང་སྲོལ་ཙམ་ཡང་བཙུགས་ཐུབ་མེད། དེར་བརྟེན་བླ་མས་དཔེ་དེབ་འབྲི་བ་དང་ཆོས་གསུང་རྒྱུ་ཡིན་ན་སྲིད་ལ་མ་ཞུགས་ན་ཡག་ཤོས་རེད་བསམ།
ད་ནི་ང་ཚོས་རེ་ཞིག་དགོན་པ་དྲུག་སྟོང་རྩ་མེད་བཟོས་པའི་གྱོད་གཞི་དེ་ཟུར་དུ་བཞག་ནས། བོད་ཀྱི་གཙང་བོ་ཆེན་པོ་བདུན་དང་ཆུ་ལག་སྟོང་ཕྲག་དེ་དག་གི་གནས་སྟངས་གླེང་ན་འོས་པར་འདོད།
ཀརྨ་པ་ཚང་ལ་རེ་བ་ཆེན་པོ་ཡོད། ཁོང་ནི་ང་ཚོས་མ་འོང་བའི་རེ་བ་བྱེད་ས་ཁོ་ན་ཡིན།རྒྱལ་བ་རིན་པོ་ཆེ་སྐུ་ཚབ་ཁོང་ལས་གཞན་སུས་ཡང་གནང་མི་ཐུབ། བོད་ཕྱི་ནང་གི་བོད་པ་ཚང་མ་ཁོང་ལ་རེ་བ་འདུག ལྷག་པར་གཞོན་སྐྱེས་ཚོ་ལ་རེ་བ་ཆེན་པོ་འདུག
ཡིན་ནའང་རིན་པོ་ཆེ་ཚང་གིས་ན་ནངས་ད་ལོ་འདྲ་མི་འདྲ་ཞིག་གསུངས་ཀི་འདུག་ཀ ང་ཁེར་རྐྱང་ཡིན། སྐྱིད་པོ་མི་འདུག གལ་ཏེ་ང་ཀརྨ་བའི་སྤྲུལ་སྐུ་མིན་ན་ང་ལ་ལས་དཀའ་གཞན་ཞིག་ཡོད།ཟེར་བ་འདྲ་བོ། ནུབ་ཕྱོགས་ལ་ཕེབས་ནས་གཙིག་ལག་སློབ་གྲ་ལ་འགྲོ་གི་ཡིན་ཟེར་བ་གསུངས་སོང། ཀརྨ་བ་ཚང་ལ་ནང་ཆོས་ཀྱི་རྫོང་འཐུག་པོ་ཞིག་དགོས་པ་ལས་ནུབ་ཕྱོགས་ཀྱི་རིག་གནས་དགོས་དོན་དེ་ཙམ་མེད། ནུབ་གླིང་ངམ་ཆགས་གླིང་འདི་སྤྲུལ་སྐུ་ཆུང་ཆུང་དང་གྲ་བ་ཆུང་ཆུང་ཕེབས་ས་ཞིག་མ་རེད་ལགས། དེ་སྔོན་བོད་ཀྱི་བླ་ཆེན་ཁག་ཅིག་ནུབ་ཕྱོགས་ལ་ཕེབས་ནས་ཨ་མཆོག་རིན་པོ་ཆེ་གཅིག་པོ་མ་གཏོགས་གཅིག་ཀྱང་དམར་པོ་གོན་ནས་ཕྱིར་ཡོང་མི་འདུག་ཀ
རྒྱལ་བ་ཀརྨ་པའི་ཐུགས་རེ་དེ་ནི། བོད་ཀྱི་གཞོན་སྐྱེས་གྲྭ་བཙུན་ཕལ་མོ་ཆེའི་ཉལ་བའི་རྨི་ལམ་ཆགས་ཀྱི་ཡོད། ཁོ་ཚོས་ཉིན་མཚན་དུས་དྲུག་ལ་ཤ་སྐམ་ཟུངས་ཟད་ཀྱི་བར་དུ་སློབ་གཉེར་བྱེད་ཀྱི་ཡོད་ལ། གདན་ས་ཁག་གི་གྲྭ་བཙུན་ཚོར་ཁྱབ་མཉམ་གྱིས་ཆུ་ཚོད་ཉི་ཤུ་རྩ་བཞིའི་ནང་ནས་ཆུ་ཚོད་བཞི་ཙམ་མ་གཏོགས་གཉིད་ཀྱི་མེད་། དུས་ཚོད་ལྷག་མ་ཡོད་ཚད་སློབ་གཉེར་ཞེས་པ་འདིའི་ཐད་གཏོང་གི་ཡོད་ལ། ཁོ་ཚོར་བསམ་བློའི་གནོན་ཤུགས་དང་། སྒྲིག་ཁྲིམས་ཀྱི་བཙུར་གནོན། རང་ཡུལ་དང་ཉེ་དུ་བྲལ་བའི་སྡུག་བསྔལ། ད་དུང་ཁེར་རྐྱང་གི་སྡུག་ཡུས་སོགས་ཀྱང་རྒྱུན་འཇགས་སུ་གནས་མོད། བོད་ཀྱི་ཕྲུ་གུ་འདི་དག་གི་སྙིང་གི་རེ་བ་དང་། མི་རིགས་ཀྱི་ཆེད་དུ་འབུལ་འདོད་པའི་ལུས་སེམས་ལ་མཐོང་དང་བདག་སྤྲོད་མཁན་ཧ་ཅང་དཀོན་པ་མ་ཟད། ཕྱི་ནང་གཉིས་ཀྱི་ཁྲོད་ཁོ་ཚོའི་གཟུགས་བརྙན་ནི་ཕན་མེད་ཀྱི་རབ་རིབ་ཅིག་ཏུ་འགྱུར་བཞིན་ཡོད། ལྷག་པར་དུ་བོད་ཀྱི་ཕྲུ་གུ་འདི་དག་གི་རེ་བ་ལྟར་གྱི་སློབ་གསོའི་ཁ་ཕྱོགས་ལ་སྙིང་དྲོ་བའི་སྐད་ཆ་བཤད་མཁན་ཙམ་ཡང་དཀོན། གནས་སྟངས་འདི་ནི་ཁོ་ཚོ་ཙམ་གྱི་གྱོང་གུད་མ་ཡིན་པར་མི་རིགས་ཧྲིལ་བོའི་མ་འོངས་པའི་སྐྱོ་ལ་སྡུག་པའི་གཏམ་རྒྱུད་ཅིག་གི་དབུ་ཁྱུད་ཡིན་ཡ།
ཤེལ་དཀར་བློ་བཟང་ལགས། ས་སྐྱའི་འགྲོ་མགོན་འཕགས་པར་སོགས་པོ་རྒྱལ་བོས་༡༢༦༠་ལོར་དབང་ཞུས་ཤིང་དེའི་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་ཕུལ་ཡོད་ནའང། ཁོང་རང་ངོས་ནས་ཆབ་སྲིད་ཀྱི་ཕྱག་ལས་གང་ཡང་གནང་མི་འདུག་སྙམ། དེའི་དུས་ས་སྐྱའི་དཔོན་ཆེན་ཤཀྱ་བཟང་བོས་ཆབ་སྲིད་བྱས་ཡོད་པ་འདྲ། འོན་ཀྱང་ཕྲན་ལ་བོད་ཀྱི་ལོ་རྒྱུས་དེབ་གཅིག་ཀྱང་འདི་ཀར་མེད་སྟབས་གསལ་བོ་ཞིག་འབྲི་རྒྱུ་གོ་སྐབས་དབེན། ཡིན་ནའང་ངས་སྤོབས་པ་དང་བཅས་གསལ་བོར་ཞུས་ཐུབ་པ་ཞིག་ནི། བླ་མ་འཕགས་པ་དེ་དུས་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བུ་དམ་པ་ཆེན་པོ་རེད། དེའི་སྐབས་ཀརྨ་པཀྴི་དང་འཕགས་པ་གཉིས་ཀྱིས་གྲུབ་རྟགས་ཀྱི་རྩལ་འགྲན་སྡུར་ཡང་བྱས་འདུག གལ་སྲིད་འཕགས་པར་ཆོས་ཕྱོགས་ནས་གྲུབ་པ་ཆེན་པོ་ཐོབ་མེད་ན་སོགས་པོ་རྒྱལ་བོས་བོད་ཁྲི་སྐོར་བཅུ་གསུམ་ཕུལ་ག་ལ་ཡོད། མདོར་ན་ངས་ཞུ་སྙིང་ནི་ཀརྨ་དགུང་ལོ་གཞོན་པའི་སྐབས་འདིར་ཆོས་ཕྱོགས་ནས་ནུས་པ་ཆེན་པོ་ཞིག་ཐོན་རྒྱུ་དེ་མེད་དུ་མི་རུང་བ་ཞིག་རེད་ཞུ་བཞིན་ཡོད། གལ་སྲིད་ལུང་རྟོགས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་གང་ཟག་གཅིག་གིས་ཆོས་དང་ཆབ་སྲིད་གང་བྱས་ཀྱང་ཆགས་སྡང་དབང་དུ་ཤོར་སྲིད་ཀྱི་མ་རེད་ལ་ཆོས་ཀྱི་ཉམས་ལེན་ལ་སྐྱོན་གྱིས་གོས་ག་ལ་སྲིད། ད་རེས་འདི་ཙམ་གྱིས་ཆོག་པར་བྱ། །
བོད་ནི་འཛམ་གླིང་གི་ཡང་རྩེ་དང་། ཨེ་ཤ་ཡའི་ཆུ་བོ་ཆེན་པོ་དག་གི་མགོ་ཁུངས་ཡིན་ཟེར། དེ་བས་ནང་ཆོས་ཀྱིས་འཛམ་གླིང་མི་དམངས་ལ་ལེགས་སྐྱེས་འབུལ་རྒྱུ་ནི་ང་ཚོས་འཇོན་མིན་དང་ཁོང་ཚོའི་དགོས་མཁོ་ཆགས་ཡོད་མེད་ཅི་ཤེས་ཏེ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ནི་བོད་མི་རིགས་ཀྱིས་འཛམ་གླིང་མི་དམངས་དང་ལྷག་དོན་ཨེ་ཤ་ཡའི་མི་དམངས་ལ་འགན་འཁུར་བ་དང་། ལེགས་སྐྱེས་གང་འབུལ་འོས་པ་དེ་ཡིན།
རེད་ཡ། བོད་དོན་དཀའ་རྙོག་ཆེན་པོ་དེ་གཅིག་གིས་བླ་མ་ཡིན་ཟེར་ནས་ཕར་བཞག། གཅིག་གི་མི་ཆེན་ཡིན་ཟེར་ནས་ཚུར་བཞག་ན་འགྲིག་གམ། ད་ལྟའི་ཛ་དྲག་གནས་སྟངས་ལ་གཞིགས་པའི་མཛད་པ་བསྐྱང་རྒྱུ་ལས་དེ་སྔོན་མཛད་འཕྲིན་གང་ལ་བརྟེན་ནས་རྒྱས་མིན་ལྟ་རྒྱུའི་དུས་ཚོད་མ་རེད། ལར་ནས་ཆབ་སྲིད་ཀྱི་ཕྱག་ལས་གནང་ན་ཆོས་པ་ཚད་ལྡན་ཞིག་ཡོང་རྒྱུ་ཁག་པོ་རེད་ཟེར་བ་ཡ་མཚན་རེད།
ས་སྐྱ་འགྲོ་མགོན་འཕགས་པ་ནས་བཟུང་ད་བར་ལ་ཆབ་སྲིད་ཐུགས་འགན་བཞེས་མཁན་གྱི་ཚད་ལྡན་བླ་མ་ག་ཚོད་བྱུང་འདུག་བསྐྱར་ཞིབ་ཅིག་གནང་དང་།
བོད་མི་ས་ཡ་དྲུག་གི་ནང་ཆབ་སྲིད་འཇོན་མཁན་མང་པོ་ཡོད་ན་ཡག་པོ་རེད། ད་ས་སྟེང་སྒང་ལ་ཐོན་དང་།
དེ་ལས་གཞན་་་་་་བདེ་བ་གཞུང་བྱུས་གཏོགས་བདེ་སྲིད་མགོ་ལེབ་བྱེད་་་་་ཅེས་པའི་སྒྲུང་ལྟར་བྱུང་ན་ཡག་ཐག་མ་རེད།
རྒྱལ་བ་ཀརྨ་པ་ཚང་གིས་ཀྱང་དེ་གསུང་གི་འདུག ཆབ་སྲིད་པ་ཞིག་བྱ་འདོད་མེད་གསུངས་འདུག ཁོང་གིས་ཁོར་ཡུག་གི་གནད་དོན་འདི་འཛམ་གླིང་གི་དཀའ་རྙོག་མཐའ་དག་གི་ཁྲོད་ནས་ཛ་དྲག་ཆེ་ཤོས་རེད་གསུངས་འདུག
རྒྱལ་བ་ཀརྨ་པ་ཚང་གིས་གོང་དུ། (ངས་རང་ཉིད་ནི་གནའ་རབས་དང་དེང་རབས་གཉིས་བར་གྱི་ཟམ་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།) ཅེས་གསུངས་འདུག ཁོང་གི་སྐུ་ཚེ་འདིའི་མཛད་པ་འཕྲིན་ལས་ནི་དགོངས་གཞི་འདི་འདྲ་ཞིག་གི་འོག་ནས་བསྐྱང་རྒྱུ་ཡིན་པ་འདྲ།
ང་ཚོའི་བོད་ཀྱི་ཆབ་སྲིད་དེ་སྐྱབས་རྗེ་ཀརྨ་པ་ལ་བཅོལ་དགོས་རྒྱུ་མ་རེད། གནད་འགག་ཅིག་ཏེ་བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དེ་རེད། བླ་མར་ཆོས་ཕྱོགས་ནས་ནུས་པ་ཐོན་ན་མི་དམངས་ཀྱི་དད་པ་དང་ཡི་ཆེས་བརྟན་པོ་ཞིག་བསྐྲུན་ཐུབ་རྒྱུ་དེ་རེད། དེ་ཡོད་དུས་བཀའ་གསུང་ཚིག་གི་ནུས་པ་དེ་གཞན་ལས་ཆེས་པ་རེད། དེ་ཡིན་དུས་ཆབ་སྲིད་ཟེར་ནའང་འདྲ་ཁོང་ལ་མི་དམངས་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་ནུས་པ་གཞན་ལས་ལྷག་པ་རེད།
བླ་མ་བླ་མའི་ས་ལ་བཞུགས་ནས་ཆོས་ཕྱོགས་ཀྱི་མཛད་པ་བསྐྱངས་ན་ཧ་ཅང་གི་རྩ་ཆེན་པོ་རེད། བླ་མའི་ཆབ་སྲིད་བྱེད་ན་དེ་ལ་ཧང་སངས་པ་ཞིག་གཏན་ནས་མེད་པར་མ་ཟད་ཁོ་ཆབ་སྲིད་པ་རེད། ཆབ་སྲིད་ཀྱི་ཕྱག་ལས་ཤིག་གནང་བ་བཟུང་ཆོས་པ་ཚད་ལྡན་ཞིག་ཡོང་རྒྱུ་ཧ་ཅང་གི་ཁག་པོ་རེད། བོད་མི་ས་ཡ་དྲུག་གི་ནང་ན་ཆབ་སྲིད་ལ་འཇོན་མཁན་མང་བོ་ཡོད་པ་རེད། དེ་ཚོའི་ལག་ཏུ་བཞག་ན་ལེགས་པོ་རེད། ཀརྨ་པའི་མཛད་ཕྲིན་ཡང་ཆོས་ལ་བརྟེན་ནས་རྒྱས་པ་རེད་མ་གཏོགས་ཆབ་སྲིད་ལ་བརྟེན་ནས་རྒྱས་པ་མ་རེད།
ཁོང་དང་མཉམ་དུ་བོད་ཀྱི་སྤྲུལ་སྐུ་ཆེ་ཆུང་ཚང་མས་འདི་ལྟའི་ཐུགས་སྐྱེད་རེ་གནང་སྟེ་འཇིག་རྟེན་མི་སྡེ་རུ་ཡོད་པའི་ཁ་ཡོད་ལག་ཡོད་ཀྱི་དཀའ་ངལ་རིགས་སེལ་ཐབས་དང་། ནང་སྒོས་སུ་བོད་གངས་ཅན་གྱི་ཡུལ་ནས་མགོ་བརྩམས་ཏེ་ནང་ཆོས་ཀྱི་གཟི་འོད་ངོ་མ་དེ་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་སྟེང་འཕྲོ་ཐུབ་པ་ཞིག་གནང་རྒྱུ་གལ་ཆེན་རེད།
ཁོང་གི་ཐུགས་རེ་འདི་ཡ་མཚན་ཞིག་རེད། སའི་གོ་ལའི་སྟེང་གི་སྐར་ཆེན་ཞིག་ཏུ་འགྱུར་ངེས་པ་དང་། མ་ཡུམ་གོ་ལའི་ཚེ་སྲོག་སྲུང་སྐྱོབ་གནང་མཁན་གྱི་སྐྱེས་ཆེན་དམ་པ་ཞིག་ཏུ་འགྱུར་ཁོ་ཐག་རེད། ཆོས་ཟེར་ནའང་འདི་ལས་ལྷག་ཅིག་ཅི་ཡོད། བོད་ཀྱི་ལོ་རྒྱུས་སྟེང་མི་སྣ་གལ་ཆེན་ཞིག་བྱོན་པར་སྙིང་ཐག་པ་ནས་དགའ་བསུ་ཡོད།
དྲ་གྲོགས་རྟ་བདུན་མིང་ཅན་ལགས།
སྤྱིར་བླ་ཆེན་ཞིག་ཡིན་པའི་ཆ་ནས་མདོ་སྔགས་ཡོངས་རྫོགས་ལ་ཐོས་བསམ་དཔྱིས་ཕྱིན་པ་ཞིག་བྱེད་དགོས་པ་སྨོས་མེད་རེད།
དེ་དང་ཆབས་ཅིག་བོད་པ་ཞིག་ཡིན་པའི་ཆ་ནས་དེང་དུས་ཛ་དྲག་བོད་ཀྱི་གནས་སྟངས་ལ་གཞིག་པའི་བོད་མི་དམངས་ཀྱི་བདེ་དོན་དེ་༸གོང་ས་མཆོག་གཅིག་པུར་མ་ཡིན་པར་བླ་ཆེན་མི་ཆེན་ཚང་མས་ཆར་གྲུ་མཉམ་འདེགས་བྱེད་རྒྱུ་ནི་ཕྲག་དུ་བབས་པའི་ལས་འགན་རེད། དེར་བརྟེན་ཁྱེད་ཀྱིས་དེང་དུས་ཀྱི་གཙུག་ལག་སློབ་གྲ་ཞིག་ཏུ་བསྐྱོད་ནས་དེང་དུས་ཀྱི་ཤེས་བྱ་སློབ་དགོས་ཀྱི་མ་རེད། ཅེས་པར་མོས་མཐུན་མེད་དེ་སྔོན་བོད་དེར་ནང་ཆོས་ཀྱིས་ས་དར་རྡོ་དར་ཡིན་ཀྱང་དེང་དུས་ཀྱི་ཤེས་ཡོན་སོགས་ཀྱིས་འཕོངས་ནས་མཐར་མི་མོས་རང་སྐྱིད་ཀྱི་བོད་དེ་དགྲ་ལག་ཏུ་ཤོར་བ་མངོན་གསལ་རེད། ད་དུང་ཡང་ནང་ཆོས་གཅིག་པུར་མགོ་འཁོར་ཏེ་འཛམ་གླིང་གི་འགྲོ་སྟངས་དང་དེང་དུས་ཀྱི་ཤེས་བྱ་ཡོན་ཏན་བཅས་ལ་སྦྱང་པ་མེད་ན་འོད་སྟོང་འབར་བའི་མ་འོང་བོད་དེ་ཇི་ལྟར་སླར་གསོ་བྱེད།།
སྐྱབས་རྗེ་ཀརྨ་བ་ལགས་ལ་ཞུ་རྒྱུ། མཆོག་ཉིད་སྐྱེ་འགྲོ་ཀུན་གྱི་སྐྱབས་མགོན་ཡིན་ཕྱིར་དེང་དུས་ཀྱི་གཙུག་ལག་སློབ་གྲ་ཞིག་ཏུ་བསྐྱོད་ནས་དེང་དུས་ཀྱི་ཤེས་བྱ་སློབ་དགོས་ཀྱི་མ་རེད། མདོ་སྔགས་ཡོངས་རྫོགས་ལ་ཐོས་བསམ་དཔྱིས་ཕྱིན་པ་ཞིག་བྱས་ཏེ། མ་མཐར་ཡང་སྒྲུབ་པའི་ཉམས་ལེན་ལོ་ངོ་བཅུ་ཕྲག་གཉིས་ཙམ་གྱི་རིང་ལ་བྱ་རྒྱུ་དེ་མེད་དུ་མི་རུང་བ་ཞིག་རེད། བོད་ཀྱི་བླ་ཆེན་ཞིག་ལ་མཚོན་ན་མི་དམངས་ཀྱི་ངོས་ནས་སངས་རྒྱས་དངོས་ཀྱི་འདུ་ཤེས་འཇོག་གི་ཡོད་པ་མཆོག་ནས་མཁྱེན་གསལ་རེད། ཁྱོད་ལྟ་བུར་བླ་མ་ལ་བྱང་ཆུབ་ཀྱི་སེམས་དང་མངོན་ཤེས་རྫུ་འཕྲུལ་གྱིས་ཕོངས་ན་ཧ་ཅང་གི་ངོ་གནོང་དགོས་པ་ཞིག་ཡིན་རྒྱུ་ཞུ་ག་ལ་དགོས། རྒྱུ་མཚན་དེའི་ཕྱིར་ཀརྨ་དུས་གསུམ་མཁྱེན་པ་ལ་སོགས་སྔོན་བྱུང་གི་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བུ་དམ་པ་དག་གི་རྣམ་ཐར་བཞིན་སྒྲུབ་པའི་རྒྱལ་མཚན་སྒྲེང་རྒྱུ་དེ་ཅིས་ཀྱང་ཐུགས་ལ་འཇགས་པར་འཚལ་ལགས། སྔོན་ཇོ་བོ་རྗེས་གཞན་དོན་རླབས་ཆེན་འགྲུབ་པའི་གྲོགས་ལ་མངོན་ཤེས་དང་རྫུ་འཕྲུལ་མེད་ཐབས་མེད་གསུངས་བ་སོགས་ཐུགས་ལ་འཇགས་པར་འཚལ་ལོ། གལ་སྲིད་མཆོག་ལ་ད་ལྟ་ནས་གོང་ནས་ཞུས་པ་ཚང་མ་འཛོམས་ཡོད་ན་། བླུན་པོ་ངས་ཞུས་པ་དེར་དགོངས་འགལ་མེད་པར་ཞུས། མཐར་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་པ་དང་འཕྲིན་ལས་མཐར་ཕྱིན་པའི་སྨོན་འདུན་བཅས་ཕུལ།
ལོ་ན་ཉེར་གསུམ་ལས་སོན་མེད་པའི་བོད་ཀྱི་སྤྲུལ་སྐུ་འདིས་རླབས་ཆེན་གྱི་དགོངས་གཞི་མཐའ་དག་ལྷུན་གྱིས་འགྲུབ་པར་ཤོག
དངོས་གནས་ཡག་པོ་འདུག བོད་ཀྱི་སྤྲུལ་སྐུ་ཚོར་ལམ་སྟོན་གནང་བ་ལས་མ་འདས་པས། བཀྲ་ཤིས་བདེ་ལེགས་ཡོད།
དྲ་རྒྱ་འདིར་ཕེབས་པར་དགའ་བསུ་ཞུ།
http://www.amapakto.com/index.html
གོ་ལའི་ཚ་དྲོད་རྒྱས་ཤིང་ལྷག་པར་དུ་བོད་ཁ་བ་རི་བའི་ཡུལ་དུ་ཁོར་ཡུག་གི་ཆག་འཇིག་ཡ་ང་བ་ཞིག་ཤར་བཞིན་པའི་སྐབས་འདིར། རྒྱལ་བ་ཀརྨ་པ་མཆོག་གིས་ནང་ཆོས་དང་ཚན་རིག་གི་ཕན་ནས་ཁོར་ཡུག་གི་གནད་དོན་ཐད་ཐུགས་ཁྲལ་དང་། ཁོར་ཡུག་གི་གནད་དོན་ཐད་སློབ་གཉེར་གནང་བཞིན་པ་འདི་ནི་རང་རེ་བོད་མི་ཀུན་དགའ་སྤོབས་སྐྱེས་དགོས་པ་ཞིག་ཅི་ནས་ཀྱང་ཡིན། བོད་ཀྱི་རང་བྱུང་ཁོར་ཡུག་གི་ཉམས་རྒུད་ནི་འཛམ་གླིང་སྤྱིའི་གོད་ཆག་དང་། ལྷག་པར་དུ་ཨེ་ཤ་ཡའི་གླིང་གི་མི་འབོར་དུང་ཕྱུར་ཁག་གི་འཚོ་སྡོད་ལ་ཐད་ཀར་འབྲེལ་ཡོད་སྟབས། བོད་མི་རང་གི་ཁྲོད་ནས་འདིའི་ཐད་འགན་ལེན་མཁན་དང་། ཨེ་ཤ་ཡ་དང་འཛམ་གླིང་ཡུལ་གྲུ་གང་སར་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་འདིའི་སྣེ་འཁྲིད་མཁན་ཞིག་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་སུ་གྱུར་འདུག