མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྗང་བུའི་གློག་བརྙན་མཚོ་སྔོན་པོ།

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

མཚོ་སྔོན་པོ་ཉམས་ཆག་ཏུ་འགྲོ་བའི་རྒྱུ་རྐྱེན་དང་ས་གནས་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་དཀའ་སྡུག་རྣམས་ཡུལ་མི་ཚོར་བཅར་འདྲི་སོགས་ཀྱི་ལམ་ནས། བོད་སྟོད་སྨད་བར་གསུམ་གྱི་རང་བྱུང་ཁོར་ཡུག་གི་གནོད་སྐྱོན་སྦས་སྐོང་བྱེད་བཞིན་པའི་གསང་རྣམ་གསལ་བོར་མཚོན་ཡོད་པའི་གློག་བརྙན་ཞིག་ཡིན་འདུག

ཧི་གཟུགས་ཟིན་བྲིས་སུ་གནས་ཚུལ་བཀོད་པ་ལྟར་ན། བོད་ཀྱི་སྙན་ངག་པ་ལྗང་བུ་ལགས་ཀྱིས་བཟོ་བསྐྲུན་བྱས་པའི་གློག་བརྙན་<<མཚོ་སྔོན་པོ>>ཞེས་པ་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་སྔར་ལོའི་ལོ་མཇུག་ཏུ་མི་མང་ལ་གཟིགས་འབུལ་བྱས་ཡོད་པ་དང་། གློག་བརྙན་གཟིགས་འབུལ་སྐབས་སྐུ་ཞབས་ལྗང་བུ་ལགས་ཀྱིས། གློག་བརྙན་འདི་ནི་ ༢༠༠༥ ལོ་ནས་རང་ཉིད་ཀྱིས་མགོ་བརྩམས་ཏེ་ཕབ་བསྐྲུན་གྱི་ལས་ལ་ཞུགས་པ་དང་། རང་ཉིད་ཀྱིས་རྟག་ཏུ་བཤད་འདོད་པ་མང་བོ་ཞིག་གློག་བརྙན་གྱི་ཐབས་ལམ་བརྒྱུད་དེ་རྒྱ་ཆེའི་ལྟ་མཁན་དག་གི་སྤྱན་ལམ་དུ་བསྟར་ཐུབ་པར་འབད་བརྩོན་བྱས་ཡོད། ཅེས་གསུངས་ཡོད་འདུག  གནས་ཚུལ་ངོ་སྤྲོད་པས་བརྗོད་པ་ལྟར་ན། ཁོང་གི་གློག་བརྙན་བརྩམས་ཆོས་དེའི་བསྟན་དོན་ནི་མཚོ་སྔོན་པོ་ཉམས་ཆག་ཏུ་འགྲོ་བའི་རྒྱུ་རྐྱེན་དང་ས་གནས་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་དཀའ་སྡུག་ཡོད་ཚད་མཐོང་སྣེར་དྲངས་ཏེ་ས་གནས་ཡུལ་མི་ཚོར་བཅར་འདྲི་སོགས་ཐབས་རྩལ་སྣ་ཚོགས་སྤྱད་དེ། བོད་སྟོད་སྨད་བར་གསུམ་གྱི་སྦས་སྐོང་གི་གསང་རྣམ་སྐྱུར་མོའི་ངོ་གདོང་དམར་རྗེན་དུ་པར་ལ་བཏབས་ཡོད་པས། ད་ལྟ་བོད་ཕྱི་ནང་གཉིས་ན་ལག་སྔ་གང་མགྱོགས་ཀྱིས་སྒྲིག་སྦྱོར་བྱེད་བཞིན་པའི་དངོས་བཤུས་གློག་བརྙན་ལས་ཆེས་འབུར་ཐོན་པ་ཞིག་ཏུ་བརྩི་ཆོག་པར་འདུག་ཟེར།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༢༢ སྔོན་ལ།
Lobga Rangzen
Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

༢༠༢༦/༠༧/༠༤
ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 
Mobile App

ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 

༢༠༢༦/༠༧/༠༤
བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

༢༠༢༦/༠༧/༠༤
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣

མཆན། 17

  1. jamyangdakpa says:
    ལོ་ 17 སྔོན།

    Screening of Kokonor, a new documentary film by writer and director Chenaktsang Dorje Tsering (aka Jangbu). Examines environmental and social change in the vicinity of Qinghai Lake (Mtsho sngon po) through interviews with local residents. In Tibetan with English sub-titles. (32 min.)

    Reply
  2. jamyangdakpa says:
    ལོ་ 17 སྔོན།

    Screening of Kokonor, a new documentary film by writer and director Chenaktsang Dorje Tsering (aka Jangbu). Examines environmental and social change in the vicinity of Qinghai Lake (Mtsho sngon po) through interviews with local residents. In Tibetan with English sub-titles. (32 min.)

    Reply
  3. མེ་སྒྱོགས་རྒྱ་མཚོ། says:
    ལོ་ 17 སྔོན།

    དབྱིན་མིང་ལ་ kokonor ཟེར་གྱིན་འདུག ངས་འོག་ལ་དྲ་མཐུད་གཅིག་སྤྲོད་ཀྱི་ཡིན། དེ་ལ་འཇུས་ནས་ག་བར་སླེབས་ཀྱི་འདུག་ལྟོས་དང་། དེ་མ་གཏོགས་ངས་འབྲོང་ཕྲུག་ཁྱེད་ལ་གློག་བརྙན་འདི་གང་དུ་ཡོད་གསལ་པོ་ཤོད་ཐུབ་ཀྱི་མིན་འདུག
    http://www.columbia.edu/cu/lweb/indiv/eastasian/Tibetan/confsched.html

    Reply
  4. འབྲོང་ཕྲུག་ says:
    ལོ་ 17 སྔོན།

    གྲོགས་པོ་རྣམས་པ་༼ལྗང་བུའི་གློག་བརྙན་མཚོ་སྔོན་པོ།༽ཞེས་པ་འདིའི་སྐོར་གྱི་དྲ་རྒྱ་དང་ཡང་ན་གློག་བརྙན་སྔོན་འགྲོ་སོགས་ཀྱི་དྲ་ཚིགས་དེ་འདྲ་ཡོད་ན་ལབ་རོགས་མཁྱེན།

    Reply
  5. མེ་སྒྱོགས་རྒྱ་མཚོ། says:
    ལོ་ 17 སྔོན།

    སྔོན་ལོ་ལ་རྩེ་དཔེ་མཛོད་དུ་བསྟན་སོང་། ངོ་མ་ཡག་གི

    Reply
  6. རྭ་ལོ། says:
    ལོ་ 17 སྔོན།

    སྟུག་དྲི་ལྟ་བུའི་གཏམ་འདི་དག

    ཡང་མིན་ན་སྨད་པ་རེད། དེ་མིན་ན་བསྟོད་པ་རེད། མཆན་འདེབས་མཁན་ཚང་མ་འདི་འདྲ་ཞིག་རེད། རྒྱུ་མཚན་རེ་དང་གནས་ལུགས་རེ་བཤད་རྒྱུ་མི་འདུག་གམ། ཡང་མིན་ན་ཁ་རོག་གེར་བསྡད་ན་མི་ཆོག་གམ།

    སྤྱིར་བཏང་གང་ཟག་སུ་རུང་ལ་དགའ་མི་དགའི་ཚོར་བ་ཙམ་ཡིན་ན་སོ་སོའི་སྟུག་དྲི་བཞིན་མི་མང་གི་དཀྱིལ་ནས་མ་གཏོང་ཡ། ད་སྐབས་ངས་མཆན་འདེབས་མཁན་དག་གི་སྐད་ཆ་ནི་འདི་འདྲ་ཞིག་རེད་འདོད། ཁྲེལ་དང་ངོ་ཚ། བཟང་སྤྱོད། ཡ་རབས་སོགས་བོར་ཏེ་མང་ཚོགས་ཀྱི་དཀྱིལ་ནས་སྟུག་དྲི་གཏོང་གི་ཡོད་པ་འདྲ་ཞིག་རེད། རང་དབང་ཡོད་ས་ནས་ཀྱང་རིག་གཞུང་བརླག་མི་ཉན།

    Reply
  7. ལྕགས་རྒྱ་འགྲམ་ནག says:
    ལོ་ 17 སྔོན།

    སྐུ་ཞབས་ལྗང་བུ་ལགས་བོད་ཀྱི་ཤེས་ཡོན་པ་མིན་ན། བོད་ཀྱི་ཤེས་ཡོན་པ་ཟེར་བ་དེ་ཚོ་སུ་ཡིན་ནམ། གཡུ་ཚང་ཟེར་བའི་རྒད་པོ་ཧོན་ལོག་ཚར་འདུག

    Reply
  8. བསང་ཆུ་འབྲུག་བྷེ། says:
    ལོ་ 17 སྔོན།

    ལོ་རབས་བརྒྱད་ཅུའི་ནང་བོད་ལ་དེང་རབས་རྩོམ་རིག་གི་མཐོ་རླབས་འཕྱུར་བ་ནས་བཟུང་སྟེ།་་་་སྐུ་ཞབས་ལྗང་བུ་ནི་དེའི་ཁྲོད་ཀྱི་ཚབ་མཚོན་མི་སྣ་གཅིག་རེད།་་་ཁོང་ལྟ་བུ་ཞིག་གིས་རིག་རྩལ་གྱི་ལམ་བུ་ཅི་སྙེག་ཀྱང་འུ་ཚོར་རེ་བ་ཞིག་རྙེད་རྒྱུ་ཡོད་པར་འདོད།

    Reply
  9. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    ང་ཚོའི་མི་རིགས་འདི་རང་ཉིད་མི་འཇོན་ན་ཡང་གཞན་ལ་ངན་བཤད་ཀྱི་ཧ་ཅང་དགའ་

    Reply
  10. མཇང་རྩེ says:
    ལོ་ 17 སྔོན།

    མི་འདི་ཚོས་གང་བཤད་ཀྱིན་ཡོད་ནཱ། རང་མི་རང་གིས་བརྙས་ནས། ལྗང་བུ་གང་འདྲ་ཡིན་པ་ཁྱེད་ཚོས་ནི་བཤད་དགོས་མ་རེད།

    Reply
  11. ནོར། says:
    ལོ་ 17 སྔོན།

    བལྟས་རྗེས་དཔྱད་ཆོག

    Reply
  12. ཁྲག says:
    ལོ་ 17 སྔོན།

    ལྗང་བུ་སྙན་ངག་པ་ཡིན་མིན་མི་ཤེས། བོད་ཀྱི་ཤེས་ཡོན་པའི་གྲས་སུ་ཚུད་མི་ཚུད་ཀྱང་བཤད་པའི་སྐབས་མ་རེད། ཁོང་གིས་སྲོག་གི་ཉེན་ཁ་བརྒྱུད་དེ་ལས་དོན་འདི་དང་དུ་བླང་བར་ཡི་རངས་མི་བྱེད་ན་སུ་ལ་ཡི་རངས་བྱེད་དགོས་པ་རེད།

    Reply
  13. གཡུ་ཚང་ལྷ་མོ་དོན་གྲུབ། says:
    ལོ་ 17 སྔོན།

    བོད་ཀྱི་སྙན་ངག་པ་ལྗང་བུ་ལ་རེ་བ་མེད། མི་ཚེ་ཧྲིལ་བོར་རང་མོས་སྙན་ངག་ཐ་ར་ཐོ་རེ་དང་ལྷུག་རྩོམ་འགའ། ད་དུང་བརྩམས་སྒྲུང་རེ་གཉིས་ཤིག་མ་གཏོགས་ཅི་ཡང་སྟོན་རྒྱུ་མེད།
    མིང་ཆེན་པོ་ཞིག་ཁུར་ནས་ཡོད་ནོ་མ་གཏོགས་དོན་དངོས་སུ་བོད་ཀྱི་ཤེས་ཡོན་པའི་གྲས་སུ་ད་དུང་ཚུད་དཀའ།

    Reply
  14. ཇིང་སྲས་མིག་གསུམ་པ། says:
    ལོ་ 17 སྔོན།

    སྐུ་ཞབས་ལྗང་བུ་ལགས་ལ་རྟེན་འབྲེལ་ཞུ།

    Reply
  15. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    གློག་བརྙན་འདིའི་བསྐོར་སྔ་ས་ནས་གོ་ཐོས་བྱུང་ན་ཡང་། ད་ལྟ་གློག་བརྙན་འདི་རྒྱ་ཆབ་དུ་སོང་ཡོད་མེད་ཐད་དུ་གནས་ཚུལ་ཡག་པོ་ཞིག་གོ་མ་སོང་། གློག་བརྙན་འདི་སུས་ལག་དུ་རེག་ན་དྲ་ཐོག་ལ་འགོད་ཐུབ་པ་ཡིན་ན་ལྟ་མཁན་ཆེས་མང་བོ་ཞིག་གིས་རེ་འདོད་ཡོད་ངེས་རེད།

    Reply
  16. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    གློག་བརྙན་འདིར་ལྟ་འདོད་ཀྱི་འདུན་པ་ཤིན་ཏུ་ཆེ། ད་དུང་རྒྱ་གར་ལ་བསླེབ་ཡོད་ཀྱི་མ་རེད། གང་ནས་རག་མིན་དང་ཇི་ལྟར་རག་མིན་ཤེས་མཁན་འདྲ་ཡོད་ན་འདིར་ལན་རེ་འཇོག་རོགས།

    Reply
  17. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    ས྄ྙན་ངག་པ་ལ྄ྗང་བུའི་(མཚོ་ས྄ྔོན་པོ)ཞེས་པའི་ག྄ློག་བར྄ྣན་ལེགས་གྲུབ་བྱུང་བར་ར྄ྟེན་འབྲེལ་ཞུ། ང་ཚོའི་མིག་ལམ་དུ་མྱུར་དུ་མངོན་ཐུབ་པའི་རེ་བ་ཧ་ཅང་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese