མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་གཞིས་ལུས་མི་མང་ལ་འགན་ཞིག་འཁུར་དགོས་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

                           

བོད་ནང་གི་བོད་མི་ཚོར་རྒྱ་གཞུང་གིས་བསྒྲགས་པ་ལྟར་བདེ་སྐྱིད་ལྡན་པ་ཞིག་ཡོད་ན། བཙན་བྱོལ་བོད་མི་ཚོས་བོད་ཀྱི་གནད་དོན་མེད་ཅེས་ཁས་ལེན་བྱ་རྒྱུ་མ་ཟད། རྒྱ་གཞུང་ལའང་དགོངས་སེལ་ཞུ་རྒྱུ་ཡིན། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

ཟླ་ ༥ བའི་ཚེས་ ༢༨ ཉིན་གྱི་ཕྱི་དྲོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ཆིབས་བསྒྱུར་གྱིས་ཡུ་རོབ་ཌེན་མག་རྒྱབ་ཁབ་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ཕྱི་ཚེས་ ༣༠ ཉིན་ཌེན་མག་རྒྱལ་ཁབ་ཀྱི་སྲིད་བློན་ Lars Lokke Rasmussen མཆོག་དང་མཇལ་འཕྲད་གནང་རྗེས་རྒྱལ་ས་ཁོ་བྷན་ཧཱ་གྷན Copenhagen དུ་ཡོད་པའི་བྷི་ལ་འདུ་ཚོགས་བསྟི་གནས་ཁང་ Bella Convention Center ཁང་དུ་ཡུལ་དེའི་མི་མང་དང་ཌན་མག་གནས་སྡོད་བོད་རིགས། དེ་བཞིན་རྒྱ་རིགས་མི་དམངས་བཅས་མི་གྲངས་ ༣༦༠༠ ལྷག་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། སློབ་དཔོན་ཀ་མ་ལ་ཤིས་མཛད་པའི་སྒོམ་རིམ་བར་པའི་གསུང་ཆོས་དང་བཀལ་སློབ་གནང་ཡོད། སྐབས་དེར། ༧གོང་ས་མཆོག་གིས། ང་རང་ཉིད་ཆོས་ལུགས་གཅིག་ནས་གཅིག་ལ་བསྒྱུར་བར་འདོད་མོས་མེད་མཁན་ཞིག་ཡིན་སྟབས། མི་སུ་ཡིན་རུང་ནང་པའི་ཆོས་ལུགས་ལ་འགྱུར་ཐབས་མ་གནང་རོགས། ཞེས་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྔ་མོའི་ཆོས་ལུགས་ཡེ་ཤུའི་ཆོས་ཡིན་སྟབས། སོ་སོ་རང་གི་ཆོས་ལུགས་ལ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ལེགས་ཤོས་ཡིན་མོད། མི་སྒེར་བ་དང་བླངས་ཐོག་ནང་པའི་ཆོས་སྒོར་ཞུགས་ཤིང་ཉམས་ལེན་བྱས་ཏེ་སོ་སོར་ཕན་ཐོགས་ཡོང་གི་ཡོད་ཚེ་འགྲིག་གི་ཡོད་པ་རེད།  དེ་བས། འཛམ་གླིང་གིའགྱུར་ལྡོག་ལ་བལྟས་ཏེ་མི་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འབྲེལ་ལམ་ཟབ་དུ་ཕྱིན་ཏེ་ཆོས་ལུགས་གཞན་ལ་བརྩི་བཀུར་དང་རྗེས་སུ་ཡི་རངས་བྱ་རྒྱུ་གལ་ཆེན་ཆགས་ཡོད། ཅེས་བཀའ་སྩལ་ཡོད་པ་དང་། ༧གོང་ས་མཆོག་ནས་ཌེན་མག་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པའི་སྐུ་ཚབ་དང་གྲོས་ཚོགས་འཐུས་མི་རྣམས་ལ་མཇལ་འཕྲད་གནང་རྗེས་ཡུལ་དེའི་ནང་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་སྐབས།   བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་ཐད་གསུངས་དོན། ང་ཚོའི་ངོས་ནས་འབད་བརྩོན་ག་ཚོད་བྱས་ཀྱང་གནས་སྟངས་ལ་འགྱུར་བ་འགྲོ་གི་མི་འདུག་ལ།  རྒྱ་གཞུང་གིས་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་ཤོག་དེར་ངོས་ལེན་བྱས་མེད། འོན་ཀྱང། ང་ཚོས་རྒྱ་ནག་མི་མང་ལ་བཅངས་པའི་ཡིད་ཆེས་ལ་འགྱུར་བ་མེད། ང་ཚོས་བོད་དོན་ལ་རྒྱུས་མངའ་ཡོད་མཁན་དང་བོད་མིར་གདུང་སེམས་མཉམ་སྐྱེད། བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་རྒྱ་ནག་མི་མང་དང་འབྲེལ་གཏུགས་བྱ་རྒྱུ་འབད་བརྩོན་མུ་མཐུད་བྱེད་བཞིན་ཡོད། གལ་ཏེ། བོད་ནང་གི་བོད་མི་ཚོར་རྒྱ་གཞུང་གིས་བསྒྲགས་པ་ལྟར་བདེ་སྐྱིད་ལྡན་པ་ཞིག་ཡོད་པ་ཡིན་ན། བཙན་བྱོལ་བོད་མི་ཚོས་བོད་ཀྱི་གནད་དོན་མེད་ཅེས་ཁས་ལེན་བྱ་རྒྱུ་མ་ཟད། རྒྱ་གཞུང་ལའང་དགོངས་སེལ་ཞུ་རྒྱུ་ཡིན། ཡིན་ནའང་།  བོད་ནང་གི་བོད་མི་ཚོ་རྒྱ་གཞུང་གི་སྲིད་བྱུས་ལ་འདོད་བློ་མི་ཁེངས་པར་འཇིགས་སྣང་དང་དངངས་སྐྲག་འོག་འཚོ་བཞིན་ཡོད་ཚེ། རྒྱ་གཞུང་གིས་དེར་དགོངས་སེལ་ཞུས་ཏེ་བོད་ཀྱི་གནད་དོན་དེ་བཞིན་ངེས་པར་དུ་སེལ་དགོས་ཀྱི་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་བོད་ནང་གི་དཀའ་རྙོག་ཡོད་མེད་ཐད་དཔྱད་ཞིབ་བྱ་དགོས་ཀྱི་རེད། ཅེས། གསར་འགོད་པར་དྲིས་ལན་གནང་ཡོད།

 ཕྱི་ཚེས་ ༣༡ ཉིན་༧གོང་ས་སྐྱབས་མགོན་ཆེན་པ་མཆོག་ནས་ཌེན་མག་ནང་གནས་སྡོད་བོད་མི་དང་སི་ཌན་ནས་འབྱོར་བའི་བོད་མི། ཌེན་མག་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ། ཌེན་མག་བོད་ཀྱི་རིག་གཞུང་ཚོགས་པ་བཅས་ཀྱི་འཐུས་མི་བཅས་མཉམ་འཛོམས་ཐོག  ༧གོང་ས་མཆོག་གིས་བོད་རིགས་རྣམས་ལ་དམིགས་བསལ་བཀའ་སློབ་གནང་དོན། ད་ལྟ་གཉན་འཕྲང་གི་དུས་སྐབས་འདིར་གཞིས་བཞུགས་བོད་མི་ཚོས་བཙན་བྱོལ་གྱི་བོད་མི་རྣམས་ལ་བློ་གཏད་བཅོལ་བཞིན་པ་ངེས་པར་དུ་སེམས་ལ་བཅངས་ཏེ་ལས་ཀ་བྱེད་དགོས་ཀྱི་རེད། གང་དུ་སྡོད་མིན་ལ་མ་ལྟོས་པར་བོད་མིའི་ཤ་ཁྲག་རུས་གསུམ་ལ་བརྗེ་པོ་རྒྱག་རྒྱུ་ཡོད་མ་རེད། ལུང་པ་གང་དུ་སོང་ཡང་བོད་པ་རེད་ཅེས་བརྗོད་པ་ལས་འགྱུར་བ་འགྲོ་རྒྱུ་གང་ཡང་མེད། བོད་ནང་གི་བོད་མི་ཚོ་རང་དབང་དང་བྲལ་བའི་དཀའ་ངལ་འོག་གནས་ཡོད་ལ། མདོར་ན་རྣམ་འགྱུར་སྟོན་སྟངས་ཏོག་ཙམ་མ་འགྲིག་པ་བྱུང་ན་སྲོག་ཤོར་བའི་ཉེན་ཁ་ཆགས་ཡོད། དེ་རིང་ཁ་སང་རྒྱ་གཞུང་གིས་བོད་མིར་ཏོག་ཙམ་དོགས་པ་བྱུང་ཚེ་འཛིན་བཟུང་དང་ཉེས་རྡུང་ཚད་ལས་བརྒལ་བ་བཏང་སྟེ་ཁག་ཅིག་རྐྱེན་འདས་དང་། མང་པོ་ཞིག་ནད་པ་ཆགས་འགྲོ་གི་ཡོད། ཛ་དྲག་གི་གནས་སྟངས་དེ་འདྲའི་འོག་རེ་བ་རྒྱག་ས་དེ་ང་ཚོ་རང་དབང་ལུང་པའི་ནང་གི་བོད་མི་ཚོར་རེ་བ་རྒྱག་གི་ཡོད་པ་རེད། བོད་རྒྱ་ཆེའི་མི་མང་གིས་ང་ཚོར་རེ་འདུན་ཤུགས་ཆེ་རྒྱག་གི་ཡོད་དུས་ང་ཚོར་འགན་ཞིག་ཡོད་པ་རེད།  ཅེས་དང་། ཁྱེད་རང་ཚོ་ས་ཕྱོགས་གང་དུ་བསྡད་ཀྱང་བོད་པ་ཡིན་བསམ་པའི་འདུ་ཤེས་དེའི་ཐོག་ནས་བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཐུབ་བྱ་དགོས་པ་ཧ་ཅང་གལ་ཆེན་རེད། མི་མང་གི་ཚབ་ཡག་པོ་བྱ་ཐུབ་སླད་དུ་སྤྱི་ཚོགས་གང་དུ་ཡོད་ཀྱང་མི་གཞན་གྱི་ཡིད་ཆེས་དང་ཆེ་མཐོང་བྱ་ཡུལ་ཞིག་ཆགས་དགོས་པ་ལས། རྫུན་ཤོད་པ་དང་ཚུལ་ལྡན་མིན་པའི་ལས་བྱས་པ་ཡིན་ན་མི་གཞན་གྱིས་ཆ་འཇོག་བྱེད་ཀྱི་མ་རེད། རང་ཉིད་བོད་པའི་ཚབ་ཞིག་དང་བོད་རྒྱ་ཆེའི་མི་མང་གི་མདོག་དེ་འཛམ་གླིང་འདིའི་ཐོག་བཏོན་ཐུབ་པ་ཞིག་བྱ་བར་ཡིད་ཆེས་འཕེར་བ་ཞིག་བཟོ་དགོས་སྟབས། རང་གི་སྤྱོད་ལམ་དེ་བོད་ཀྱི་རིག་གཞུང་དུ་ཡ་རབས་དང་དྲང་བོ་བྱ་རྒྱུ། བདེན་པ་བདེན་དྲང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཆགས་ཡོད།  ཕྱི་ལོ་ ༡༩༦༠ དང་ ༡༩༧༠ ཙམ་ལ་བཙན་བྱོལ་ནང་འཁྲུག་པ་རྒྱག་མཁན་ཧ་ལམ་གོ་རྒྱུ་མེད། བར་སྐབས་ཤིག་ནས་ཏོག་ཙམ་གོ་རྒྱུ་འདུག  དེ་རིང་ཁ་སང་རྒྱ་གར་བ་ཁག་ཅིག་གིས་སྔ་མོའི་བོད་པ་དང་དེང་སང་གི་བོད་པ་འདྲ་གི་མི་འདུག ཅེས་ང་ལ་བཤད་མཁན་ཡོང་གི་འདུག  ཁྱེད་རང་ཚོ་ཚང་མས་གཟབ་གཟབ་བྱེད་དགོས་པ་རེད། ང་ཚོའི་ཕྱོགས་ནས་བརྗོད་པ་ཡིན་ན་ང་ཚོ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་མི་རེད། ང་ཚོ་ཆུང་ཆུང་གི་སྐབས་ནས་མ་ཎི་འདོན་ཤེས་པ་དང་སེམས་ཅན་གྱི་སྲོག་ལ་སྙིང་རྗེ་ཟེར་བའི་གོམས་གཤིས་ཡོད་པ་ཞིག་རེད། དྲང་པོ་མ་བྱས་པ་ཡིན་ན་ལས་རྒྱུ་འབྲས་ཞེས་སྐད་ཆ་ཤོད་རྒྱུ་ཡོད་སྟབས། ས་ཕྱོགས་གང་དུ་བསྡད་ཀྱང་བོད་རྒྱ་ཆེའི་མི་མང་གི་རེ་འདུན་འཁྱེར་ཐུབ་པ་ཞིག་དང། རེ་འདུན་མི་ལ་བཏོན་པར་མིས་ཡིད་ཆེས་འཕེར་ཐུབ་པ་ཞིག་ཡོང་སླད། རང་ཉིད་ཀྱི་སྤྱོད་ལམ་དེ་རྫུན་མི་བཤད་མཁན་ཞིག་དང་ཕྱོགས་ལྷུང་མེད་མཁན་ཞིག་བྱ་དགོས་པ་རེད། དེ་ལྟར་བྱས་ཚེ་མིས་ཡིད་ཆེས་བྱེད་ཀྱི་རེད། ཅེས་ལམ་སྟོན་བཀའ་སློབ་གནང་ཡོད་པ་དང་། ༧གོང་ས་མཆོག་ནས་ཉིན་གཉིས་ཀྱི་རིང་གི་གསུང་ཆོས་ཡོངས་སུ་གྲོལ་རྗེས་བོད་ཀྱི་བདེན་དོན་ཚོགས་པའི་ཚོགས་གཙོ་ལཱ་ཁ་རིན་པོ་ཆེས་དབུས་ཚོགས་མི་དང་ཡུལ་དེའི་བོད་མི་རྣམས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་ཡོད་པ་དང་། ཕྱི་ཚེས་ ༡ ཉིན་༧གོང་ས་མཆོག་གི་ཌེན་མག་རྒྱལ་ཁབ་ཀྱི་མཛད་འཕྲིན་ཡོངས་སུ་གྲུབ་རྗེས་ཨི་སི་ལན་ཌིའི་ཆོས་ལུགས་རིས་མེད་ཀྱི་ཐུགས་སྨོན་གསོལ་འདེབས་གནང་རྗེས་ཨི་སི་ལན་ཌི་རྒྱལ་ཡོངས་གྲོས་ཚོགས་ཀྱི་དབུ་ཁྲིད་དང་མཇལ་འཕྲད་གནང་ཡོད་པ་དང་། ཕྱི་ཚེས་ ༢ ཉིན་ཨི་སི་ལན་ཌིའི་ཡེ་ཤུའི་ལྷ་ཁང་ཧོལ་གྷི་རིམ་སི་ཀལ་ཇལ་ཞེས་པའི་ནང་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་དང་མི་མང་འདུ་འཛོམས་ཐོག་༧གོང་ས་མཆོག་ནས་བརྗོད་གཞི་བདེ་སྐྱིད་ཀྱི་རིན་ཐང་ཞེས་པའི་ཐོག་ཉིན་གྲངས་གསུམ་རིང་བཀའ་སློབ་གསུང་བཤད་གནང་གི་ཡོད་པ་རེད།

འདི་ནི་༧གོང་ས་མཆོག་ ཨི་སི་ལན་ཌིའི་ཕེབས་པ་ཐོག་དང་པོ་ཆགས་ཡོད་པ་རེད།

(པར་དང་གནས་ཚུལ་གྱུ་ཁུངས་བོད་གཞུང་དྲ་རྒྱར་བཅོལ།)

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༢ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༥ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

མཆན། 2

  1. jamyangdakpa says:
    ལོ་ 17 སྔོན།

    may peace remain on earth

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    འགྲོ་བའི་༧མགོན་པོ་མཆོག་ལ་སྙིང་ནས་མདུད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese