ང་ཚོ་མདང་དགོང་ནས་ཡོང་བ་ཡིན། མཚན་གང་བོར་འདི་ནས་བསྒུག་པ་ཡིན། དེ་རིང་ནས་བཟུང་ང་ཚོར་སྐྱབས་བཅོལ་ལག་འཁྱེར་རག་འགྲོ་གི་རེད།
ཉིན་ཤས་རིང་བཞུགས་སྒར་ངྷ་སར་རྒྱ་གར་ནང་གནས་སྡོད་ཀྱི་ཆོག་མཆན་ཡིག་ཆ་ RC ཞེས་པ་བཟོ་མགོ་བརྩམས་ཤིང་། ཡིག་ཆ་མེད་མཁན་བོད་མི་རྣམས་ཀྱིས་ངྷ་ས་བདེ་དོན་ལས་ཁུངས་ཀྱི་མདུན་ནས་བང་སྒྲིག་སྟེ་ཡིག་ཆར་བསྒུག་ཡོད། ཡིན་ཡང་། ཉིན་གཅིག་ལ་མི་ ༡༢༠ ལ་མ་གཏོགས་ཡིག་ཆ་བཟོ་ཐུབ་ཀྱི་མེད་པར་བརྟེན། བོད་མི་རྣམས་ཀྱིས་ཡིག་ཆའི་དོན་དུ་མཚན་གུང་ནས་བཟུང་བདེ་དོན་གྱི་མདུན་དུ་ཡོང་སྟེ་སྒུག་ཐོ་རག་ཐབས་བྱེད་ཀྱིན་ཡོད།
སྒུག་ཐོའི་ཁྲོད་ཀྱི་མི་ཞིག་གིས་བཤད་དོན། ང་ཚོ་མདང་དགོང་ནས་ཡོང་བ་ཡིན། མཚན་གང་བོར་འདི་ནས་བསྒུག་པ་ཡིན། དེ་རིང་ནས་བཟུང་ང་ཚོར་སྐྱབས་བཅོལ་ལག་འཁྱེར་རག་འགྲོ་གི་རེད། ཟེར། ཡང་མིང་འདོན་འདོད་མེད་མཁན་ཞིག་གིས་བཤད་དོན། སོ་སོར་ལུང་པ་མེད་པའི་ཁར་མིའི་ལུང་པར་སྡོད་པའི་ཡིག་ཆའང་མེད་ན་འགྲོ་འདུག་གང་ཅིའི་ཐད་དཀའ་ལས་འདུག ད་སྐབས་རྒྱ་གར་གཞུང་གིས་ཡིག་ཆ་འདི་བཟོ་གི་འདུག གོ་ཚོད་ལ་འདིའང་ཕྱི་ཚེས་ ༡༥ བར་དུ་ཡིན་པར་བཤད། ཉི་མ་ལ་ཚད་ཡོད་པ་བཞིན། ཉིན་རེར་ཐོ་འགོད་བྱེད་པའི་གྲངས་ཀ་ལའང་ཚད་འདུག དེ་བས་གང་སྔ་བྱས་ནས་འདིར་ཡོང་བ་ཡིན། ཟེར།
རེད་ཡ། རྒྱལ་ཁབ་ཞིག་གི་ནང་ཁུལ་ནས་འཚོ་སྡོད་བྱ་དགོས་ཚེ་ལག་འཁྱེར་ཞིག་མེད་དུ་མི་རུང་བ་གཅིག་རེད། འོན་ཀྱང་བུ་ངན་ང་འདྲ་བ་ཞིག་གིས་ལག་འཁྱེར་RCཞེས་པ་དེ་བཟོས་ཐུབ་སོང་རུང་ཕྱི་རྒྱལ་ལ་མི་ཐར་ཐག་གཅོད་རེད། ཕྱི་རྒྱལ་ལ་འགྲོ་མ་ཐུབ་ན་ལག་འཁྱེར་དགོས་དོན་ཡང་མེད། ཁྱོད་བོད་མི་མ་རེད་ཟེར་རྒྱུ་ཡོད་ན་RCབཟོས་ན་འགྲིག་གི་ཡ།
དེང་སྐབས་ཉིན་འདི་དག་གི་རིང་ལ་བལ་ཡུལ་དང་རྒྱ་གར་ནང་ཁུལ་འབྲུག ད་དུང་སྒང་ཐོག་དང་ཕྱོགས་གང་ས་ནས་ལག་འཁྱེར་འདིའི་དོན་དུ་ཚོང་ཁང་དང་ཟ་ཁང་སོགས་སྒོ་བརྒྱབ་ཏེ་ཉི་མ་བཅོ་ལྔ་ལྷག་འགྲོ་བཞིན་འདུག ང་ངོས་ནས་ཐང་ཆད་སོང་།
བཙན་བྱོལ་བོད་མི་ཡོད་ཚད་ལ་སྐྱབས་བཅོལ་ལག་ཁྱེར་རག་ཐུབ་པར་འབད་བརྩོན་བྱས་ན་ཧ་ཅང་བཟང་གི ད་ལོའི་ལས་ཀ་ཆེ་ཤོས་ཤིག་རེད་ཟེར་ན་མི་ཆོག་རྒྱུ་མེད་ཀི ཨེ་རེད་དྲ་གྲོགས་ཚོ།
བཙན་བྱོལ་བོད་མི་ཡོད་ཚད་ལ་སྐྱབས་བཅོལ་ལག་ཁྱེར་རག་ཐུབ་པར་འབད་བརྩོན་བྱས་ན་ཧ་ཅང་བཟང་གི ད་ལོའི་ལས་ཀ་ཆེ་ཤོས་ཤིག་རེད་ཟེར་ན་མི་ཆོག་རྒྱུ་མེད་ཀི ཨེ་རེད་དྲ་གྲོགས་ཚོ།
བཙན་བྱོལ་བོད་མི་ཡོད་ཚད་ལ་སྐྱབས་བཅོལ་ལག་ཁྱེར་རག་ཐུབ་པར་འབད་བརྩོན་བྱས་ན་ཧ་ཅང་བཟང་གི ད་ལོའི་ལས་ཀ་ཆེ་ཤོས་ཤིག་རེད་ཟེར་ན་མི་ཆོག་རྒྱུ་མེད་ཀི ཨེ་རེད་དྲ་གྲོགས་ཚོ།
རྟ་བདུན་པ་ལས་བྱེད་པ་ངན་པ་དེ་ཚོ་ངན་པ་ཡིན་ལུགས་གཅིག་གསུང་དང་།
ཁྱེད་རང་ཚོར་ཉིན་ཁ་ཤས་རིང་ལ་སྐྱབས་བཅོལ་ལག་འཁྱེར་རེག་པ་དེ་བོད་གཞུང་ཡར་རྒྱས་སོང་བའི་རྣམ་པ་རེད། ལོ་ངོ་བཅུ་ཕྲག་སྔོན་ལ་སོ་སོའི་སྒེར་གྱིས་འགྲོ་སོང་མང་བོ་བཏངས་ན་ཡང་རེག་རྒྱུ་ཁག་པོ་རེད། སྐྱོན་ཆ་ཞིག་ཞུ་རྒྱུ་ལ། བལ་ཡུལ་གནས་ལེན་ཁང་དུ་ལས་བྱེད་ངན་པ་ཁ་ཤས་འདུག དེ་ཚོ་ལ་སྐྱོན་བརྗོད་ཞུ་་འོས་པ་རེེད། ལས་བྱེད་དེ་ཚོ་ཨ་མདོ་བ་ཡིན་ཚོེད་རེད། འདི་ནི་ལོ་ངོ་བཅུ་ཕྲག་གོང་གི་གནས་ཚུལ་ཡིན། ད་ནི་ཡར་རྒྱས་ལ་སོང་ཡོད་པའི་རེ་བ་ཡོད།
སྔོན་མར་ང་རང་འདིའི་ཐད་ནས་དཀའ་ལས་མང་བོ་འཕྲད་མྱོང་། ད་ཐེངས་བོད་གཞུང་གིས་ལས་དོན་འདི་བསྒྲུབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་རེ་སྐུལ་ཞིག་ཀྱང་ཞུ་རྒྱུ་ཡིན།
བལ་ཡུལ་ལས་བྱེད་རྣམ་དང་རང་གཞུང་གི་ལས་བྱེད་རྣམ་གྱིས་ཀྱང་འདི་ལྟ་བུའི་ལས་རིགས་ལ་འགན་ཁུར་ནས་ལས་དོན་བསྒྲུབ་རོགས་གནོང་ཞེས་འབོད་སྐུལ་ཞིག་ཞུས་པ་ཡིན།
བོད་གཞུང་གི་སྐུ་དྲིན་ལ་བརྟེན་ནས་སྐྱབས་བཅོལ་དུ་འབྱོར་བའི་བོད་མི་རྣམས་ལ་རྒྱ་གར་གཞུང་ལ་འབྲེལ་ལམ་ཞུས་ཏེ། སྐྱབས་བཅོལ་ལག་དེབ་བཟོ་བཞིན་ཡོད་པའི་ལས་འགུལ་དེར་རྗེས་སུ་ཡི་རངས་དང་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་ལས་མ་འདས།
ད་བར་འབྱོར་བའི་བོད་མི་རྣམས་ལ་ལག་ཁྱེར་དེ་བཟོས་ཟིན་རྗེས་ལམ་སྲོལ་དེ་མུ་མཐུད་གནས་ཏེ། འབྱུང་འགྱུར་བོད་ནས་འབྱོར་ཚད་རྣམས་ལ་འགྲོ་སོང་ཆེན་པོ་གཏོང་མི་དགོས་པའི་ཐོག་ད་མུས་བཞིན་སྐྱབས་བཅོལ་ལག་དེབ་དེ་བཟོ་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།
ཡ་ད་ཡིན་ན་བལ་ཡུལ་ན་ཡོད་པའི་གསར་འབྱོར་ཚོ་སྙིང་རེ་རྗེ། བདག་པོ་ཡོད་ནི་མ་རེད། སྤྲེལ་ལད་པ་འགའ་ཡོད་རུང་་་་་་་་་་་་་་་་་་་ཤུ
ངོ་མ་ཁ་ཐོག་མིག་ཐོག་ལ་དཀའ་ངལ་སླེབས་འདུག་་་་འདི་སུས་བཟོས་ཡིན་ནམ།
འདི་གསར་འགྱུར་རིན་ཐང་ཅན་ཞིག་དང་གླེང་རིན་ལྡན་པ་ཞིག་རེད། ལྷག་པར་དུ་བོད་མི་འདི་ཚོས་འདུག་སྟངས་དེས་བོད་པ་ཚང་ཡང་ཡར་རྒྱས་ཅན་དང་སྔོན་ཐོན་ཅན། མང་གཙོ་ཆེ་བ་ཞིག་ཚོར་ཡོང་གྱིན་འདུག་ལ། ཁོ་ཚོའི་དཀའ་ངལ་དེ་མྱུརཏུ་སེལ་བར་སྨོན།
པར་འདི་ཚོ་མཐོང་དུས་ངའི་སེམས་ནང་རང་བཞིན་གྱིས་དགའ་སྣང་ཞིག་ཡོང་གི ང་ཡང་འདི་ལྟ་བུའི་འཚོ་བའི་ཀློང་བརྒྱུད་ནས་ཡོང་ཞིང་། དཀའ་སྡུག་དང་ཀྱག་ཀྱོག་གི་ལམ་ཕྲན་མང་བོ་བརྒྱུད་ཟིན་པས་འདི་ལྟ་བུའི་འཚོ་བ་ནི་ང་དང་ང་འདྲ་བའི་མི་རྐྱང་འཁྱམ་པོ་སྡོམ་པོ་སྐོར་ཞིག་གི་མི་ཚེའི་མྱོང་བྱང་དངོས་ཡིན། དེ་བཞིན་འདི་ཚོས་སྐྱབས་བཅོལ་ལག་དེབ་ཆེད་འདི་ལྟ་བུའི་དཀའ་ལས་ཤིག་ལས་རྒྱག་དགོས་མ་བྱུང་ཚེ། དངོས་གནས་སྐྱོན་མི་འདུག
སྐྱོན་མི་འདུག སྐྱོན་མི་འདུག གང་ལྟར་སྔོན་རྗེས་མ་གཏོགས་ཚང་མས་རག་འགྲོ་གི་ཡོད་ན་དེས་འགྲིགས་པ་རེད། ཟམ་གདོང་རིན་པོ་ཆེའི་བཀའ་དྲིན་རེད། རྒྱ་གར་ཚང་གི་ལས་ཀ་ཚང་མ་དལ་འགྱངས་ཆེ་བ་ཤེས་དགོས་ཀྱི་རེད། དེ་ང་ཚོ་ལ་དམན་སྡང་བྱས་པ་ཅང་མ་རེད། སྔོན་མ་ང་ཚོས་རུ་པི་སི་ཁྲི་ཁྲག་ཁྲི་ཕྲག་སྤྲད་ནས་བཟོ་དགོས་བྱུང་སོང་།
སྐྱབས་བཅོལ་ལ་ལེན་གྱི་ཡོད་ན་དུས་བཀག་མེད་པར་ཡིག་ཆ་བཟོས་ན་མི་འགྲིག་པ་ཅི་ཞིག་ཡོད་དམ། ཕར་ཆེར་མ་འགྲིག་ས་དེའི་སྟོང་ཆ་སྒོར་མོས་གསབ་དགོས་པ་ཡིན་པ་འདྲ། བོད་ནས་གསར་དུ་ཕེབས་མཁན་ཚོར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱིན་ཡོད་པ་དངོས་མཐོང་རེད། འདི་ལ་རང་གཞུང་གིས་ཐབས་ཤེས་ཤིག་བྱེད་ཀྱི་ཨེ་ཡོད་དམ། དཀོན་མཆོག་མཁྱེན་་་་བོད་གཞུང་མཁྱེན་་་་ལྷག་པར་དུ་རྒྱ་གར་གཞུང་མཁྱེན་་་གསར་འབྱོར་འདི་ཚོ་སྙིང་རྗེ
ལས་བྱེད་ཀྱི་གྲངས་ཀ་ལ་ཚད་ཡོད་པ་རེད། རྒྱ་གར་གསང་ལས་དང་བདེ་སྲུང་གི་ལས་བྱེད་རྣམས་RCབཟོ་བའི་ཆེད་དུ་བསྐོ་བཞག་བྱས་བཞག་པ་མ་རེད། ཨམ་རྟགས་མ་བསྟན་ཞོག་ཨ། ལག་འཁྱེར་ཚང་མ་ལ་བཟོ་གཏན་འཁེལ་ཟིན་པ་རེད། བློ་བདེ་བོ་གནང་ཞོག
བཟོ་ཚད་ཀྱི་དུས་བཀག་གཅིག་དང་། ཡང་ཉིན་རེའི་བཟོ་མིའི་གྲངས་བཀག་གཅིག་བཅས་འདི་འདྲའི་བཀག་རྒྱ་མང་བོ་ཞིག་བདེ་སྲུང་གིས་བཟོ་གི་ཡོད་པ་རེད་དམ། རྒྱ་གར་གཞུང་གིས་བཟོ་ཡི་ཡོད་པ་རེད། ལག་འཁྱེར་མེད་ས་འདི་འདྲའི་མང་པོ་ཞིག་ཡོད་བཞིན་དུ། དུས་བཀག་བྱེད་དགོས་དོན་གང་ཡིན་ནམ། ?
བོད་པ་འདི་ཚང་སྙིང་རྗེ་ཆེ། གང་དུ་འདུག་དགོས་ཀྱི་ཡོད་པ་རེད། རང་ཡུལ་རྒྱ་མིས་བཟུང་། ཕྱི་ནས་སྐྱབས་བཅོལ་ཏུ་ངོས་འཛིན་བྱེད་རྒྱུར་ཡང་དེ་འདྲའི་དཀའ་ངལ་སྣ་ཚོགས་ཤིག་གིས་མནར་ཏེ་ཡོད།