མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དགོང་གྲངས་ ༧༤ བཞེས་པའི་འཁྲུངས་སྐར།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

སྔ་ལོར་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ྋགོང་ས་ཆེན་པོའི་སྐུ་ཚབ་རྣམ་པས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཐོག་ཏུ་ཕུལ་ཟིན་པ་དེར་བོད་མིའི་འབྱུང་འགྱུར་གྱི་མངོན་འདོད་ཆ་ཚང་གསལ་སྟོན་བྱས་ཡོད་ཅིང་། དེ་ནི་ྋགོང་ས་མཆོག་གི་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་དགོངས་འཆར་རྗེས་ཤོས་དེ་ཡིན། གྲོས་གཞི་ངེས་གཏན་གྱི་བསམ་འཆར་ཕུལ་ཟིན་པ་འདིའི་ཐོག ང་ཚོའི་ངོས་ནས་འབྲེལ་མོལ་གནང་རྒྱུའི་གོ་སྒྲིག་ཡོད་མུས་ལྟར། རྒྱ་ནག་གཞུང་གིས་བརྡ་ལན་ནམ་བྱུང་དང་བསྟུན་ཏེ། འབྲེལ་མོལ་མུ་མཐུད་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད་ཟེར།

དེ་རིང་ཞོགས་པའི་ཆུ་ཚོད་ ༨ དང་ཕྱེད་ཀའི་སྟེང་། བོད་གཞུང་ཟློས་གར་ཚོགས་པའི་རོམ་མོའི་རམས་འདེགས་འོག དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། གཞུང་ཞབས་ལས་བྱེད་ཆེ་ཕྲ་དང་ལས་ཟུར་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་དབུ་ཁྲིད། དེ་བཞིན། ཐེངས་འདིར་ཆེད་དུ་ཕེབས་པའི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་རྣམ་པ་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་དགོང་གྲངས་ ༧༤ བཞེས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོར་ཞུགས།

 

སྐབས་དེར་ཆོས་རིག་བཀའ་བློན་ཚེ་རིང་འཕུན་ཚོགས་མཆོག་གིས་ཞབས་ལོ་ ༢༥ འཁོར་བའི་གཞུང་ཞབས་ལས་བྱེད་རྒན་གྲས་རྣམ་པར་ལག་སྐྱེས་དང་། གཞུང་ཞབས་ལས་བྱེད་གཟེངས་ཐོན་གཉིས་ལ་གཟེངས་བསྟོད་བྱ་དགའ་བསྩལ་ཅིང་། འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གིས་འདོན་སྤེལ་བྱས་པའི་ ༼ANEC SOUVENIR MAGAZINE༽ ཞེས་པའི་དུས་དེབ་དང་། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་འདོན་སྤེལ་བྱས་པའི་༼གསེར་འོད་འཕྲོ་བའི་ཞབས་རྗེས ༽ཞེས་པའི་དཔེ་དེབ་དང་། སྐྱེས་གསར་ཀླུ་སྒྲུབ་ལགས་ཀྱིས་བརྩམས་པའི་༼རྒྱ་གར་ནང་པའི་གནས་ཡིག༽ ཅེས་པའི་དཔེ་དེབ་གསུམ་དབུ་འབྱེད་གནང་སོང་།

 

དེ་ནས་ཉེ་ཆར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་འོག་གི་སྐུ་ཚབ་འཐུས་མི་ ༦ བཞུགས་སྒར་ལ་གཟིགས་སྐོར་དུ་ཕེབས་ཡོད་པ་ལས་གྲོས་ཚོགས་གོང་མའི་ཕྱི་འབྲེལ་སྡེ་ཚན་གྱི་འགན་འཛིན་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་ཌན་པེ་ Michael Danby ལགས་ཀྱིས་སྤྱི་ནོར་༧གོང་ས་མཆོག་དགོང་གྲངས་ ༧༤ བཞེས་པའི་སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་དང་སྦྲགས། ཐེངས་འདིར་ཁོང་ཅག་བཞིགས་སྒར་ངྷ་རམ་ས་ལར་བཅར་དོན། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་དང་། སྔར་ལོའི་དོན་རྐྱེན་དང་འབྲེལ་ཏེ་བོད་རྒྱའི་གནད་དོན་ཐོག་ལ་ལྟ་ཕྱོགས་བཅས་ཀྱི་སྐོར་ལ་གསུང་བཤད་གནང་སོང་།

 

དེའི་རྗེས་ཆོས་རིག་བཀའ་བློན་ཚེ་རིང་འཕུན་ཚོགས་མཆོག་གིས་བོད་གཞུང་བཀའ་ཤག་གི་གཏམ་བཤད་སྒྲོག་སྦྱང་གནང་དོན། སྔ་ལོ་ཕྱི་ཟླ་གསུམ་པ་ནས་ད་ལྟའི་བར་ཆོལ་གསུམ་བོད་ཀྱི་ས་ཁུལ་ཡོངས་སུ་བོད་མིའི་ཞི་རྒོལ་དང་དེ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་ཚད་ལས་བརྒལ་བའི་དྲག་གནོན་གྱི་འོག་ལུས་སྲོག་ཤོར་བ་དང༌། རྨས་སྐྱོན་བྱུང་བ། མནར་གཅོད་ཕོག་པ། ད་ལྟ་བཙོན་ཁང་དུ་ཡོད་པའི་བོད་རིགས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་ཐུགས་གསོ། གདུང་སེམས་མཉམ་བསྐྱེད་ཀྱིས་སྒོ་ནས་མཛའ་བརྩེའི་འཚམས་འདྲི་དང་ཆབས་ཅིག ཁྱེད་རྣམ་པའི་རླབས་ཆེན་གྱི་བློས་གཏོང་དེ་དག་ཆུད་ཟོས་སུ་མི་འགྲོ་བའི་ཡིད་ཆེས་ཀྱིས་དབུགས་དབྱུང་ཞུ་རྒྱུ་ཡིན།

 

བོད་རྒྱ་འབྲེལ་མོལ་སྐོར་ལ་བསྟན་དོན། ཀུན་གྱིས་མཁྱེན་གསལ་ལྟར། སྔ་ལོ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ྋགོང་ས་ཆེན་པོའི་སྐུ་ཚབ་རྣམ་པས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཐོག་ཏུ་ཕུལ་ཟིན་པ་དེར་བོད་མིའི་འབྱུང་འགྱུར་གྱི་མངོན་འདོད་ཆ་ཚང་གསལ་སྟོན་བྱས་ཡོད། དེ་ནི་ྋགོང་ས་མཆོག་གི་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་དགོངས་འཆར་རྗེས་ཤོས་དེ་ཡིན། འོན་ཀྱང་། རྒྱ་ཕྱོགས་ནས་བསམ་འཆར་དེའི་འབྲུ་དོན་ལ་ངོས་ལེན་ནམ། རྒྱུ་མཚན་ལྡན་པའི་འགྲེལ་བརྗོད་མེད་པར་འཁྱོག་བཤད་དང༌། ལོ་མང་སྔོན་གྱི་ྋགོང་ས་མཆོག་གི་གསུང་བཤད་ལུང་འདྲེན་གྱིས་རྒྱལ་སྤྱིའི་མང་ཚོགས་མགོ་བོ་རྨོངས་ཐབས་བྱས་པ། བསམ་བཞིན་བོད་ནང་བརྟན་ལྷིང་མེད་པ་བཟོ་བཅས་ལ་གཞིགས་ན། ད་ལྟའི་རྒྱ་ནག་དབུ་ཁྲིད་རྣམ་པར་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་མོས་འདུན་ཡོད་མེད་ཀྱི་དྭོགས་གཞི་ཇེ་ཆེར་འགྲོ་བཞིན་པར་བརྟེན། ད་ཆ་རྒྱ་རིགས་མང་ཚོགས་དང་འབྲེལ་ལམ་བྱ་རྒྱུ་གལ་ཆེར་བཟུང་སྟེ་འཛམ་གླིང་ཡུལ་གྲུ་དུ་མར་རྒྱ་བོད་མཛའ་མཐུན་ཚོགས་པ་གསར་འཛུགས་དང་། བདེན་པའི་གནས་ཚུལ་དྲིལ་བསྒྲགས་གང་ཐུབ་བྱེད་བཞིན་པ་ལྟར། འབྱུང་འགྱུར་ཡང་གཞུང་མང་ཡོངས་ནས་འདིའི་ཐོག་ཤུགས་ནུས་བཏོན་གལ་ཆེ།

 

བོད་རྒྱ་འབྲེལ་མོལ་རྒྱུན་འཁྱོངས་བྱ་རྒྱུའི་གྲོས་གཞི་ངེས་གཏན་གྱི་བསམ་འཆར་ཕུལ་ཟིན་པ་འདིའི་ཐོག་ང་ཚོའི་ངོས་ནས་འབྲེལ་མོལ་གནང་རྒྱུའི་གོ་སྒྲིག་ཡོད་མུས་ལྟར། རྒྱ་ནག་གཞུང་གིས་བརྡ་ལན་ནམ་བྱུང་དང་བསྟུན་ཏེ་འབྲེལ་མོལ་མུ་མཐུད་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད། འཛམ་གླིང་ཁྱོན་ཡོངས་ཀྱི་ཞི་བདེ་ལ་དགའ་བའི་མང་ཚོགས་བོད་ཀྱི་རྩ་དོན་དང་། ཆོས་རིག་འཛིན་སྐྱོང་བཅས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་མཁན་ཡོངས་ལ་གོ་སྐབས་འདི་བཟུང་སྟེ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ལྷག་པར་སྔ་ལོ་ནས་བཟུང་རྒྱ་རིགས་རྩོམ་པ་པོ་དང་མཁྱེན་ལྡན་བོད་དོན་དང་འབྲེལ་བའི་དྲང་བདེན་གྱི་གཏམ་བཤད་དང་རྩོམ་ཡིག་སྤེལ་མཁན་མང་པོ་བྱུང་བ་རྣམས་ལ་ཡང་བཀའ་དྲིན་རྗེས་དྲན་གྱི་སྒོ་ནས་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། ཅེས་སྒྲོག་སྦྱོང་གནང་སོང་།

 

དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གཏམ་བཤད་སྒྲོག་སྦྱོང་གནང་དོན། གཞིས་ལུས་བོད་མི་རྣམས་ཀྱིས་རྒྱའི་བཙན་གནོན་འོག ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་བར་རྗེས་དྲན་དང་འབྲེལ། བཙན་བྱོལ་བོད་མི་ཚོས་སླར་ཡང་ཆོད་སེམས་བརྟན་པོས་གཞིས་ལུས་བོད་མིའི་མགྲིན་ཚབ་པ་བྱ་ཐུབ་པ་དགོས་རྒྱུ་དང་། གཞིས་ལུས་རྒྱ་ཆེའི་མི་མང་གིས་ཉག་ཕྲ་བའི་གནས་སྟངས་འོག ལྷག་བསམ་ཞུམ་མེད་ཀྱི་བོད་མི་རིགས་ཀྱི་སྙིང་སྟོབས་དེ་གང་གིས་ཀྱང་བཏུལ་མི་ཐུབ་པའི་ཁུངས་སྐྱེལ་གསལ་བོ་བྱས་ཡོད། གཞིས་ལུས་བོད་མི་རྣམས་ཀྱི་ལས་འགུལ་འཚེ་བ་མེད་པའི་ཐབས་ལམ་ཉག་གཅིག་ལ་བརྟེན་པ་ལྟར། ད་དུང་དུས་ནམ་ཡང་འཚེ་མེད་ཞི་བའི་རྒྱ་ལས་མི་འགལ་བར་ང་ཚོའི་ལས་འགུལ་གྱི་ཆ་ཙམ་ཡང་རྒྱའི་ལག་ཆར་མི་འགྲོ་བ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

 

ཁོང་གིས་མུ་མཐུད་དུ་ཕྱི་རྒྱལ་ཁག་གི་བོད་རིགས་ཚོས་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཚོར་རོགས་སྐྱོར་གནང་དགོས་ཚུལ་གསུངས་དོན། ༧གོང་ས་མཆོག་གི་དབུ་ཁྲིད་འོག བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་དུས་ཚོད་ཅིག་ཡོང་རྒྱུ་ཡིན་པ་གདོན་མི་ཟ། ང་ཚོའི་རྩོ་དོན་ནི་བོད་ལ་ལོག་རྒྱུ་དང་། ང་ཚོ་ནི་འཐབ་རྩོད་བྱེད་མཁན་ཞིག་ཡིན་སྟབས། བཙན་བྱོལ་བོད་མི་ཚོར་ལས་འགུལ་མདུན་སྐྱོད་ཀྱི་ལས་འགན་འཕར་མ་ཞིག་ཡོད། ང་ཚོས་བོད་དོན་དང་འབྲེལ་བའི་གནས་ཚུལ་ཤེས་རྒྱུ་ཤིན་ཏུ་གལ་ཆེ་ལ། བོད་མི་ཡོད་དོ་ཅོག་གིས་ཆབ་སྲིད་ཀྱི་གོ་རྟོགས་ཚད་ལྡན་ཡོད་དགོས་ཤིང་། རང་ནུས་གང་ཡོད་ཀྱིས་ཞབས་འདེགས་ཞུ་དགོས། ཕྱི་རྒྱལ་དུ་གནས་པའི་བོད་རིགས་ཚོགས་པ་ཚོས་སོ་སོའི་འཚོ་གནས་དྲག་ཙམ་བྱུང་རྗེས། རྒྱ་བལ་འབྲུག་གསུམ་ནང་གི་གཞིས་ཆགས་སྐྱོ་བོ་ཁག་ལ་རོགས་སྐྱོར་དང་། བོད་ནང་འཕྲོད་བསྟེན་དང་ཤེས་ཡོན་བཅས་ཀྱི་ལས་འཆར་ཁག་ལ་རོགས་སྐྱོར་གནང་གལ། ཞེས་གསུངས་བྱུང་།

 

མཇུག་མཐར་ཁོང་གིས་རྒྱ་གཞུང་ལ་འབོད་སྐུལ་ཞུས་དོན། དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་རྒྱ་ནག་གི་མགོ་ཁྲིད་ཚོར་ཞུ་རྒྱུར། ཁྱེད་རྣམ་པས་ད་ལྟའི་འཁྲུལ་སྣང་གི་བསམ་བློ་ལས་ཐོན་ཏེ། དངོས་ཡོད་གནས་སྟངས་གཞིར་བཞག་གིས་བོད་དོན་དཀའ་རྙོག་ཞི་བའི་ཐོག་སེལ་ཐབས་བརྒྱུད། རྒྱ་ནག་ཙམ་མ་ཡིན་པར་འཛམ་གླིང་ཕྱེད་ཀྱི་ས་ཁུལ་ནང་ཞི་བདེ་དང་། བརྟན་བརླིང་། འཆམ་མཐུན་ཡོང་རྒྱུར་ནན་སྐུལ་བྱེད་ཀྱིན་ཡོད། རྒྱ་ནག་མགོ་ཁྲིད་ཚོས་༧གོང་ས་མཆོག་ལས་ལྷག་པའི་ཕན་ཚུན་གཉིས་སྨན་གྱི་དགོངས་གཞི་རླབས་ཆེན་ལྡན་པའི་སྐྱེས་བུ་ཞིག་ཡོང་དཀའ་བ་གསལ་བོར་ཤེས་པའི་ཐོག གོ་སྐབས་དམ་འཛིན་མ་ཐུབ་པ་ཡིན་ན། ད་ལྟའི་རྒྱ་ནག་གི་མགོ་ཁྲིད་ཚོ་མ་འོངས་པར་རྒྱ་ནག་གི་མི་རབས་གསར་པ་རྣམས་ཀྱིས་ལོ་རྒྱུས་ཀྱི་ཉེས་འགན་སྤུངས་རྒྱུར་ངེས་པས་དེའི་འགན་ཁྱེད་ཚོས་འཁྱེར་དགོས། ཞེས་སྒྲོག་སྦྱོང་གནང་རྗེས། བོད་གཞུང་ཟློས་གར་ཚོགས་པ་དང་ཐང་སྟོང་གླུ་གར་ཚོགས་པ། དེ་བཞིན། བཞུགས་སྒར་ཉེ་ཁུལ་གྱི་རྒྱ་གར་དང་བོད་པའི་སློབ་གྲྭ་ཁག་ནས་ཞབས་བྲོ་དང་གཞས་སྣ་འཁྲབ་སྟོན་མགོ་འཛུགས་བྱས་སོང་།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 11

  1. སེམས་ཀྱི་རང་སྒྲ། says:
    ལོ་ 17 སྔོན།

    ཕྲན་ཀྱིས་གོ་ནོར྄ཐེབས་པ་མིན་ན་བརྒྱ་ཕྲག་ཁ་ཤས་གསུངས་སོང་སྙམ།

    Reply
  2. སེམས་ཀྱི་རང་སྒྲ། says:
    ལོ་ 17 སྔོན།

    ༄༅།། སྐུའི་འཁྲུངས་ལྷ་ཡར་གསོལ་ལ་སྒོ་གསུམ་དད་པའི་མེ་ཏོག་གིས་མཆོད་པ་དང་། རྟེན་འབྲེལ་གྲངས་མེད་ཞུ་ཞུ། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག དུས་ཀྱི་གདུལ་བྱ་རྣམས་སྐྱབས་འོག་ནས་མི་འདོར་པ་མཁྱེན་མཁྱེན།
    སྤུན་ཟླ་གཙང་ཕྲུག་ལགས། དགའ་འོས་པ་ཞིག་ལ་གནས་ཚུལ་དེ་བདེན་པ་རེད། ཁོང་ཉིད་ཀྱི་ཞལ་སྔ་ནས་དགུང་གྲངས་བརྒྱ་ཕྲག་ལྷག་བཞུགས་པའི་ཐུགས་སྨོན་གནང་བཞིན་ཡོད་ཚུལ། ལྡི་ལི་ནས་ཧི་མ་ལ་ཡི་ནང་པ་ཡོངས་ལ་བཀའ་སློབ་བསྩལ་གནང་པ་ལས་ཐོས།

    Reply
  3. གཙང་ཕྲུག་ says:
    ལོ་ 17 སྔོན།

    ངའི་མཐོང་ཐོས་ལ་ཉི་ཧོང་གི་གསར་འགྱུར་ག་གེ་མོ་ཞིག་ནས་གོང་ས་མཆོག་གི་དགུང་གྲངས་བརྒྱ་བར་དུ་བཞུགས་ཀྱི་ཡིན་ཞེས་གསུངས་པའི་ཚིག་ཞིག་བྲིས་འདུག་པས་དེ་ནི་བདེན་པ་ཡིན་ནམ་

    Reply
  4. tsang tuk says:
    ལོ་ 17 སྔོན།

    i wish to HH dalai lama 74th birthday, happy birthday and may this year will happines and Peace world.

    Reply
  5. རྐང་ལམ་པ says:
    ལོ་ 17 སྔོན།

    གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་

    བདེ་ལེགས་གྲངས་མེད་ཞུ་བ་དང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པར་ཤོག

    Reply
  6. ཨ་མྱེ says:
    ལོ་ 17 སྔོན།

    ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་ཁ་གཡང་གཡས་འཁྱིལ་དུང་གི་སྒྲ་དབྱངས་མཐོན་པོར་སྒྲོགས།་་་

    Reply
  7. རི་རྒྱལ་ལྷུན་པོ says:
    ལོ་ 17 སྔོན།

    འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའིདབུ་འཁྲིད། རིས་མེད་ཆོས་ལུགས་ཡོངས་ཀྱི་དམ་པ། ས་སྟེང་སྐྱེ་འགྲོ་སྤྱི་དང་ལྷག་པར་འགྲོ་བ་མི་ཡི་བྱམས་པ། བརྩེ་བ། དྲང་བདེན། བཟོད་སྲན། གཞན་ཕན། ཡ་རབས་བཅས་ཀྱི་བཟང་པོའི་ཡོན་ཏན་གོང་ནས་གོང་དུ་སྤེལ་བར་མཛད་པའི་བླ་ན་མེད། གོང་ན་མེད། ང་ཡི་ཚེ་རབས་གཏན་གྱི་སྐྱབས་གནས་སྤྱན་རས་གཟིགས་དབང་མི་ཡི་རྣམ་རོལ་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་མི་འགྱུར་རྡོ་རྗེའི་ཁམས་སུ་ཁྲི་ལོར་བརྟན་པ་དང། རླབས་ཆེན་ཐུགས་ཀྱི་བཞེད་དོན་ཐ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ།།

    Reply
  8. ས་འོད། says:
    ལོ་ 17 སྔོན།

    གོང་མ་བཙན་པོའི་རལ་བ་རིང་དོར་ཏེ།།
    ས་ཆེན་ཞི་མཛད་ཞབས་སྐྱེས་བདུན་ཅུ་བཞིར།།
    སྐྱབས་གནས་མཆོག་ཏུ་དགེ་མཚན་བཟང་བོའི་དུས།།
    མགོན་པོ་གང་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།།

    Reply
  9. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    བཀུར་འོས་གསར་འགོད་པ་ལགས།
    དགུང་གྲངས་ལ་བཏགས་ནོར་ཤོར་འདུག་སྙམ། བཅོས་རོགས་གནང་།

    Reply
  10. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    ངེད་ཀྱི་རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག་དགུང་གྲངས་༧༤ལ་སླེབས་སོང་། ངེད་ཀྱི་མི་མང་གིས་ཁོང་གི་འཁྲུངས་སྐར་སྲུང་བརྩི་བྱས་སོང་།
    བྱང་ཨ་རི་ཁུལ་དང་ཡོ་རོབ་ཁུལ་དུ་ཡོད་པའི་བོད་རིགས་རྣམས་ཀྱིས་ཉིན་གཅིག་སྔ་ནུར་གྱིས་ཁོང་གི་འཁྲུངས་སྐར་སྲུང་བརྩི་བྱས།
    རྒྱ་བལ་འབྲུག་གསུམ་དུ་གནས་བའི་བོད་མི་སྐྱབས་བཅོལ་བ་རྣམས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་རྣམས་ཀྱིས་དེ་རིང་ཁོང་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་སོང་།
    ངེད་ཀྱི་རྩ་བའི་བླ་མ་མཆོག་དགུང་གྲངས་༧༤ལ་སླེབས་པ་གཅིག་པོ་ག་ལ་ཡིན། ངེད་ཀྱི་བཀའ་བློན་ཁྲི་བ་མཆོག་ཀྱང་དགུང་གྲངས་བདུན་ཅུ་ཡས་མས་ལ་སླེབས་ནས་ཡོད།
    ད་དུང་ངེད་ཀྱི་སྤྱི་འཐུས་ཚོགས་གཙོ་མཆོག་ཀྱང་དགུང་གྲངས་བཞི་བཅུ་བརྒལ་ནས་ཡོད། ངེད་ཀྱི་མི་མང་རྣམས་་ཕ་ཡུལ་དུ་ལོག་མ་ཐུབ་པར་མི་ཡུལ་ལ་གྱར་ནས་ཡོད།
    ངེད་ཀྱི་བོད་ཀྱི་བོད་རིགས་སྤུན་ཟླ་་དག་རྒྱའི་བཙོན་འོག་ན་ཡོད། བོད་རྒྱའི་འབྲེལ་མོལ་དེ་ཡང་མི་རིགས་ས་གནས་རང་སྲིད་རང་སྐྱོང་ཞེས་བའི་ཐག་པ་ཞིག་ལ་བཏགས་ནས་ཡོད།
    ཐག་པ་དེ་ནམ་ཆད་ལ་ངེས་པ་མེད། རྒྱུ་མཚན། ཐག་པ་དེ་ཡང་ཕུགས་དེད་ན་རེ་སྒྲུག་གི་ཐག་པ་ཞིག་ཡིན། འདི་ལྟར་བསམ་དུས། ངེད་ཀྱི་རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོ་དགུང་གྲངས་༧༤ལ་སླེབས་དུས། ངེད་ཀྱི་སེམས་ལ་འདེགས་དཀའ་བའི་ཁུར་རོ་ཞིག་གིས་མནན་ནས་ཡོང་། དེ་རིང་ངེད་ལ་ཡོད་པའི་སེམས་ཤུགསདང་སྙིང་རུས་དེ་ཡིས་ཁུར་རོ་དེ་འདེགས་མི་ཐུར་པར་མ་ཟད་་ཁུར་རོ་དེ་ཁུར་རོའི་ངོ་བོ་ནས་མ་བསྡད་པར་སྐྱོ་སྣང་གི་མིག་ཆུ་རྡོག་པོ་འགར་གྱུར་སོང་།

    Reply
  11. ཟ་ལེ་རྒྱལ། says:
    ལོ་ 17 སྔོན།

    ངེས་བ་དོན་གྱི་ཡིད་བཞིན་ནོར་བུ་༧ རྒྱལ་མཆོག་བསྟན་འཛིན་རྒྱ་མཚོ་མཆོག་མི་ཡུལ་དུ་ཕེབས་ནས་ལོ་འཁོར་བདུན་ཅུ་དོན་བཞི་འཁོར་བའི་དུས་ཆེན་རླབ་པོ་ཆེ་སྒོ་གསུམ་གུས་བས་རྟེན་འབྲེལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese