མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བར་དམིཌ་བསལ་དམ་དྲག

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་འདི་ལོ་དགོན་པའི་གྲྭ་བ་ཚོར་སྔར་མེད་ཀྱི་དམ་དྲག་ཤུགས་ཆེར་བྱེད་བཞིན་འདུག་ཟེར།

ཕྱི་ཚེས་ ༧ ཉིན་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན།  རྒྱ་གཞུང་གིས། ལོ་སྔོན་མའི་ཞི་རྒོལ་ནས་བཟུང་རྨ་ལྷོ་ཁུལ་དུ་སྔར་མེད་ཀྱི་དམ་དྲག་ཤུགས་ཆེན་བྱས་ཡོད་པ་དང་། འདི་ལོའི་ཟླ་གསུམ་པ་དང་བཞི་བའི་བར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཐག་མི་རིང་བའི་ཧ་ཡང་བཟོ་གྲྭའི་སུམ་མདོ་རུ་དམག་སྒར་བརྒྱབས་ཏེ། ཟི་ལིང་དང་བླ་བྲང་ཕྱོགས་ནས་ཕེབས་པའི་ཕྱི་གླིང་བ་གཙོས་ཕྱི་ཕྱོགས་ཀྱི་འགྲུབ་བ་ཡོངས་ལ་དོགས་ཟོན་གྱིས། འགྲོ་ལམ་ཆད་ཡོད་ཚུལ་བརྗོད་དེ་མི་གཅིག་ཀྱང་རྨ་ལྷོ་ཕྱོགས་སུ་མ་བཏང་བར་ཕྱིར་རང་སར་བཏང་ཡོད་འདུག་ལ། ཕྱི་ཕྱོགས་ཀྱི་གྲྭ་བ་གཅིག་ཀྱང་ཡོང་མི་ཆོག་པའི་གསལ་བསྒྲགས་སྤེལ་ཡོད་འདུག  དེ་བཞིན། རོང་བོ་དགོན་པའི་དགེ་འདུན་པ་ཚོར་དམིགས་བསལ་གྱི་དམ་དྲག་ཤུགས་ཆེར་བྱས་ཏེ། དགེ་འདུན་པ་ཚོ་རང་ཁུལ་ལམ་ཡང་ན་རང་སྡེའི་ཁྱིམ་ཚང་གང་རུང་དུ་ཞབས་བརྟེན་དུ་འགྲོ་དགོས་ཚེ། ཞབས་བརྟེན་སྒྲུབ་ཡུལ་གྱི་སྦྱིན་བདག་དངོས་སུ་ཁུལ་སྤྱི་བདེ་ཉེན་རྟོག་ལས་ཁུངས་སུ་སོང་སྟེ། ཞབས་རྟེན་ཅི་ཞིག་སྒྲུབ་དགོས་པ་དང་། གྲྭ་བའི་གྲངས་འབོར་ག་ཚོད་ཅིག་ཕེབས་དགོས་པ། དེ་དག་གི་མིང་དང་དགེ་འདུན་པའི་ལག་ཁྱེར་ཨང་གྲངས་སོགས་གསལ་བོར་བཀོད་རྗེས་གྲྭ་བ་ཚོ་སོང་ཆོག་པ་ལས་རང་དགར་གྲྭ་གཅིག་ཀྱང་གཏོང་གི་མེད་པ་དང་། གྲྭ་བ་ཚོ་རང་ཁུལ་དང་བྲལ་ཏེ་ས་གཞན་དུ་འགྲོ་དགོས་ཚེ་ངེས་པར་སྤྱི་བདེ་ལས་ཁུངས་སུ་མིང་བརྟགས་འགོད་དགོས་པ་མ་ཟད། དམིགས་ཡུལ་དང་བྱ་བ་སོགས་གསལ་བཤད་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་འདུག  དེ་དང་གཅིག་མཚུངས་ཀྱིས་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་གཙོས་སློབ་གྲྭ་ཁག་ཏུའང་དམ་དྲག་ཤུགས་ཆེར་བྱས་ཏེ་སློབ་མ་ཚོར་གུང་གསེང་མ་བཏང་བར་ལྷག་ཡོད་འདུག་ལ་། སློབ་མ་དང་གྲྭ་བ་ཚོ་དུས་ནམ་ཡིན་ཡང་དམ་དྲག་དང་དོགས་ཟོན་ཁྲོད་གནས་འདུག

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 3

  1. ཨ་ལལ says:
    ལོ་ 17 སྔོན།

    གྲྭ་བར་དོ་དམ་བྱས་པ་འདི་ནི་ལོ་རྒྱུས་ལ་འབྲེལ་བ་ཡོད་པ་ཞིག་རེད།འདི་ལ་རྒྱུ་རྐྱེན་གཉིས་ཡོད་དེ།གཅིག་ནི་བོད་སིལ་བུར་ཐོར་བའི་རྗེས་གྲྭ་བ་རྣམས་ཀྱིས་ཆོས་པ་ཚུལ་ལྡན་ཞིག་མ་བྱས་པར་སྲིད་དོན་ལ་ཐེ་ཇུས་མང་ཙས་བྱས་པ་དང་།གཉིས་ནི་ད་ལྟ་ཡིན་ཡང་ཆོས་ཀྱི་བསྟི་གནས་དག་ཏུའང་ལུང་རྟོགས་ཀྱི་བྱ་བར་མི་བརྩོན་པར་སྲིད་དོན་པ་ཞིག་བྱེད་འདོད་པ་དང་མ་ཟད་རང་ཉིད་ཀྱི་གནས་བབ་ངོས་ཟིན་གྱི་མེད་པར་དགོན་པའི་ནང་དུ་བོད་རང་བཙན་ཞེས་སྐད་འབོད་ཅིག་སྒྲོག་ཐུབ་ན་དོན་ཆེན་བྱས་པར་བསམ་པའི་ལོག་ལྟ་འདི་རེད།འདིའི་རྐྱེན་གྱིས་སྔར་ནས་ད་བར་དུ་རང་འཁྲིའི་འོས་འགན་དང་རང་གི་གནས་བབ་ངོས་ཟིན་ཐུབ་མེད་པ་མང་ངོ་།སྤྱིར་གྲྭ་བ་ཞིག་ཡིན་ན་ཆོས་པ་རྣམ་དག་གཞན་ལ་དང་བ་འདྲེན་པའི་དམིགས་རྐྱེན་ཞིག་ཡིན་དགོསཔ་རེད།འོན་ཀྱང་མང་པོ་ཞིག་གིས་འདི་ལྟར་བསམ་སྲིད།་༧གོང་ས་མཆོག་གིས་སྲིད་དོན་གྱི་ཕྱག་ལས་གནང་བ་དང་གྲྭ་བ་ཚོས་ཀྱང་ཆབ་སྲིད་ལ་དོ་སྣང་བྱེད་ཚུལ་གསུང་ཡོད་ཟེར་ན།སྲིད་དོན་གྱི་འགན་བཞེས་པ་ནི་དམིགས་བསལ་ཡིན་ཏེ་ཐུགས་འདོད་མེད་བཞིན་དུ་ད་ལྟའི་གནས་བབ་དང་བསྟུན་དགོས་པ་ཞིག་དང་།་གཞན་སྲིད་དོན་ལ་དོ་སྣང་་དགོས་ཚུལ་གསུང་བ་དེ་ནི་སྲིད་དོན་གྱི་ཁ་ཕྱོགས་དང་དེའི་གནས་བབ་ངོས་ཟིན་ཐུབ་པའི་ཆེད་དུ་གསུང་པ་ཞིག་ཡིན་པ་ལས་དེའི་ནང་དུ་ཞུགས་ཏེ་ཆ་ཤས་ལེན་རྒྱུ་དང་གོ་སྐབས་འཐོབ་པར་བརྩོན་དགོས་ཚུལ་བསྟན་པ་ཞིག་མ་རེད།ཞིབ་ཏུ་བསམ་ཚེ་ངེད་ཅག་བོད་པའི་སྤྱི་ཚོགས་སུ་བྱ་བའི་གོ་རིམ་ཐམས་ཅད་མགོ་མཇུག་ལོག་འདུགདཔེར་ན།གྲྭ་བས་ཆོས་མི་བྱེད་པར་སྲིད་བྱས།ཁྱིམ་པས་སྲིད་མི་བྱེད་པར་ཆོས་འདྲ་བྱེད་ཁུལ་བྱས།སློབ་མས་སློབ་སྦྱོང་མི་བྱེད་པར་ཁྲོམ་སྐོར་འདྲ་བྱས།དེ་འདྲ་བ་ཤིན་ཏུ་མང་ངོ།

    Reply
  2. ཨ་ལལ says:

  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བརྙས་བཅོས་བྱེད་ཚུལ་འདིས་བོད་པ་ཚང་གི་ཤེས་ཡོན་པ་དག་གང་དུ་འཚོ་བསྡོད་བྱེད་སའི་ཡུལ་གྲུ་དག་ལ་རང་དབང་མེད་པའི་སྒང་ལ་མནར་གཅོད་ཅིག་གཏོང་བཞིན་ཡོད་པ་འདིས། རྒྱ་ནག་སྲིད་གཞུང་དང་སེམས་ཐག་ཉེ་རུ་འགྲོ་རྒྱུར་མཐུན་ལམ་བཟོ་བ་ལས་ལྡོག་ནས་སྙིང་ནད་གསོག་ཏུ་འཇུག་གི་ཡོད་པ་རེད།
    ཇུས་ངན་འདི་ནི་དངོས་ནས་བསམ་བློ་གཏོང་བཞིན་གཏོང་བཞིན་སེམས་སྡུག་པ་ཞིག་ལས་ངེད་ཅག་གིས་གང་ཡང་བྱེད་མི་ཐུབ་པར་ལུས་ཡོད་པ་རེད། འདི་འདྲའི་ཐབས་སྐྱོ་བའི་གནས་སྟངས་ནི་ཉིན་རེ་ཉིན་རེ་དྲ་ངོས་སུ་བཀོད་དེ་ཡོང་དུས། བོད་ཡུལ་ནི་རང་དབང་བྲལ་བའི་སྒང་ལ་བཟུང་བཙོན་གྱི་གནས་ཤིག་ལས་གང་ཡང་མེད་པ་ཤེས་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese