མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁའ་གྲུ་མཐའ་མ་འཕུར་བ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་མཁའ་དབྱིངས་ཚོགས་པ་ NASA ན་ས་ཡིས་མཁའ་དབྱིངས་གནམ་གྲུ་ Endeavour ཨེན་ཌེ་ཝོར་ཞེས་པ་ཐེངས་དྲུག་ལ་བཏང་བར་འབད་པའི་མཐར་བདེ་ལགས་ངང་མཁའ་དབྱིངས་སུ་སྐྱོད་འདུག གནམ་གཤིས་ཡག་པོ་མ་བསྟན་པ་དང་སྣུམ་ཟེགས་པའི་དཀའ་ངལ་གྱི་དབང་གིས་ཐེངས་སྔོན་མ་རྣམས་ཕྱིར་འཐེན་བྱ་དགོས་བྱུང་འདུག

མཁའ་དབྱིངས་གནམ་གྲུ་བ་འདི་དག་རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚིགས་སུ་ཉིན་བཅུ་གཅིག་ལ་འདུག་རྒྱུ་ཡིན་ཞིང་། ཁོང་རྣམས་ཀྱིས་ཉི་ཧོང་གི་ཞིབ་འཇུག་ཚོད་ལྟ་ཁང་འགྲུབ་པར་བྱ་རྒྱུ་ཡིན་འདུག གལ་སྲིད་མཁའ་དབྱིངས་གནམ་གྲུ་འདི་གཟའ་ཕུར་བུའི་བར་དུ་ཐོན་ཐུབ་མེད་པ་ཡིན་ན། ར་ཤི་ཡའི་ཅ་ལག་སྐྱེལ་འདྲེན་གྱི་མཁའ་གྲུ་ལ་ལམ་ཁ་གཏོང་ཆེད་ཟླ་འདིའི་ཟླ་མཇུག་བར་སྒུག་དགོས་ཀྱི་ཡོད་འདུག མཁའ་གྲུ་ནམ་མཁའ་ལ་གཏོང་བའི་སློབ་སྟོན་པ་ Pete Nickolenko ཕེ་ཊེ་ ནི་ཁོ་ལེན་ཁོ་ཡིས་གནམ་གཤིས་ཀྱིས་མཐའ་མར་མཁའ་གབྱིངས་གནམ་གྲུ་གཏོང་བར་གྲོགས་བྱེད་ཀྱི་འདུག་ཟེར།

མཁའ་དབྱིངས་གནམ་གྲུ་འདིས་མི་བདུན་མཁའ་དབྱིངས་སུ་འཁུར་ཡོད་པ་དང་ཁོང་ཚོ་ནི་ཨ་རི་བ་དྲུག་དང་ཁེ་ན་ཌ་ནས་ཡིན་པ་གཅིག་བཅས་ཀྱིས་གྲུབ་འདུག ཁེ་ན་ཌ་ནས་ཡིན་པའི་ Julie Payette ཇུ་ལིའེ་ ཕ་ཡེ་ཊེ་ཡིས་མཁའ་གྲུའི་འཕྲུལ་ཆས་ཀྱི་ལག་པའི་སྟེང་དུ་ལས་ཀ་བྱ་རྒྱུ་ཡིན་འདུག ཁོང་ཚོ་གཟའ་པ་སངས་ཉིན་རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚིགས་སུ་སླེབས་པ་དང་། ཐག་རིང་བའི་རི་གྲོང་དེ་ལ་སྡོམ་པའི་མི་བཅུ་གསུམ་འཛོམས་རྒྱུ་ཡིན་འདུག འདི་ནི་རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚིགས་ཀྱི་ལོ་རྒྱུས་ནང་དུ་དེ་འདྲའི་མི་སྣ་མང་པོ་འཛོམས་པ་ཐེངས་དང་པོ་ཡིན་འདུག

དང་པོ་ཁོང་ཚོས་ཞིབ་འཇུག་དང་ཚོད་ལྟའི་ཆེད་མཁའ་དབྱིངས་ཀྱི་ཁོར་ཡུག་ལ་སྟོན་དགོས་པའི་དངོས་པོ་རྣམས་ཀྱི་ཆེད་དུ་ཉི་ཧོང་གི་ཞིབ་འཇུག་ཚོད་ལྟ་ཁང་ Kibo ཁི་བྷོ་ཞེས་པར་སྡིངས་ཆ་ཞིག་འདོགས་རྒྱུ་ཡིན་པ་རེད། དེ་ནས་ཁོང་ཚོས་གློག་ཡོང་ཆེད་དང་ལས་འགན་གཞན་དག་མང་པོ་ཞིག་བསྒྲུབ་ཆེད་ཉི་འོད་བསྡུ་བའི་གློག་མེ་འགའ་ཡང་འཇོག་རྒྱུ་ཡིན་འདུག དེས་མི་ཚད་མཁའ་དབྱིངས་གནམ་གྲུ་ Endeavour ཨེན་ཌེ་ཝོར་གྱིས་རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚིགས་སུ་ཡུན་རིང་དུ་འདུག་རྒྱུ་ཡིན་པའི་ཨ་རིའི་ལས་བཟོ་བ་འགའ་སྐྱེལ་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚིགས་སུ་ཟླ་གསུམ་ལྷག་ཏུ་བསྡད་པའི་ཉི་ཧོང་བ་ Koichi Wakata ཁོའི་ཆི་ ཝ་ཁ་ཊ་ཕྱིར་འཁུར་ཡོང་རྒྱུ་ཡིན་འདུག

ལོ་རབས་གཅིག་ལྷག་ཏུ་བཟོས་པའི་མཁའ་དབྱིངས་འབབ་ཚིགས་འདི་ནི་ད་ལྟ་ཉལ་ཁང་བཞི་ཅན་གྱི་ཁང་པའི་ཆེ་ཆུང་ཙམ་ཞིག་ཡོད་འདུག འདི་བཟོས་པའི་འགྲོ་གྲོན་ནི་ཨ་སྒོར་ཐེར་འབུམ་ ༡༠༠ ཡིན་པ་དང་འདི་རྒྱལ་ཁབ་བཅུ་དྲུག་གིས་མཉམ་འབྲེལ་གྱིས་བཙུགས་པ་ཞིག་ཡིན་འདུག འདི་ནི་མཁའ་དབྱིངས་གནམ་གྲུ་འཕུར་བ་ཐེངས་ ༡༢༧པ་ཡིན་ཞིང་། རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚིགས་སུ་འཕུར་པ་ཐེངས་ ༢༩ པ་ཡིན་འདུག Endeavour ཨེན་ཌེ་ཝོར་འཕུར་བ་ཐེངས་ ༢༣ པ་ཡིན་པ་དང་། ༢༠༠༩ ནང་དུ་ཐེངས་གསུམ་པ་ཡིན་འདུག ༢༠༡༠ ནང་དུ་མཁའ་དབྱིངས་གནམ་གྲུ་འདིས་ལས་མཚམས་འཇོག་རྒྱུ་ཡིན་པ་དང་དེའི་བར་དུ་ཐེངས་བདུན་ལ་འཕུར་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 6

  1. ནད་པ says:
    ལོ་ 17 སྔོན།

    ༡༩༩༨ ལོར་ངས་གནས་ཚུལ་འདི་ལ་དི་སྣང་ཅུང་ཙམ་ཞིག་སྤྲད་མྱོང་། སྐབས་དེ་དུས་གཙོ་བོ་འདྲ་པོ་དེ་ཉི་ཧོང་གིས་འགན་འཁྱེར་ཏེ་ལས་གཞི་འདི་ལོ་ལྔ་བཅུའི་ནང་དུ་ལེགས་གྲུབ་ཟིན་ཐུབ་པར་ཡིད་བྱེད་བྱས་ཡོད།

    འོན་ཏང་རང་བྱུང་རླུང་གི་རིམ་པར་དབྱིན་སྐད་དུ་ ” Ozone layer” ཟེར་བ་དེའི་རླུང་རིམ་གི་གོ་ལ་དེར་ཕོག་ཐུག་སོང་དྲགས་ན་མཐར་རླུང་རིམ་གོ་ལ་སྲབ་ཏུ་ཕྱིན་ཏེ་དེར་བུ་ག་ཆགས་ནས་ཕྱིས་འབྱུང་ང་ཚོའི་རང་བྱུང་གི་སྐྱེ་དངོས་དག་ལ་གནོད་པ་ཆེན་པོ་ཞིག་ཡོང་རྒྱུར་ཚན་རིག་མཁས་པ་ཚོས་གསུང་སྐད་སྐྱོན་བཞིན་ཡོད།
    ང་རང་གི་བསམ་ཚུལ་ལ་རང་བྱུང་གི་ཁམས་ཆེན་པོར་གནོད་ཚེ་ཚབས་ཆེ་ཞིག་ཕོག་ཚེ་སླར་ཡང་ང་ཚོས་དེར་བཟོ་བཅོས་བྱེད་ཐབས་བྲལ་བས་མཐར་ང་ཚོས་རང་ཉིད་འཕུང་དྲོ་སྐྱིད་ལྡན་པའི་འཛམ་གླིང་ཁྱིམ་ཚང་ཆེན་པོ་འདི་བདག་སྤྲོད་བྱེད་པར་འཛམ་གླིང་མི་མང་ཡོངས་ལ་བདག་དབང་དང་། འགན་ཁྲི་ངེས་པར་ཡོད།།

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    དྲྭ་གྲོགས་མཁར་རྔ་དང་ནད་པ་ལགས། ཨ་མེ་རི་ཁ་དང་། ར་ཤི་ཡ། ཁ་ན་དྲ་སྒ་སོགས་ཀྱིས་༡༠༩༨ ལོ་ཡིན་ནམ་ཞིག་ནས་རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚུགས་འདི་བཟོ་མགོ་ཚུགས་པ་རེད། ད་ལྟ་ཡང་རྒྱ་སྐྱེད་པ་དང་གྲ་རྒྱས་པོ་བཟོ་བཞིན་ཡོད་འདུག མཁའ་དབྱིངས་ལ་རླུང་གི་འཐེན་ཤུགས་འདྲ་བོ་དེ་མེད་པས་སྐྱག་པ་གཏོང་བ་ལ་དཀའ་ངལ་ཆེན་པོ་ཡོད་སྟབས་དམིགས་བསལ་གྱི་གསང་སྤྱོད་ཅིག་བཟོ་བར་ཨ་སྒོར་ས་ཡ་༢༣ དང་འབུམ་བཞིའི་འགྲོ་སོང་བཏང་ནས་གསང་སྤྱོད་བཟོས་འདུག
    རྒྱ་ནག་འདིའི་གྲས་སུ་ཚུད་མེད་པ་རེད། དེའི་སྐོར་ལ་རྒྱ་ནག་རང་གིས་མཁའ་དབྱིངས་འབབ་ཚུགས་ཤིག་བཟོ་རྒྱུ་ཡིན་ཞེས་བཤད་པ་རེད། སྤྱིར་བཏང་ཨུ་རུ་སུ་ཁ་འཐོར་དུ་ཕྱིན་པའི་རྗེས་ནས་གྲང་དམག་ཟེར་བའི་འགྲན་རྩོད་དེ་མེད་པར་གྱུར་སྟབས་མཁའ་དབྱིངས་འགྲུལ་སྐྱོད་ཀྱི་ལས་ཀའི་མྱུར་ཚད་དེ་དལ་དུ་སོང་ཡོད་པར་ཤོད་མཁན་འདུག

    Reply
  3. འབྲོག་ཁྱི། says:
    ལོ་ 17 སྔོན།

    ང་ཚོ་བོད་པ་ཚང་མཁའ་གྲུ་མེད་ན་འགྲིག་འདུག་གི། གང་ཡིན་ཟེར་ན་གཡག་སྣ་དེ་ཚོ་ད་དང་ལོ་གྲངས་མི་ཉུང་བ་ཞིག་ལ་ རྫོགས་ས་མི་འདུག་གོ །

    Reply
  4. ཨ་ལ་ལ says:
    ལོ་ 17 སྔོན།

    ང་ཚོ་བོད་པས་ཀྱང་མཁའ་གྲུའི་པ་སི་ཞིག་ཉོས་ན་མ་རེད་པས།ཁ་ནས་བཤད་ན་ང་ཚོས་ཚང་མ་བམཡས་ཐུབ་ཀི་ཡོད་པ་མ་རེད་པས།སྐུ་རྩེད་ཞུས་པ་ཡིན།བར་རོལ་ནས་ང་ཚོ་ལ་ཅི་ཞིག་བྱུང་སོང་ངམ།

    Reply
  5. ནད་པ says:
    ལོ་ 17 སྔོན།

    སྟོབས་ཆེན་ཨ་རིས་གཙོས་པའི་རྒྱལ་ཁབ་ཁག་བཅུ་དྲུག་གིས་མཇམ་འབྲེལ་ཐོག་ད་ཆ་གཞི་ནས་རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚུགས་ཤིག་གསར་གཏོད་བྱས་པ་འདི་དངོས་གནས་ཧ་ལས་པ་ཞིག་རེད།

    འཛམ་གླིང་འདིར་དེང་རབས་འོད་སྟོང་འཕྲོ་བའི་ཚན་རིག་དར་བ་ནས་བཟུང་མོ་ཊ་དང་། གནམ་གྲུ་སོགས་བཟོས་ཏེ་ས་སྟེང་དུ་རླངས་འཁོར་འབབ་ཚུགས་དང་གནམ་གྲུའི་འབབ་ཐང་སོགས་ལེགས་གྲུབ་ཟིན་ཏེ་རྒྱ་ཆེ་བའི་འཛམ་གླིང་འདི་དོན་དངོས་སུ་སྟབས་བདེ་བའི་ཆུང་ཆུང་ཞིག་བསྐྲུན་ཡོད།

    ད་གཟོད་འགྲོ་བ་མིའི་ཀླད་པའི་ཚད་གཞི་ཡར་རྒྱས་ཕྱིན་པར་སོང་ཚན་རིག་དང་། འཕྲུལ་ལས་གིས་འཇིག་རྟེན་གསར་པ་ཞིག་ཏུ་འགྱུར་ཐུབ་ཡོད་ལ་ད་ཆ་བར་སྣང་གི་དུས་རབས་ངོགམཚར་ཅན་ཞིག་ཏུ་བསྒྱུར་རྒྱུའི་དུས་ཀྱི་ཚད་གཞི་ལ་སླེབས་ཡོད།

    ད་ལྟ་ང་ཚོའི་བསམ་བློར་འཁོར་མ་མྱོང་བའི་བྱ་དངོས་ཡ་མཚན་མང་པོ་ད་དུང་འཇིག་རྟེན་འདིར་མ་འོངས་མངོན་འགྱུར་ཡོང་རྒྱུ་ཉག་གཅིག་ཡིན།

    འོན་བཏང་འཛམ་གླིང་འདིར་འགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་ཀྱིས་ར་བ་ལས་ཡོངས་སུ་བརྒལ་ཟིན་པའི་དུས་དེར་འཇིག་རྟེན་འདིར་བཟློག་ཏུ་མེད་པའི་ཆག་སྒོ་ཆེན་པ་པོ་ཞིག་ཀྱང་ཡོང་རྒྱུར་ཐེ་ཚོམ་མེད།།

    Reply
  6. མཁར་རྔ་། says:
    ལོ་ 17 སྔོན།

    ངོ་མཚར་ཆེ། རྒྱལ་ཁབ་བཅུ་དྲུག་གིས་བྱ་བཞག་འདིས་འཛམ་གླིང་འདིར་ཁེ་ཕན་དང་། དགོས་དམིགས། མཐའ་འབྲས་སོགས་གྲུབ་དོན་ཇི་ཞིག་ཇི་ཞིག་འཇོག་རྩིས་ཡིན་ནམ། སྔོན་པོ་ཐེར་འབུམ་ཆེན་མོ་དེ་དག་ལ་ཕང་སེམས་ཤོར། ངོ་ནས་བྱས་ན། ཨ་ཕི་རི་ཁའི་གཙོས་འཇིག་རྟེན་གྱི་མི་སྡེ་ཁྲི་འབུམ་ཁྲི་འབུམ་ལྟོག་ཤི་ཐེབས་བཞིན་པའི་ཉམས་ཐག་རྣམས་ཀྱི་ཟས་གོས་གནས་མལ་ཆེད་མཐུན་འགྱུར་བྱུང་ན་ཅི་མ་རུང་། མཁའ་དབྱིངས་འགྲུལ་སྐྱོད་པ་དག་ལ་ཚེ་གེགས་མེད་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese