ཕྱི་ཟླ་ ༩ ནས་ ༡༠ དུས་མཚམས་སུ་ཨ་རིའི་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་འཆར་ཡོད་འདུག
ཕྱི་ཚེས་ ༡༩ ཉིན་རྒྱ་གར་དུས་བབ་གསར་ཤོག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ༸གོང་ས་མཆོག་ཕྱི་ཟླ་དགུ་པའི་ཟླ་མཇུག་ཏུ་ལོ་སི་ཨན་རྗེ་ལི་སུར་ཕེབས་འཆར་ཡོད་པ་དང། དེ་རྗེས་ཝན་ཀོ་ཝར་ས་གནས་སུ་ཞི་བདེའི་ཚོགས་ཆེན་ཞེས་པར་ཕེབས་ཏེ། ཕྱི་ཟླ་ ༡༠ པའི་མགོ་སྟོད་ཙམ་ལ་ཝ་ཤིན་ཊོན་ཌི་སི་ལ་ཕྱིར་ཕེབས་ཀྱིས་ཚེས་ ༨ ནས་ ༡༡ བར་ “སེམས་དང་མི་ཚེའི་ཚོགས་ཆེན་”ཞེས་པ་སྟེ། དུས་རབས་ཉི་ཤུ་རྩ་་གཅིག་ནང་རྒྱལ་སྤྱིའི་མི་སེར་ལ་སློབ་སྦྱོང་སྤྲོད་ཕྱོགས་ཞེས་པའི་ཚོགས་འདུར་ཚོགས་བཅར་གནང་རྒྱུ་དང། བོད་ཀྱི་རིག་གཞུང་དམ་འཛིན་ཚོགས་པས་གོ་སྒྲིག་ཞུས་པའི་ “སེམས་ཀྱི་འགྱུར་འགྲོས། དེང་རབས་སྤྱི་ཚོགས་སུ་ཡང་དག་པའི་ཤེས་རབ་འཚོལ་ཞིབ་” ཞེས་པའི་བརྗོད་གཞིའི་ཐོག་ཏུ་གསུང་བཤད་གནང་རྒྱུ་ཡིན་འདུག ཨ་རིའི་གཞུང་ནས་སྐབས་དེའི་རིང་སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་གནང་རྒྱུའི་སྐོར་སྐུ་སྒེར་ཡིག་ཚང་ལ་འབྲེལ་བ་ཞུས་ཡོད་པ་རེད། གང་ལྟར་ཡང་ཐེངས་འདིའི་མཇལ་འཕྲད་ལ་རྒྱ་ནག་གཞུང་ནས་ངོ་རྒོལ་དང་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་དང། ལྷག་པར་དུ་འདས་ལོའི་རྒྱལ་སྤྱིའི་རྩེད་འགྲན་དུས་སྐབས་སུ་ཟིང་ཆ་ཤུགས་ཆེན་བྱུང་བའི་རྐྱེན་གྱིས་འདས་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༣ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ལ་༧གོང་ས་མཆོག་དང་མཇལ་འཕྲད་མི་གནང་རྒྱུ་དང་། ཨ་རིའི་མངའ་སྡེའི་ནང་དུ་མེས་རྒྱལ་ཁ་བྲལ་གྱི་ལས་དོན་སྤེལ་མི་འཇུག་རྒྱུའི་གཞུང་འབྲེལ་གྱི་ཉེན་བརྡ་བཏང་ཡོད་པ་རེད། མཐོ་རིམ་དཔོན་རིགས་ཚོས་སྔ་ལོར་འཛམ་གླིང་དཔལ་འབྱོར་གྱི་དཀའ་ངལ་ཤུགས་ཆེན་བྱུང་བའི་རྐྱེན་གྱིས་སྲིད་འཛིན་མཆོག་ནས་རྒྱ་ནག་ལ་རོགས་སྐྱོར་ཡོང་བའི་རེ་འབོད་ཞུས་པ་བཞིན། རྒྱ་མིའི་མཛའ་མཐུན་མི་ཆད་པའི་དོན་དུ་ད་ཐེངས་ཀྱི་མཇལ་འཕྲད་དེ་ཕྱིར་འཐེན་བྱེད་དགོས་པར་བཤད་ཡོད་ཀྱང། སྲིད་དོན་དབྱེ་ཞིབ་པ་ཚོས་འདས་པའི་སྲིད་འཛིན་ཟུར་པ་ཚོས་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་བཞིན་ཐེངས་འདིར་ཡང་ཨོ་བྷ་མས་མཇལ་འཕྲད་དེ་ཕྱིར་འཐེར་བྱེད་མི་སྲིད་ཅེས་བརྗོད་ཀྱི་ཡོད། ཐེངས་འདིའི་མཇལ་འཕྲད་དེ་གཞུང་སྒེར་གྱི་ངོ་བོ་གང་ཡིན་དང། དུས་ཚོད་ནམ་ཡིན་ཐད་ཕྱོགས་གཉིས་ཐད་ནས་གཏན་འབེེབས་དང་ཁ་ཚོན་གཅོད་ཐུབ་མེད།
དངོས་གནས་དགའ་འོས་གཏམ་ཞིག་རེེད།
ཨ་རིས་སྲིད་འཛིན་དང་༧གོང་ས་མཆོག་གཉིས་མཇལ་འཕྲད་གནང་རྒྱུ་གཏན་འཁེལ་བ་འདི་ལ་རྒྱ་མིའི་གཞུང་ནས་སྐྱོན་གང་མང་རྗོད་ཀྱང་ང་ཚོ་བོད་མིའི་ཡོངས་ནས་དགའའོས་པ་ཞིག་དང་འཚམས་འབྲེལ་བཀྲ་ཤིས་བདེ་ལེགས་ཞུ་དགོས་བཅས་
དིང་རི་མཚོ་མགོ་བ་འཇམ་དཔལ་ནས
དེ་སྔོན་ཨ་རིས་སྲིད་འཛིན་གང་མང་ཞིག་གོང་ས་མཆོག་ལ་མཇལ་འཕྲད་བྱས་ཡོད་ནའང་གྲུབ་འབྲས་འདི་ཡིན་ཞེས་པའི་ངོས་འཛིན་གང་ཡང་མེད་པར་དེ་དག་གི་ཕན་འབྲས་ལས་ལྷག་ཡོད་པར་རེ་བ་ནི། རེ་བ་ཀྱང་ཀྱང་གིས་མི་ཚེ་ཟད་པའི་བོད་པའི་རང་གཤིས་རེད། ཕྱི་རྒྱལ་བའི་གནོད་ཤུགས་ཀྱིས་བོད་པ་རང་དབང་ཐོབ་ཐུབ་པའི་རེ་བས་བོད་པའི་རང་ནུས་ཉམས་ཆུང་བྱེད་ཀྱི་ཡོད་ལ། བོད་ཀྱི་རང་དབང་དེ་བོད་པ་མ་གཏོགས་སུ་གང་གིས་ལེན་མི་ཐུབ་ལ། རྒྱ་མི་མ་གཏོགས་སུ་གང་གིས་སྤྲད་མི་ཐུབ།
ཡག་པོ་འདུག གཏམ་བཟང་རེད།
ངོ་མ་དགའ་འོས་པ་ལ་བཀྲ་ཤིས་བདེ་ལེགས།
ཨ་རིའི་སྲིད་འཛིན་གྱིས་ཚུར་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་རེད་རྒྱ་ནག་གཞུང་འཛིན་པ་ཚོས་ཅི་བསམ་མམ་ཧ་ཧ་ཧ་ཧ་ཧ་ཧ་ཧ།
རྒྱ་ནག་གིས་བོད་སྐད་ཆ་འཕྲིན་ནས་སྤེལ།།
རྒྱ་ནག་གིས་སེམས་ཁྲལ།
༄༅།།ཨའོ་པ་མཱས་ཏཱ་ལའི་དང་ཐུག་འཕྲད་བྱ་རྩིས་བྱེད་བཞིན་ཡོད་པ
ཟླ༧ཚེས༢༠ཉིན་པར་འགྲེམས་བྱས་པའི་ 《རྒྱལ་ཁམས་སྐོར་བའི་དུས་ཚགས 》དུ། ཚེས་ ༡༩ཉིན་གྱི་《རྒྱ་གར་གྱི་སྐབས་དོན་ཚགས་པར་ 》ལས། ཨ་རིའི་སྲིད་འཛིན་ཁྲི་ པ་ཨའོ་པ་མཱ་སྲིད་གཞུང་གིས་ཏཱ་ལའི་ཕྱོགས་དང་ཐུག་འཕྲད་བྱེད་པའི་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། ཟླ༩པའི་ཟླ་མཇུག་ནས་ཟླ༡༠པའི་ཟླ་དཀྱིལ་བར་དུ་ཏཱ་ལའི་ཡིས་ཨ་རིར་འཚམས་འདྲིར་བྱེད་པའི་སྐབས་སུ་ཨའོ་པ་མཱ་དང་ཐུག་འཕྲད་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཟེར་ཞེས་པའི་གནས་ཚུལ་ཞིག་བཀོད་འདུག
དེ་ལ་ཀྲུང་གོའི་ཆེད་ལ ས་མཁས་པ་རྣམས་ཀྱིས་འདི་སྐད། ཨའོ་པ་མཱ་སྲིད་གཞུང་སྲིད་འཛིན་པའི་ཁྲི་ཐོག་ཏུ་མངའ་གསོལ་རྗེས།ཀྲུང་ཨ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ལྟོས་བཅས་ཀྱི་སྒོ་ནས་བཤད་ན་ཅུང་ཟད་ལེགས་པའི་རྒྱུན་བསྐྱངས་ཡོད་ཅིང་། གལ་ཏེ་ཨའོ་པ་མཱས་ཏཱ་ལའི་དང་ཐུག་འཕྲད་དངོས་སུ་བྱས་ན།ཀྲུང་ཨ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པར་གོར་མ་ཆག་གོ ། ཞེས་གསུངས་སོ།
ཕྱི་ཟླ་བཅུ་པའི་ནང་བོད་མིའི་བླ྄ན་མེད་པའི་དབུ་ཁྲིད་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཉིན་གསུམ་རིང་སེམས་དང་ཚེ་སྲོག་གི་འཚོགས་འདུའི་སྐབས་སུ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་མཇལ་འཕྲད་གནང་རྒྱུའི་གཏམ་བཟང་འདི་མངོན་དུ་འགྱུར་རྒྱུའི་སྨོན་འདུན་ཞུ།
སྐབས་དེར་༸ གོང་ས་མཆོག་གིས་ཡང་དག་པའི་ཤེས་རབ་ཀྱིས་དྲངས་ཏེ་འཛམ་གླིང་འདིར་འགྲོ་བ་མིའི་གཤིས་སྤྱོད་ཀྱི་རིན་ཐང་གོང་དུ་སྤེལ་དགོས་རྒྱུའི་བཀའ་སློབ་སྐལ་བཟང་སྙིང་གི་ནོར་བུ་འཛམ་གླིང་མི་དམངས་ཡོང་ལ་གནང་ཆར་ཡོད་དེ་དངོས་གནས་ཇི་འདྲའི་བསྐལ་བ་བཟང་ལ་ཨང་།
མགོན་པོ་གང་ཉིད་ཀྱི་ཐུགས་ཀྱི་བཞེད་དོན་ཐ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཞུ།
བཀྲ་ཤིས་བདེ་ལེགས་ཡོད། སྤྲོ་སྣང་འཕེལ་སོང་། བློ་མཐུན་ཨོ་བྷ་མྰ་་་་སྐུ་ཉིད་ལ་མི་རིགས་ནག་པོའི་ཁྱད་ཆོས་ཚང་མིན་དང་། ཨ་གཞུང་གི་ཡང་དག་པའི་བོད་དོན་སྲིད་ཇུས་དེ་སྒལ་ཚིགས་རང་བཞིན་ལྡན་མིན་བལྟས་ཏེ་སྒུག་ཡོད།
ཆོད་སེམས་དང་སྙིབ་སྟོབས། བློ་གྲོས་དང་ཤེས་རབ་ཀྱིས་སྤུད་པའི་ཁྲི་ཟུར་བྷི་ཤུའི་༧ཞབས་རྗེས་ལ་རྐང་པ་འཇོག་ནུས་པ་རེ་བས་ཁེངས། ཁྱོད་ཀྱི་ངོས་ནས་་་་་???
རྒྱ་ནག་གཞུང་གིས་གོང་ལ་མཆོག་གི་མཛད་སྒོ་གང་དང་གང་ཡིན་ན་ངོ་རྒོལ་དང་སྐྱོན་བརྗོད་བྱེད་བཞིན་ཡོད། ཡིན་ན་ཡང་སྐབས་འགའ་རྒྱ་གཞུང་གི་ངོ་རྒོལ་གྱིས་ཁོ་ཚོའི་དམིགས་ཡུལ་ལ་ཕན་མི་ཐོག་པར་མ་ཟད་གནོད་སྐྱོན་འབྱུངས་མྱོང་། གང་ལྟར་ཨ་རིའི་སྲིད་འཛིན་རང་གིས་བསམ་བློས་ཐོག་ནས་ཐག་གཅོད་བྱེད་རྒྱུ་མ་གཏོགས་རྒྱ་གཞུང་གི་སྐད་ཆ་ལ་ཉན་རྒྱུ་མ་རེད།
ཇི་འདྲའི་གཏམ་བཟང་ཞིག དགའ་སྤྲོད་ཡོད། དུས་བབ་ཚང་ལ་བཀའ་དྲིན་ཞུ།
འདི་ན་ཡང་དགའ་འོས་པའི་དོན་དག་ཞིག་ཡོད་ས་རེད་འདུག
མཇལ་འཕྲད་བྱུང་ན་ཡག་པོ་རེད་