རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་ཀྱི་ཟིན་བྲིས་སུ་བཀོད་པའི་གནས་ཚུལ་ལྟར་ན། ཕྱི་ཚེས་ ༡༩ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨ ནས་ ༡༢ བར་མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དུ་ཆར་ཞོད་ཆེན་པོ་བབས་ཏེ་མི་ ༤ ཙམ་ཆུས་འཁུར་ཡོད་པ་དང་། དེའི་ཁྲོད་ཀྱི་བྱིས་པ་ ༣ རྨ་ཆུ་རྫོང་མཚེ་རུ་མ་ཞང་ནས་ཡིན་ཞིང་། གཞན་དེ་གང་ནས་ཡིན་པ་ད་དུང་གསལ་ཁ་བྱུང་མི་འདུག དེ་བཞིན། རྨ་ཆུ་རྫོང་ལྷོ་ནུབ་མཚམས་སུ་ཡོད་པའི་བཀག་ཉར་ཁང་འཁྲིས་ཀྱི་ཆུ་རགས་ཤོར་ཏེ། བོད་པའི་སྡོད་ཁང་ ༡༥ ལྷག་དང་སྒོ་ར་མང་པོར་གཏོར་སྐྱོན་ཐེབས་ཡོད་པ་མ་ཟད། ཁྱིམ་ཚང་ཁག་ཅིག་གི་ ཅ་དངོས་མང་པོ་ཆུས་ཁུར་ཡོད་འདུག
གཞན། རྨ་ཆུ་རྫོང་གྲོང་མཁར་ལས་སྤྱི་ལེ་༢༠ སར་ཡོད་པའི་དངུལ་རྭ་སྡེ་བའི་རི་རྒྱལ་རུ་ཆེན་དང་། ཏར་ཆེན་རུ་ཆེན་གཉིས་ནང་ཆུ་ལོག་གིས་འབྲོག་པའི་སྡོད་ཁང་མང་པོར་གནོད་སྐྱོན་དང༌། ཕྱུགས་རིགས་ ༢༠ ལྷག་ཤི་སྐྱོན་ཐེབས་ཡོད་འདུག་ཀྱང་། ད་ལྟའི་ཆར་རྨ་ཆུ་རྫོང་གི་གཞུང་ངོས་ནས་གནོན་སྐྱོན་ཐེབས་ཡུལ་ལ་རོགས་སྐྱོར་དང་ཉེར་སྐྱོབ་སོགས་ཀྱི་བྱ་འགུལ་གང་ཡང་མགོ་འཛུགས་བྱས་ཡོད་མི་འདུག
དེང་སང་ཆུ་ལོག་གི་འཇིགས་པས་ཀྱང་བོད་པ་ཚང་ལ་སྙིང་རྗེ་ལྟ་བཞིན་མེད་པ་འདྲ། དངོས་ནས་ཡ་རེ་ང་། བྱིས་པ་དེ་དག་གི་ནང་མི་ཚོར་སྙིང་རེ་རྗེ། དངོས་ནས་ཕ་མ་དེ་དག་ལ་སྙིང་མ་རྗེ།