ད་ནངས་ཞོགས་པའི་ཆུ་ཚོད་ ༡༡ དང་སྐར་མ་ ༡༡ སྟེང་། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་ཉི་མ་རྫོང་ཁོངས་སུ་ཚད་རིམ་ ༥་༦ ཅན་གྱི་ས་ཡོམ་ཞིག་བརྒྱབས་ཡོད་པ་རེད། ས་ཡོམ་གྱི་ལྟེ་བ་དེ་སའི་གོ་ལའི་ཤར་ཐིག་ཚད་ ༣༡་༣ དང་བྱང་ཐིག་ཚད་ ༨༦་༡ ཀྱི་སྣོལ་མཚམས་ཁུལ་ཡིན་པ་དང་། སའི་གཏིང་རིམ་གྱི་འགུལ་ཡོམ་ཟབ་ཚད་ནི་སྤྱི་ལེ ༣༣ ཡིན་འདུག ས་ཡོམ་ལྟེ་བ་དེ་ཉི་མ་རྫོང་མཁར་གྲོང་ནས་སྤྱི་ལེ་ ༧༠ དང་མཚོ་ཆེན་རྫོང་མཁར་གྲོང་ནས་སྤྱི་ལེ་ ༩༠ ས་མཚམས་ཁུལ་ཡིན་འདུག རྒྱ་ནག་གི་འབྲེལ་ཡོད་ས་ཡོམ་བརྟག་དཔྱད་ཚན་པས་རྒྱ་ནག་གཞུང་འབྲེལ་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན་ས་ཁུལ་དེ་ནི་མཚོ་ངོས་ལས་རྨིས་ ༥༠༠༠ ཡོད་པའི་ས་བབས་མཐོ་བའི་ས་ཁུལ་ཅིག་ཡིན་པས་མི་གྲངས་འདུས་སྡོད་ཉུང་རྐྱེན་ཚོད་དཔག་བྱས་ན་གནོད་སྐྱོད་ཆེན་པོ་འབྱུང་མི་སྲིད་ཚུལ་བརྗོད་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
༧སྐྱབས་བསླུ་མེད་མགོན་གྱིས་གཟིགས་པར་འཚལ།།
ནང་བོད་འབུངས་མི་རྣམས་གཙོ་བྱས་པའི།།
འགྲོ་སེམས་ཅན་སྐྱིད་སྡུག་ལེགས་ཉེས་ཀུན།།
དུས་ནམ་ཡང་ནད་མེད་ཚེ་རིང་ཤོག།
དཀོན་མཆོག་མཁྱེན་གནོད་སྐྱོན་ཆེན་པོ་འབུང་མེད་པར་སྨོན།