མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རོགས་ཤིག་གནོངས་དང་།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༠ དགོང་མོ་ཨ་མདོ་རྨ་ཆུ་རྫོང་ལ་དྲག་ཆར་བབས་ཏེ། རྫོང་མཐའ་འཁོར་གྱི་འབྲོག་སྡེ་མང་པོ་ཞིག་ལ་ཆུ་ལོག་གི་གནོན་སྐྱོན་ཚབས་ཆེན་ཕོག་ཡོད་པ་མ་ཟད། རྨ་ཆུ་རྫོང་མཚེ་རུ་མ་ཞང་གི་མིང་ལ་བཀྲ་ཁོ་ཞུ་བའི་བུད་མེད་ཁེར་རྐྱང་ཞིག་གི་བྱིས་གསུམ་ཡང་ཆུས་ཁུར་ཡོད་འདུག ཨ་མ་བཀྲ་ཁོས་བྱིས་པ་དག་སློབ་གྲྭར་བསྐྱལ་འདོད་ཀྱིས་ལོ་འགའི་གོང་ནས་རྨ་ཆུ་རྫོང་གི་ཉེ་འཁོར་དུ་ཡོང་ནས་ཞོར་ལས་ལ་བརྟེན་ཏེ། ཐབས་ཆག་གི་འཚོ་བ་ངན་ངོན་ཞིག་སྐྱེལ་གྱིན་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་དྲག་ཆར་དེས་ཁོ་ཚང་གི་ཁང་ཁྱིམ་གཏོར་ཅིང་ནར་མ་སོན་པའི་བྱིས་པ་གསུམ་པོ་ཆུས་ཁུར་ཡོད་འདུག ད་ལྟ་ཤུལ་དུ་ལུས་པ་ནི་ཁོ་མོ་དང་དབང་བོ་སྐྱོན་གྱི་བུ་མོ་གཅིག རང་བྱུང་གནོད་འཚེ་འོག་བཅག་ཉིལ་དུ་བཏང་བའི་བེད་མེད་ཀྱི་བཅའ་དངོས་འགའ་བཅས་ཡིན་འདུག

 

གོང་གི་དོན་རྐྱེན་དེའི་ཐད་ཧི་གཟུགས་དྲ་བར་གནས་ཚུལ་སྤེལ་དོན། དྲག་ཆར་དང་ཆུ་ལོག་གིས་མི་དམངས་ཀྱི་སྡོད་ཁང་མང་པོ་ཞིག་ཆུས་ཁུར་ཏེ། རྒྱུ་ནོར་ལ་གྱོང་གུད་མི་ཆུང་བ་ཞིག་ཐེབས། དེ་ལས་གལ་ཆེ་བ་ནི་ལོ་འགའི་སྔོན་དུ་བྱིས་པ་སློབ་གྲྭར་མངག་པར་དམིགས་ནས་རྫོང་ ཐོག་ཏུ་ཡོང་སྟེ་ཞོར་ལས་བགྱིས་ནས་རང་ཁ་རང་གསོ་བྱེད་ཀྱིན་པའི་དབུལ་ཕོངས་ཀྱི་ཁྱིམ་ཚང་ཞིག་ལ་ཆུ་ལོག་དྲག་ཏུ་རྒྱུགས་ཏེ། ཁྱིམ་ཚང་གི་རེ་བའམ་བསོད་ནམས་སུ་སྒོམ་པའི་བྱིས་པ་གསུམ་པོ་ཆུས་ཁུར་སོང༌། བྱིས་པ་གསུམ་གྱི་ཨ་མ་ནི་ངང་ཚབ་དང་སྐྱོ་སྡུག་གིས་ཇི་ལྟར་གདུང་ནའང༌། རང་གི་བགྲོད་ལམ་ཡང་མི་མཐོང་བའི་མུན་ནག་གི་ཁྲོད་ནས་བྱིས་པ་ཚོ་འཚོལ་དུ་ཅི་ལྟར་འགྲོ།



ད་ནངས་ཞོགས་པར་ང་རང་ས་དེར་འབྱོར་དུས་ཁ་ཆག་སྣ་རལ་དུ་གྱུར་བའི་ཁྱིམ་ཤུལ་དག་དང༌། བྱིས་པ་གསུམ་གྱི་ཨ་མའི་ངུ་ངག་གིས་བདག་གི་མགོ་རུས་སྐམ་པོའི་གསེང་ནས་མིག་ཆུ་བཙན་གྱིས་བཙིར་བྱུང༌། ཡིད་ཕངས་པ་ཞིག་ལ། ཆུ་ལོག་གིས་གནོད་སྐྱོན་ཐེབས་པའི་ཁྱིམ་ཚང་གི་བདག་མོ་དེ། ཡོང་སྒོ་བཙལ་མཁན་ནི་དབང་བོ་སྐྱོན་ཅན་ཞིག་ཡིན་པ་མ་ཟད་བུ་མོ་ནད་པ་ཞིག་ཀྱང་གཉོར་རྒྱུ་འདུག ཁོ་མ་བུ་གཉིས་ཀྱི་རྗེས་ཕྱོགས་ཀྱི་འཚོ་བར་དཀའ་ངལ་འཕྲད་རྒྱུ་ཡིན་པ་སྨྲས་མ་དགོས་པ་ཞིག་རེད། ཁྲག་གསོག་རྣག་གསོག་བྱས་པའི་རྒྱུ་ནོར་དང་དཔྲལ་བའི་མིག་ལྟར་གཅེས་པའི་བྱིས་པ་ཚོ་ཆུས་ཁུར་སོང་སྟབས། ཁོ་མོ་གཉིས་ཡིད་ཐང་ཆད་དེ་མུ་མཐུད་དུ་འཚོ་བའི་འདུན་པ་གཞི་ནས་མི་འདུག



ང་ནི་ཉམ་ཆུང་འཁོས་ཞན་གྱི་སློབ་མ་དཀྱུས་མ་ཞིག་ཡིན་པས་རིགས་རུས་གཅིག་པའི་ཁོ་ཚོར་རོགས་རམ་ཅི་ཡང་བྱེད་མ་ཐུབ། དེ་བས་ངས་འདི་ནས་ཁ་བ་རུ་བའི་ནང་མི་སྤུན་ཟླ་དག་ལ་རེ་བ་ཞིག་ཞུ་རྒྱུ་ཡོད་པ་ནི། ཁྱེད་ཅག་གིས་ཁོང་མ་བུ་གཉིས་ཀའི་རྗེས་ཕྱོགས་ཀྱི་འཚོ་བར་ཐུབ་ཚོད་ཀྱིས་མཐུན་རྐྱེན་རེ་སྦྱོར་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེའོ།།
འབྲེལ་གཏུགས་ཁ་པར་ ༡༣༨༩༣༩༩༥༤༡༥  ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༡༣ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 3

  1. རྩེ་སྐར། says:
    ལོ་ 17 སྔོན།

    བྱ་བ་འདི་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། ཡིན་ནའང་། རང་ཕྱོགས་ན་བལྟ་མཁན་མེད་པར་དོ་སྣང་མ་བྱུང་བ་དང་། འཁུར་དུ་མ་བླངས་པ། ཕྱོགས་འཛིན་གྱིས་བརྡ་ཁྱབ་མ་བཏང་བ་སོགས་ཀྱི་དབང་གིས་འདི་ལས་ལྷག་པའི་ཉམ་ཆུང་ནི་མ་མཐོང་མ་ཤེས་ས་ན་ཁེངས་ནས་ཡོད་པས། ལྷག་བསམ་དག་པས་སྟོང་ཕོད་གྱི་ཕྱག་ཟུང་རིང་དུ་ཡོད་མཁན་ཚོས་ནི་འདི་དང་འདི་ལྟ་བུར་ཡོད་ཚོད་ནུས་ཚོད་ཀྱིས་མུ་ནས་མུ་རུ་སྦྱིན་གཏོང་གནང་རྒྱུ་ནི་མི་རུ་སྐྱེས་པའི་བྱ་བ་རླབས་ཆེན་ཞིག་རེད་ལ། དེ་བཞིན་ཀུན་སློང་དག་པས་ཉམ་ཆུང་གི་ཕྱོགས་ཁ་བལྟ་མིག་བལྟ་བྱས་ནས་རོགས་སྐྱོར་སློང་དངུལ་གྱི་སྐུལ་བརྡ་གཏོང་མཁན་ཚོས་ཀྱང་རང་གི་ཉེ་ས་ཁོ་ན་ནས་མི་བལྟ་བར་ཡོངས་ཁྱབ་རྒྱ་ཁྱབ་ཀྱིས་བལྟས་ཏེ་བྱ་བ་བཟང་པོ་འདི་བསྒྲུབ་རྒྱུའི་རེ་བ་ཡོད། མ་ཟད་ཕྱོགས་ཁག་ནས་རོགས་དངུལ་བསྡུ་གསོག་བྱས་པ་དེ་ཡང་ཁྲ་ཁྲ་ཟང་ཟིང་མིན་པར་དམ་གཙང་སྤུས་གཙང་གིས་ཕ་རོལ་པོའི་ལག་ཏུ་དངོས་སུ་རྩིས་འབུལ་ངེས་འབྱོར་བྱེད་ཐུབ་པ་དགོས་རྒྱུ་ནི་དེ་བས་ཀྱང་གལ་གནད་ཆེ་ཞིང་ཡིད་གཟབ་བྱ་དགོས་པ་ཞིག་ཏུ་སེམས་སོ།། སྐད་ཆ་འདི་དྲན་སྐུལ་ཙམ་ཡིན་པས་ཐུགས་བློ་དང་མི་མཐུན་པའི་འགལ་ཆ་ཡོད་ན་དགོངས་དག་ཞུ།
    རྩེ་སྐར་རམ་འགར་ཚེ་རྒྱལ་གྱིས།

    Reply
  2. སྐར་མ། says:
    ལོ་ 17 སྔོན།

    སློབ་བུ་ལགས། ངས་ཁྱོད་ལ་ཐབས་ཤེས་ཤིག་བཤད། ཨ་རིའི་ལུང་པ་ཁ་ལེ་ཧྥོར་ནེ་ཡ་ཞེས་པ་དེར། བུ་མོ་ལོ་ ༥ ཅན་ཞིག་གིས་མི་ ༡༨༠༠ ལྷག་གི་ལྟོག་སྐོམ་བསལ་བ་རེད། དེ་ཇི་ལྟར་བསལ་བ་རེད་ཟེར་ན། ཉིན་ཞིག་མོ་བུ་བཅོལ་ཁང་ནས་ཕྱིར་རང་ཁྱིམ་ལ་ཡོང་ཁར་རྒད་པོ་ཞིག་གིས་སྦྱར་ཤིང་ཞིག་གི་ཐོག་ཟ་མ་སློང་བཞིན་པ་བྲིས་ཡོད་པ་མཐོང་བ་རེད། མོ་རང་གིས་ཕྱིར་ཡོང་ནས་ཕ་མ་གཉིས་ལ་དྲི་བ་སྤྱིར་བཏང་བ་ཞིག་གི་ལམ་ནས་སྐད་ཆ་དྲིས་པ་རེད། མོས། ཅིའི་ཕྱིར་མི་འདི་འདི་འདྲའི་སྐྱོ་བོ་ཆགས་པ་དང་། སྲང་ལམ་ལ་ཡོང་ནས་སློང་མོ་རྒྱག་དགོས་དོན་ཅི་རེད། ཅེས་དྲིས་པ་རེད།
    མོ་རང་གིས་ཕ་མ་གཉིས་ལ། ང་ཚོས་ཁོང་ཚོར་རོགས་པ་ག་རེ་བྱ་ཐུབ་གི་རེད། ཅེས་དྲིས་སྐབས། ཕ་མ་གཉིས་ཀྱིས་སློང་མོ་བ་ཚོར་རོགས་པ་བྱེད་མཁན་ཡག་ཤོས་དེ་ཟས་མཛོད་ཁང་ food bank ལ་འགྲོ་དགོས་པ་རེད་ཅེས་བཤད་པ་རེད།

    མོ་བུ་བཅོལ་ཁང་ལ་སོང་ནས་ཀྱང་དགེ་རྒན་ལའང་དེ་ལྟར་དྲིས་པ་རེད། མཐའ་མ་དེར་མོས། མི་དེ་དག་གི་ཆེད་དུ་ཞལ་འདེབས་བསྡུ་རྒྱུ་ཡིན་ཅེས། ཉིན་དེ་ནས་བཟུང་མོས་ཟླ་བ་གཉིས་ཀྱི་རིང་ཨ་སྒོར་ ༡༠༠༠ བསྡུ་རྒྱུའི་ལས་གཞི་བརྩམས་པ་རེད། དེ་བཞིན་མངར་ཆུའི་ལྕགས་ཀྲིན་བསྡུ་རུབ་ཀྱིས་བཙོང་སྟེ་དངུལ་བསག་པ་རེད། མོས་ཐོག་མར་རང་གི་ཉེ་འཁོར་གྱི་ཁྱིམ་མཚེས་དང་གྲོགས་པོ་གྲོགས་མོ་སོགས་ལས་ཞལ་འདེབས་བསྡུ་བ་དང་། ཁྱིམ་མཚེས་དག་གི་སར་ནས་མངར་ཆུའི་ལྕགས་ཀྲིན་དག་བསགས་པ་རེད། རིམ་བཞིན་བུ་མོ་ལོ་ ༥ ཅན་ཞིག་གིས་འདི་ལྟའི་སེམས་ཆེན་པོ་ཞིག་ཁྱེར་ནས་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་བཞིན་པ་ཁྱབ་པར་བརྟེན། མི་ངོ་ཤེས་མི་ཤེས་ཚང་མས་ཞལ་འདེབས་བསྡུ་བ་དང་ལྕགས་ཀྲིན་ཁྱེར་ཡོང་ནས་མོར་སྤྲད་པ་རེད། དེ་ལྟར་མོས་ཟླ་བ་གཉིས་ཀྱི་རིང་ལ་ཨ་སྒོར་ ༣༧༢༦།༣༠ བསྡུ་རུབ་ཀྱིས་ཟས་མཛོད་ཁང་དུ་སྤྲད་པ་རེད། ཁོང་ཚོས་རྩིས་བརྒྱབས་དུས་དངུལ་སྒོར་དེས་མི་ ༡༨༠༠ ཡུ་ལྟོག་སྐོམ་སེལ་ཐུབ་ཀྱི་འདུག་ཅེས་བཤད་ཀྱིན་འདུག

    ད་དུང་དྲི་བ་ཆེ་ཤོས་ནི། བུ་མོ་ཆུང་ཆུང་འདི་འདྲ་ཞིག་གིས་དོན་དག་འདི་ལྟ་བུ་ཐག་གཅོད་ཐུབ་ཀྱི་ཡོད་ན། མི་དར་མ་དང་བསམ་ཤེས་ཚོས་ཅི་ཞིག་གི་དོན་དུ་ལས་ཀ་འདི་འདྲ་སྒྲུབ་མ་ཐུབ་པ་རེད།

    འདི་ནི་ང་ཚོས་ཀྱང་ཤེས་དགོས་པའི་གྲས་རེད། རོགས་རམ་གྱི་གོམས་གཤིས་དང་སྤྱི་ཚོགས་ཞབས་ཞུའི་ལས་ཀའང་གོམས་དགོས་པ་རེད།

    འདི་ལྟར་བྱས་ན་གོང་གསལ་མ་བུ་གཉིས་ལའང་ང་ཚོས་རོགས་པ་རེ་བྱེད་ཐུབ་གི་རེད། སེམས་ཤུགས་མ་ཆག ཁྱོད་ཀྱི་རེ་བ་འགྲུབ་གི་རེད། ཁོང་མ་སྨད་གཉིས་ལ་དངོས་གནས་རོགས་པ་དགོས་པའི་དུས་ཤིག་རེད།
    སེམས་ཞིག་ཡོད་ན་རོགས་ཤིག་བྱེད་རོགས།

    Reply
  3. ནོར། says:
    ལོ་ 17 སྔོན།

    ༀ་མ་ཎི་པདྨེ་ཧྰུཾ། ༀ་མ་ཎི་པདྨེ་ཧྰུཾ།
    ༀ་མ་ཎི་པདྨེ་ཧྰུཾ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese