མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཆེན་པ་ཞིག་བྲོས་བྱོལ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་རིགས་ཞིབ་འཇུག་སློབ་མ་ལོའུ་ཅན་ཡོན་ལ་རྒྱ་ནག་གཞུང་གིས་བཙན་གནོན་དང་སུན་གཙེར་བཟོས་མཐར་ཨ་རིའི་ནང་བྲོས་བྱོལ་དུ་ཆས་ཡོད་འདུག 

གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་སྤྱི་ཟླ་ ༤ བའི་ནང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་༧གོང་ས་མཆོག་དང་ཐུག་འཕྲད་བྱས་པའི་རྒྱ་ནག་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་སློབ་གླིང་གི་ཞིབ་འཇུག་སློབ་མ་ལིའུ་ཅན་ཡོན་ཟླ་འདིའི་ཚེས་ ༡༩ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་རྗེར་སེ་ནང་བྲོས་བྱོལ་དུ་འབྱོར་ཡོད་འདུག་ལ།  ཁོང་ཉིད་བྲོས་བྱོལ་དུ་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་གཞུང་གིས། ཁོང་འདི་ལོ་སྤྱི་ཟླ་ ༤ བའི་ནང་བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གཞུང་གི་ལངས་ཕྱོགས་དང་ལྟ་བ་མི་མཐུན་པའི་ཕྱི་སྡོད་རྒྱ་རིགས་ཁག་ཅིག་དང་ཐུག་འཕྲད་བྱས་ཡོད་པའི་རྐྱེན་བྱས་ཏེ། འདི་ལོའི་སྤྱི་ཟླ་ ༥ བའི་ནང་ཁོང་ཏཱ་ལའི་བླ་མ་དང་ཕྱི་སྡོད་དམངས་གཙོ་དོན་གཉེར་བར་འབྲེལ་བ་ཡོད་པའི་དོགས་གཞིའི་འོག  ཁོ་རང་གི་ཞིབ་འཇུག་སློབ་མའི་ཐོབ་ཐང་ཕྱིར་བསྡུ་བྱས་ཡོད་པ་མ་ཟད། སློབ་གྲྭ་ནས་ཕྱིར་འབུད་བཏང་ཡོད་འདུག་ལ།  གནས་ཚུལ་ཤེས་གསལ་ལྟར་ན། ཆུ་ཚོད་ ༡༠ རིང་འདྲི་གཅོད་བྱས་ཏེ་གཅར་རྡུང་དང་སུན་གཙེར་བཟོས་ཡོད་པ་རེད། དེ་བཞིན་རྒྱ་ནག་ཉེན་རྟོག་མི་སྣས་ཁོང་ལ་རྗེས་འདེད་ཀྱིས་ཁོང་གི་ནམ་རྒྱུན་གྱི་འཚོ་བར་འགོག་རྐྱེན་དང་ལྟ་རྟོག་ནན་མོ་བྱས་མཐར་རང་ཡུལ་ནས་ཁ་བྲལ་དགོས་བྱུང་ཡོད་འདུག

གནས་ཚུལ་འདིའི་ཐད་ཁོང་གིས་གསར་འགྱུར་བརྒྱུད་ལམ་དུ་བརྗོད་དོན། ད་ལྟ་ང་རང་དབང་གི་གནས་སུ་སླེབས་པ་རེད། ཡིན་ནའང་། ང་རང་ཕྱི་རོལ་དུ་མ་སླེབས་པའི་ཡར་སྔོན་དུ་རྒྱ་ནག་ཉེན་རྟོག་མི་སྣས་ང་ལ་འདྲི་གཅོད་དང་གཅར་རྡུང་བྱས་བྱུང་ལ། སྐབས་དེར་ཁོང་ཚོས་ང་ལ་བཏོན་པའི་ཐོག་མའི་དྲི་བ་ནི། ཕྱི་རོལ་དུ་གནས་ཚུལ་འདྲ་མིན་ཁྱབ་བསྒྲགས་བྱས་ཡོད་མེད་དང་ཕྱི་སྡོད་རྒྱ་རིགས་ཀྱི་དམངས་གཙོ་ཚཽགས་པའི་ནང་འཛུལ་ཞུགས་བྱས་ཡོད་མེད། དེ་བཞིན།  ཕྱིར་རང་རྒྱལ་དུ་ལོག་དོན་དང་ལས་དོན་ཅི་ཞིག་སྒྲུབ་རྩིས་ཡོད་མེད་སོགས་དང་། གཞན། ཏཱ་ལའི་བླ་མའི་བོད་རང་བཙན་སླར་གསོའི་སྐོར་ལ་རྒྱབ་སྐྱོར་གནང་གི་ཡོད་མེད་སོགས་གནས་ཚུལ་མང་པོ་ཞིག་དྲིས་འོང་གི་འདུག ང་ལ་མཚོན་ན་གནས་ཚུལ་འདི་དག་ནི་ཁོང་ཚོས་རྫུན་བཟོ་བྱས་པའི་གནས་ལུགས་ཤིག་ཏུ་ངོས་འཛིན་བྱས་ཡོད་སྟབས། དངོས་གནས་དགོད་བྲོ་བའི་གནས་ལུགས་ཤ་སྟག་རེད། ང་རང་བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལོའུ་ཏོན་ཞུན་དང་མཇལ་འཕྲད་གནང་བ་ནི་ངས་རང་ཉིད་ཀྱི་གུས་ཞབས་རང་བཞིན་གྱི་མཇལ་མོལ་ཞིག་ཡིན་པ་ལས། དེ་ལ་ཆབ་སྲིད་ཀྱི་གནད་དོན་ཅི་ཡང་མེད། ཡིན་ནའང་། རྒྱ་ནག་གཞུང་གིས་གནད་དོན་འདི་དང་འབྲེལ་བའི་ཐོག་ང་ལ་མི་ལོ་བཅུའི་བཙོན་འཇུག་བྱ་རྒྱུ་ཡིན་ཚུལ་བརྗོད་བྱུང་ལ། ནམ་རྒྱུན་རྗེས་འདེད་བྱས་ཏེ་རང་ཡུལ་དང་བྲལ་མི་ཆོག་པས་ང་རང་འདུག་ཐབས་བྲལ་ཞིང་ཉེན་ཁའང་ཆེ་སྟབས་ང་ཕྱི་ཕྱོགས་སུ་ཡོང་དགོས་བྱུང་བ་ཡིན། ཐེངས་འདིའི་ཉེས་འཛུགས་འདི་ནི་རྒྱ་ནག་གཞུང་གིས་ང་ལ་བསྙོན་འཛུགས་བྱེད་ཐབས་ཤིག་རེད། ཅེས་བརྗོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 4

  1. ཕོ་ཉ། says:
    ལོ་ 17 སྔོན།

    རྒྱ་རིགས་སློབ་མ་ལའོ་ཅན་ཡོན་སྐྱབས་བཅོལ་དུ་འབྱོར་ནས་གཞུམ་པ་མེད་པའི་སྙིང་སྟོབས་ཆེན་པས་དམངས་གཙོ་སྣེ་འཁྲིད་ཐུབ་པའི་རེ་བ་ཡོད་།

    Reply
  2. ཁྲག says:
    ལོ་ 17 སྔོན།

    རྒྱ་རྒན་ཚོས་ཨ་རིའི་ཡིག་ཆ་ཞུ་ཐབས་ལ་རྒྱའི་ཁྲིམས་ཞིབ་པའི་མདུན་ནས་རྩ་རླུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པ་དང་ཡེ་ཤུ་བ་སོགས་རིགས་མང་བོ་ཞིག་གདམ་རྒྱུ་ཡོད་ཐོག་ལ་ད་ཡང་བོད་དོན་འདི་ཡང་དེའི་གྲས་སུ་བཅུག་པ་རེད་དམ། ལྟོས་དང་། བོད་དོན་རིན་པོ་ཆེ་འདི་རྒྱའི་ཡོན་ཏན་པ་རྣམས་ལ་ཅི་འདྲའི་ཕན་ཐོགས་ཞིག་འདུག

    Reply
  3. ཚ་ཕྲུག་འདུན་མཚོ་ says:
    ལོ་ 17 སྔོན།

    ལའོ་ཅན་ཡོན་ཨ་རིར་འབྱོར་ཐུབ་པ་ནི་ཁོང་གི་ཁོང་དང་ཤ་ཁྲག་གཅིག་པའི་སྤུན་
    ཟླ་ས་ཡ་མང་པོའི་ཆེད་དུ་ལས་འགན་སྒྲུབ་རྒྱུ་ལམ་བུ་གསར་པ་ཞིག་རག་ཡོད་ལ་
    ཁོང་རྒྱ་ནག་གཞུང་གིས་སློབ་གྲྭ་ནས་ཕྱི་འབུད་བྱས་པ་དེས་རྒྱ་ནག་གཞུང་གིས་རང་གི་མི་དམངས་ལ་རང་དབང་ཅི་ཙམ་སྤྲོད་ཀྱི་ཡོད་མེད་འཛམ་གླིང་སྟིང་དམར་རྗེན་དུ་སྟོན་པའི་གནས་ཚུལ་བཟང་པོ་ཞིག་ཀྱང་ཡིན་པས་དེ་ནི་རྒྱ་ནག་གཞུང་གིས་རང་གི་བྱ་སྤྱོད་ལ་ཐེ་རྟོག་བྱེད་མཁན་གསར་པ་ཞིག་རང་ཉིད་གི་སྐྲུན་པ་དང་གཉིས་སུ་མ་འཆིས་སོ།

    Reply
  4. ནད་པ says:
    ལོ་ 17 སྔོན།

    རྒྱ་རིགས་ཞིབ་འཇུག་སློབ་མ་ལའོ་ཅན་ཡོན་ཨ་རིར་སྐྱབས་བཅོལ་དུ་འབྱོར་བར་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད།

    ཁོང་ཉིད་རང་དབང་ཅན་གྱི་ལུང་པར་ཕེབས་ནས་རང་གི་ཤ་ཁྲག་གཅིག་པའི་རྒྱ་རིགས་སྤུན་ཟླ་ཡོངས་ལ་རང་དབང་དང་། དོན་དམ་གྱི་དབེ་སྐྱིད་ཞིག་འཐོབ་ཆེད་གཞུམ་པ་མེད་པའི་སྙིང་སྟོབས་ཆེན་པོས་སྣེ་འཁྲིད་ཐུབ་པའི་རེ་བ་ཞུ།

    གང་ཉིད་ཁམས་བཟང་དང་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese