མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གལ་ཆེ་ཤོས་ནི་བོད་དོན་གྱི་གླེང་གཞི་འདི་འབོར་མི་རུང་།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་ཏཱ་ལའི་བླ་མ་འཇར་མན་དུ་འཚམས་གཟིགས་སུ་ཕེབས་ཡོད་པ་རེད། འདི་ནི་ཁོང་འཇར་མན་ལ་འཚམས་གཟིགས་སུ་ཕེབས་ཐེངས་ ༣༥ པ་དེ་ཆགས་ཡོད་པ་དང་། བོད་མི་རིགས་ཀྱི་བསམ་བློའི་དབུ་ཁྲིད་འདི་ཉིད་ཕེབས་ཡུལ་གྱི་ས་ཁུལ་དག་གི་སེར་སྐྱ་མང་ཚོགས་ནས་སྔོན་དང་འདྲ་བར་ལྷག་བསམ་ཁོལ་བའི་དགའ་བསུ་ཐོབ་ཡོད་པ་རེད། དེར་མ་ཟད། ཐེངས་འདིར་ཕེབས་ཡུལ་གཙོ་བོ་ཧེ་སེ་ Hesse མངའ་སྡེའི་བློན་ཆེན་རོ་ལན་ཌི་ཁོ་ཆི་ Roland Koch ལགས་ནི་ཏཱ་ལའི་བླ་མ་ཁོང་གི་བློས་ཐུབ་གྲོགས་པོའང་རེད། དེ་བས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་རཱལ་ཧྥུ་བྷུ་ཆེན་རྗེར་  Ralf Buchinger ལགས་ཀྱིས་ཁ་པར་བརྒྱུད་མངའ་སྡེ་བློན་ཆེན་མཆོག་ལ་ཏཱ་ལའི་བླ་མའི་འཚམས་གཟིགས་དང་འབྲེལ་ཏེ་བོད་ཀྱི་གནད་དོན་སེལ་ཐབས་ཐད་བཅར་འདྲི་བྱས་པ་ཡིན།
 
རླུང་འཕྲིན།  སྐུ་ཞབས་ཁོ་ཆི་ལགས། ཏཱ་ལའི་བླ་མས་ང་ཚོ་ཡུ་རོབ་གླིང་གི་མི་དམངས་ལ་ཐེབས་པའི་ཡིད་འགུག་གི་ནུས་བ་འདིར་ཁྱེད་རང་ངོས་ནས་ཇི་ལྟར་འགྲེལ་བཤད་སྐྱོན་གིན་ཡོད།
ཁོ་ཆི།  གཅིག་ནི་མི་དམངས་ཀྱི་ཆོས་ལུགས་དད་མོས་ཀྱི་རེ་སྙེག་ཅིག་རེད། ཏཱ་ལའི་བླ་མས་མཚོན་པའི་བོད་བརྒྱུད་ནང་བསྟན་ནི་མི་ཁག་ཅིག་ལ་མཚོན་ནས་བཤད་ན། ཡི་ཤུ་ཆོས་ལུགས་ཕུད་པའི་དད་མོས་གཞན་ཞིག་གི་གདམ་ཀའང་རེད། ཕྱོགས་འདིའི་ཐད་ནས་ང་ལ་འགྲེལ་བཤད་དེ་ཙམ་ཞིག་ལས་གཞན་མེད། རྒྱུ་མཚན། ང་རང་ཉིད་གནས་ཚུལ་འདིའི་ཁྲོད་དུ་མི་ཚུད་པས་རེད། ཡིན་ནའང་། ངས་དེའི་སྐོར་གྱི་སྣང་ཚུལ་དེ་ཤེས་རྟོགས་བྱེད་ཐུབ།  ལྷག་པར་དུ་ཧྥུ་རན་ཁུ་ཧྥུར་ཊི་ Frankfurt  ཚོང་དོན་དངུལ་ཁང་གི་ལུས་རྩལ་ར་བའི་ནང་ཏཱ་ལའི་བླ་མའི་སངས་རྒྱས་ཆོས་ལུགས་སྐོར་གྱི་བཀའ་སློབ་དེས་མི་མང་པོར་ཡིད་འགུག་ཐེབས་པ་དེར་དོ་སྣང་ཆེན་པོ་བྱུང་ཡོད། གཞན་ཞིག་ནི། ངས་བསམ་ན། ང་རང་ཐེ་བའི་མི་མང་པོ་ཞིག་གིས་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་དང་མཐོང་ཆེན་བྱེད་བཞིན་ཡོད་ངེས། དེ་ནི་ཁོས་རང་གི་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་ལ་སྲུང་སྐྱོབ་དང་། མི་རིགས་ཡུན་གནས་ཀྱི་ཐད་ལ་འབད་བརྩོན་གནང་པར་མ་ཟད། འཛམ་གླིང་སྟེང་མི་རིགས་གཞན་མང་པོ་ཞིག་དང་མི་འདྲ་ས་ནི། ཁོང་གི་འབད་བརྩོན་ཐམས་ཅད་ནི་ཞི་བདེ་ཁོ་ནའི་ལམ་ནས་གནང་གིན་ཡོད་པའི་རྐྱེན་གྱིས་རེད།  གསུམ་པ་ནི་ཁོང་མི་སྒེར་གྱི་རང་གཤིས་ལའང་འབྲེལ་བ་ཡོད་བསྡད་པ་ཞིག་ཡིན་པ་སྨྲས་མ་དགོས་པ་རེད།

རླུང་འཕྲིན།  མི་འགའ་ཤས་ཀྱིས་ཏཱ་ལའི་བླ་མའི་ཐེངས་འདིའི་རྒྱ་ཆེ་བའི་གཏམ་བཤད་དེ། དཔེར་ན། ཧྥུ་རན་ཁུ་ཧྥུར་ཊིའི་ཚོང་དོན་དངུལ་ཁང་གི་ལུས་རྩལ་ར་བར་གནང་བའི་སངས་རྒྱས་ཆོས་ལུགས་སྐོར་གྱི་གཏམ་བཤད་ནི། དཔལ་འབྱོར་ཁོ་ནའི་ཐད་ཀྱི་བྱ་འགུལ་ཙམ་ཡིན་པར་བཤད།  ཁྱེད་ཀྱིས་ལྟ་ཚུལ་འདིར་ལན་ཅི་ལྟར་སྐྱོན་གྱི་ཡིན།
ཁོ་ཆི།  ངས་ཁ་གསལ་པོའི་སྒོ་ནས་བརྗོད་རྒྱུར། ངས་ཏཱ་ལའི་བླ་མའི་ཆོས་ལུགས་ཀྱི་བྱ་འགུལ་ལ་ཐེ་གཏོགས་བྱེད་ཀྱི་མིན། ང་རང་ཉིད་ལུས་རྩལ་ཐང་དུ་འགྲོ་གི་མ་རེད། ཡིན་ནའང་། ངས་ངོ་ཤེས་པའི་མི་མང་པོ་ཞིག་གིས་ཏཱ་ལའི་བླ་མར་དངོས་སུ་ཞལ་མཇལ་ཐུབ་པ་བྱུང་བར་དགའ་སྤྲོ་ཚད་མེད་སྐྱེས་བཞིན་འདུག ལུས་རྩལ་ཐང་ཆེན་དེ་གར་དེང་རབས་ཀྱི་གཞས་པ་དག་གིས་གླུ་གཞས་མཚན་ཚོགས་ཀྱི་བྱ་འགུལ་ཞིག་སྤེལ་བ་དེའི་འཛིན་བྱང་གི་ཡོངས་སྒོ་ནི་སྤྱིར་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱི་ཆེད་ཡིན་སྲིད་མོད།  ཡིན་ནའང་། དོན་དངོས་ཐོག་འཛིན་བྱང་གི་ཡོང་འབབ་སྒོར་མོ་ཡོད་ཚད་བྱ་འགུལ་འདི་སྤེལ་མཁན་གྱི་རྩ་འཛུགས་ལས་གཞིའི་ཐད་བཏང་བ་རེད།

རླུང་འཕྲིན།  གཤམ་ནས་ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་ཐུགས་རེ་སྟེ། བོད་མི་རྣམས་ཀྱི་རང་དབང་གི་ཐོབ་ཐང་རྩོད་ལེན་གྱི་སྐོར་ནས་གླེང་མོལ་ཞིག་བྱེད། ཁྱེད་རང་ནི་ཁོང་གི་གྲོགས་པོ་ཡིན་པས་ཆ་ནས་་ལས་དོན་དེའི་ཐད་རོགས་རམ་ཅི་ཞིག་གནང་ཐུབ་ངེས།
ཁོ་ཆི།  འདས་པའི་ལོ་མང་པོའི་རིང་ངས་རང་ཉིད་ཀྱི་བློ་འདྲི་ཡུལ་ཞིག་ལ་ངོས་འཛིན་གནང་གི་ཡོད་ལ། གཞན་ཡང་ཡུ་རོབ་གླིང་དུ་ཕན་ཚུན་བར་འབྲེལ་བ་གནང་རོགས་བྱེད་བཞིན་ཡོད། དེའི་དམིགས་ཡུལ་ནི་བོད་ཀྱི་གནད་དོན་ཐད་ཐུགས་ཁུར་གནང་བཞིན་པའི་མི་རྣམས་ཀྱིས་མཉམ་དུ་ནུས་ཤུགས་བཏོན་ཏེ། མི་དམངས་ཀྱིས་གླེང་གཞི་འདི་མི་བརྗེད་པ་བྱེད་རྒྱུ་དེ་ཡིན། ཕྱོགས་གཅིག་ནས་གསར་ལམ་ཁག་གིས་གླེང་གཞི་འདི་མ་བརྗེད་པར་དཔྱད་གླེང་བརྒྱུད་དོ་སྣང་ཡོང་ཐབས་དང་། ཕྱོགས་གཞན་ཞིག་ནས། སྲིད་འཛིན་ལས་རིགས་དང་སྲིད་གཞུང་དག་གི་ཉིན་རྒྱུན་ལས་གཞིའི་ཁྲོད་གླེང་གཞི་འདི་བོར་བརླག་ཏུ་འགྲོ་མི་རུང་བའི་ཆེད་དུ་ཡིན། རྒྱུ་མཚན་ནི་མ་འོངས་པར་བོད་མིའི་དཀའ་ངལ་སེལ་ཏེ་ནམ་ཞིག་ཁོ་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རག་མིན་དང་། མི་རིགས་རང་གི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད།  ཆོས་དད་རང་དབང་གི་བདག་དབང་ཐོབ་རྒྱུ་དང་། དེ་མིན་རྒྱ་རིགས་གནས་སྤོར་གྱིས་ཁོ་ཚོ་རང་ཉིད་ཀྱི་ས་ཐོག་ནས་གྲངས་ཉུང་མི་རིགས་སུ་མི་འགྱུར་བའི་ཁག་ཐེག་ཅིག་ཡོང་མིན་བཅས་ཡིན། གལ་སྲིད་དཔྱད་གླེང་དང་སྲིད་འཛིན་ལས་རིགས་དག་གིས་ཐོག་མཐའ་བར་གསུམ་དུ་གནད་དོན་འདིའི་སྐོར་ལ་མུ་མཐུད་ནས་དོ་སྣང་དང་། རྒྱ་ནག་གིས་ཚོར་ཐུབ་པའི་རྒྱལ་སྤྱིའི་གནོན་ཤུགས་ཤིག་སྤྲོད་ཐུབ་པ་བྱུང་ན་ད་གཟོད་བརྡ་ལན་ཞིག་འབྱུང་གི་རེད།

རླུང་འཕྲིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནོན་ཤུགས་སྤྲོད་རྒྱུ་ནི་ཧ་ཅང་གི་ཁག་པོ་ཞིག་རེད། དཔེར་ན། འཇར་མན་གྱི་ཆབ་སྲིད་པ་དག་གིས་རྒྱ་ནག་དང་ཏཱ་ལའི་བླ་མའི་བར་དོ་མཉམ་གྱི་ལམ་བུ་ཞིག་འཚོལ་རྒྱུ་དེ་ཧ་ཅང་ཁག་པོ་རེད། ཐེངས་འདིའི་ཏཱ་ལའི་བླ་མའི་འཚམས་གཟིགས་ཇི་བཞིན། ཕལ་ཆེར་ཁྱེད་རང་མི་སྒེར་ཕུད་པའི་རྒྱལ་ཚོགས་ཀྱི་མཐོ་རིམ་ཆབ་སྲིད་པ་དག་གིས་ཁོང་ལ་མཇལ་འཕྲད་གནང་མེད་པ་རེད། ཁོ་ཚོའི་ཁྲོད་ཁ་བཤད་ཁོ་ན་ཙམ་ལས་ལག་ལེན་དངོས་ལ་གཞོལ་མཁན་ཧ་ཅང་ཉུང་ཉུང་རེད། དེ་འདྲ་ཞིག་རེད་དམ་མ་རེད།
ཁོ་ཆི།  མི་ཚང་མའི་ངོས་ནས་བཤད་ན། ཕྱོགས་གཅིག་ནས་ཤུགས་རྐྱེན་ཚད་ངེས་ཅན་ཞིག་བཟུང་ནས། རྒྱ་ནག་གི་མགོ་ཁྲིད་ཚོར་གདོང་ཐུག་རྒྱག་རྒྱུར་གཞོལ་བ་དང་། ཕྱོགས་གཞན་ཞིག་ནས་མི་དམངས་ཀྱིས་གནད་དོན་འདིའི་ཐད་གླེང་བརྗོད་དང་མུ་མཐུད་དོ་སྣང་ཡོང་བར་བྱེད་རྒྱུ་དེ་དངོས་གནས་ཁག་པོ་རེད། རྒྱལ་ཁབ་མི་ཉུང་བ་ཞིག་གིས་རང་ཉིད་ཀྱི་དཔལ་འབྱོར་ལ་ཤུགས་རྐྱེན་འབྱུང་བར་སྐྲག་སྣང་སྐྱེས་ཏེ་ཏཱ་ལའི་བླ་མ་གདན་ཞུ་གནང་གི་ཡོད་པ་མ་རེད། ཚང་མ་གནད་དོན་འདི་ལ་ཐུག་ཡོད་པ་རེད། ངས་བསམ་ན། མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ནི་ཧ་ཅང་ཁག་པོ་རེད། རྒྱུ་མཚན་ནི་རྒྱ་ནག་སྟོབས་ཆེན་རེད། དེར་མ་ཟད། གལ་སྲིད་མཐའ་གཅིག་ཏུ་ངོ་རྒོལ་གྱི་ལྟ་སྟངས་འཛིན་མཁན་ཞིག་བྱུང་ནའང་།  གཅིག་བྱས་ན་ཉམས་ཆུང་བའི་བོད་མི་རྣམས་ཀྱི་ངོས་ཐད་ནས་བཤད་ན་སྔར་བས་ཀྱང་ཉེན་ཁ་ཆེན་པོ་རེད། དེའི་རྐྱེན་གྱིས་ང་ཚོའི་དམིགས་ཡུལ་ནི། རྒྱལ་སྤྱིའི་ཆབ་སྲིད་དང་གླེང་བརྗོད་ཀྱིས་མུ་མཐུད་ནས་བོད་ཀྱི་གནད་དོན་ལ་དོ་སྣང་བྱེད་རྒྱུ་དེ་རེད། ངས་བསམ་ན་དེའི་ཕྱོགས་ནས་ཉེ་ཆར་གྱི་གནས་སྟངས་ལ་བལྟས་ནའང་ཅུང་ཙམ་ལེགས་པོ་བྱུང་འདུག ང་ཚོའི་རེ་བ་ནི་རྒྱ་ནག་གཞུང་དང་ཏཱ་ལའི་བླ་མའི་བར་ཡང་བསྐྱར་གསར་དུ་གྲོས་མོལ་མགོ་ཚུགས་ཐུབ་རྒྱུ་དེ་ཡིན། དེ་ནི་དམག་དོན་རང་བཞིན་ཅན་གྱི་དམིགས་ཡུལ་ཞིག་མ་ཡིན་པར་གླེང་མོལ་གྱི་སྒོ་ཕྱེ་རྒྱུ་ཙམ་རེད།

རླུང་འཕྲིན།  དེ་ལྟར་བཤད་ན། ཁྱེད་ཀྱི་བསམ་ཚུལ་ནི་ཕྱོགས་གཉིས་བར་གླེང་མོལ་བྱེད་རྒྱུ་དེ་ནི་ཆབ་སྲིད་ཀྱི་གནོན་ཤུགས་དྲག་པོ་ལས་ཀྱང་ཕན་ནུས་ལྡན་པ་ཞིག་རེད་འདོད་དམ།
ཁོ་ཆི།  རྒྱ་ནག་སྲིད་གཞུང་ནི་སྔར་བཞིན་སྒེར་གཅོད་རང་བཞིན་ལྡན་པའི་སྲིད་དབང་ཞིག་རེད། དེར་མ་ཟད། ཉེ་བའི་གནས་སྟངས་ལ་བལྟས་ནའང་བྱ་སྤྱོད་མཐའ་དག་གི་ནུས་ཤུགས་ཡོད་ཚད་ཁོའི་ལག་འོག་ཏུ་སྟངས་འཛིན་བྱས་འདུག དེར་བརྟེན། ང་ཚོའི་རེ་བ་ནི་རྒྱ་ནག་གི་མགོ་ཁྲིད་རིམ་པས་རང་གི་ཁེ་ཕན་ལ་བསམ་བློ་གཏོང་བའི་གོ་རིམ་ཁྲོད་ཀུ་ཡངས་བསམ་ཤེས་ཀྱི་ཕན་ནུས་ཀྱང་མཐོང་ཐུབ་པ་བྱེད་རྒྱུ་དང་། དེ་དང་མཉམ་དུ་ཁོ་ཚོ་རང་ཉིད་ལའང་ངོ་ཚ་ཁ་སྐྱེངས་མི་ཡོང་བ་བྱེད་རྒྱུ་གལ། འདི་ནི་ཏཱ་ལའི་བླ་མ་མི་སྒེར་གྱིས་རྒྱུན་འཁྱོངས་བྱེད་པའི་ལྟ་ཚུལ་ཡང་རེད། དེར་མ་ཟད། ཏཱ་ལའི་བླ་མས་ལོ་མང་པོའི་སྔོན་ནས་བཟུང་མའོ་ཙེ་ཏུང་གིས་མགོ་ཁྲིད་པའི་རྒྱ་ནག་སྲིད་གཞུང་ལ་འབྲེལ་འདྲིས་བྱས་པའི་བརྒྱུད་རིམ་གྱི་ཉམས་མྱོང་གི་ཐད་ནས་བལྟས་ན། ཞི་བདེ་ཡི་ལམ་ནས་རྒྱ་ནག་སྲིད་གཞུང་ལ་གོ་སྐོན་བློ་འགུག་ཡོང་ཐབས་བྱས་ཏེ་རྒྱ་ནག་གི་ངོ་གདོང་གཙང་མར་བསྒྱུར་བའི་ཐབས་ལམ་དེ་ནི་བློ་ཡིད་ལ་མི་ཤོང་བ་ཞིག་རེད། ང་ཚོའི་ངོས་ནས་སྒྲུབ་དགོས་པ་ནི། རྒྱ་ནག་གི་བཅའ་ཁྲིམས་ནང་དུ་གསལ་བོར་བཀོད་བའི་མི་རིགས་རང་སྐྱོང་བཅའ་ཡིག་གིས་གཏན་ལ་ཕབས་པ་དག་གནད་དུ་བཏོན་ཏེ། རྒྱ་ནག་སྲིད་གཞུང་གིས་མི་རིགས་མང་པོའི་རྒྱལ་ཁབ་འདིའི་མགོ་འཁྲིད་པའི་སྔོན་འགྲོའི་ཆ་རྐྱེན་འོག  གནད་དོན་ཐག་གཅོད་ཀྱི་ལམ་ཁ་ཞིག་རྙེད་རྒྱུ་དང་། དེ་དང་མཉམ་དུ་རྒྱ་ནག་སྲིད་གཞུང་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བརྩི་མཐོང་ཐོབ་རྒྱུ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་རང་བཞིན་གྱི་སྡང་སེམས་ལ་བརྟེན་དེ་རྒྱ་ནག་ལ་གནོན་ཤུགས་སྤྲོད་པའི་བྱེད་ཐབས་དེ་དུས་ཡུན་རིང་པོར་མུ་མཐུད་རྒྱུན་སྐྱོང་མི་ཡོང་བ་བྱེད་རྒྱུ་བཅས་རེད།
 
ཚེ་རིང་རྒྱལ་གྱིས་འཇར་མན་རླུང་འཕྲིན་ཁང་གི་རྒྱ་ཡིག་དྲ་ཚིགས་ལས་བོད་སྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. བསྟནའཛིན says:
    ལོ་ 17 སྔོན།

    very good

    Reply
  2. ཨ་མྱེ says:
    ལོ་ 17 སྔོན།

    རེ་བའི་ཉི་མ་ཆེན་པོ་ཞེས་འབོད་པ་ཐལ།་ད་དུང་འཛམ་གླིང་འདི་བརྗེད་མི་ཉན་གངས་རི་འདི་བཞག་མི་ཉན་ཨེ་མཁྱེན།

    Reply
  3. ཨ་མྱེ says:
    ལོ་ 17 སྔོན།

    རེ་པའི་ཉི་མ་ཆེན་ཞེས་འབོད་པ་ཐལ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese