མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་གི་མེ་རོ་ག་ནས་གསོ་གིན་འདུག འཇམ་དབྱངས་བསྟན་འཛིན་ཤཱསྟྲི།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཡིག་གི་བསྟན་པའི་མེ་རོ་ག་ནས་གསོ་བཞིན་འདུག

                     
                            འཇམ་དབྱངས་བསྟན་འཛིན་ཤཱསྟྲི། ཨ་རི་སན་ཀྲ་ཕི།

སྔ་ལོ་ཕྱི་ཟླ་ ༡༢ ཚེས་ ༧ ཉིན་ངས་དྷ་ཤོད་ཉེ་འགྲམ་དུ་ཆགས་པའི་མེས་དབོན་སློབ་གྲྭ་ཞེས་པ་ལྟ་འདོད་ཀྱིས་གངས་སྐྱིད་ནས་རྐང་ཐང་དུ་ཕྱིན་པ་ཡིན། ལམ་དུ་སློབ་གྲྭ་འདི་ལྟ་བུ་ཞིག་ཡུལ་ལུང་མེད་པའི་བོད་མི་ན་གཞོན་ཚོའི་མ་འོངས་པའི་མི་ཚེའི་མདུན་ལམ་ཇི་ལྟར་ཆགས་ཡོང་ངམ་བསམ་པའི་བློ་འཚབ་ཡང་ངང་གིས་སྐྱེས། དེ་ནས་རང་ཉིད་ཁ་སྐོམ་གྱི་གདུང་བ་སེལ་བའི་ཆེད་ལམ་ཁའི་ཟུར་དུ་བོད་པའི་ཟ་ཁང་ཞིག་འདུག་པས་དེར་འཛུལ་ཏེ་གསོལ་ཇ་ཞིག་གནང་རོགས་ཞེས་ཞུས་པ་ཡིན། ཇ་མངགས་རྗེས་ཟ་ཁང་དེའི་ནང་བུ་མོ་ཕལ་ཆེར་ལོ་བདུན་བརྒྱད་ལ་སོན་པ་ཞིག་གི་ལག་ཏུ་གཏོང་ཡིག་ཞིག་བྲིས་འདུག་པ་དེ་ང་ལ་བསྟན་རོགས་ཞེས་བཤད་པས་བུ་མོ་དེས་ཁོང་མོའི་བོད་ཡིག་གི་འཕྲིན་ཡིག་དེ་ང་ལ་བསྟན་བྱུང༌། ངས་བུ་མོ་དེར། ཁྱེད་རང་སློབ་གྲྭ་གང་ནས་ཡིན་ནམ། ཞེས་དྲིས་པར། བུ་མོ་དེས། ང་དཔེ་སྟོན་སློབ་གྲྭ་ནས་ཡིན། ཞེས་ལབ་བྱུང༌།    ངས་གཏོང་ཡིག་དེ་མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་པས་ཁོང་གི་ལོ་ཚོད་ལ་དཔག་པའི་བོད་ཡིག་གི་ཡིག་གཟུགས་ལེགས་པ་དང་གཅིག གཉིས་ནས་ཚིག་གི་གཅོད་མཚམས་ལེགས་པས་མ་ཚད་གོ་དོན་གསལ་ལ་སུས་ཀྱང་ཀློག་ཐུབ་པ་ཞིག་བྲིས་འདུག དེ་ལྟའི་གཏོང་ཡིག་དེ་མཐོང་མ་ཐག་ངའི་ཇ་འཐུང་རྒྱུ་དེ་ཡང་བརྗེད་དེ་བུ་མོ་དེའི་གདོང་ལ་བལྟས་ནས་ཐོན་མི་སམ་བྷོ་ཌ་ང་དང་མཉམ་དུ་འདིར་ཕེབས་ཡོད་ན་ཁོང་དགྱེས་ཚོར་གྱིས་ཐུགས་ཡོངས་སུ་ཚིམས་ཡོད་ངེས་རེད་བསམ་པ་དང༌། ཆབས་ཅིག་ངོས་ནས་དེ་སྔ་བོད་ཡིག་གི་བསྟན་པ་ཉམས་སོང་བསམ་པ་དེ་ཡང་ད་བསྟན་པའི་མེ་རོ་མེས་དབོན་སློབ་གྲྭ་ནས་གསོ་བཞིན་འདུག་བསམ་བྱུང༌། མ་ཟད་བུ་མོ་དེའི་སྐད་ཆ་ཤོད་སྟངས་དང་བོད་ཡིག་བྲིས་སྟངས་དེས། རང་གི་རིག་གཞུང་ལ་སྣང་ཆུང་དང་མཐོང་ཆུང་གཏོང་བཞིན་པའི་བོད་ཕྲུག་གཞན་ཚོར་དེ་ལྟར་བྱ་མི་འོས་པའི་དཔེ་སྟོན་ཞིག་ངང་གིས་སྟོན། དཔེ་སྟོན་སློབ་གྲྭའི་མིང་དོན་མཚུངས་འདུག་བསམ་པའི་དགའ་ཚོར་ངང་གིས་སྐྱེས། ཇ་གྲང་མོར་གྱུར་འདུག་པ་ཧུབ་གཅིག་གིས་བཏུང་སྟེ་བུ་མོ་དེར། མེས་དབོན་སློབ་གྲྭ་གང་དུ་ཡོད་དམ། ཞེས་དྲིས་པས་ཁོང་མོས་ང་ལ། ཇོ་ལགས། འདི་ནས་མར་ཕེབས་ཏེ་ལག་པ་གཡོན་གྱི་ཕྱོགས་སུ་ཕེབས་དགོས། དེ་ནས་ཁ་ཐུག་ཕེབས་ན་བོད་བཟོའི་དབྱིབས་ཅན་གྱི་རྒྱལ་སྒོ་ཞིག་གི་སྟེང་དུ་མེས་དབོན་སློབ་གྲྭ་ཞེས་བྲིས་ཡོད་པ་གཟིགས་ན་ནང་ལོག་ལ་ཕེབས་དགོས། ཞེས་ལམ་སྟོན་བྱས་བྱུང༌། བུ་མོ་དེའི་སྐད་ཆའི་ནང་དབྱིན་ཇི་དང་ཧིན་སྐད་གང་གི་ཡང་ལྷད་མེད་པར་བོད་སྐད་གཙང་མ་གཙང་རྐྱང་ཞིག་བརྒྱབས་པ་དེས། དེང་སང་ང་ཚོའི་སྤྱི་ཚོགས་ནང་ར་མ་ལུག་གི་བོད་སྐད་རྒྱག་མཁན་དེ་ཚོར་སྙིང་རྗེ་སྐྱེ་བ་དང་ཆབས་ཅིག་ཁོང་ཁྲོའང་ངང་གིས་སྐྱེས་བྱུང༌། སློབ་གྲྭའི་རྒྱལ་སྒོའི་ནང་དུ་འཛུལ་རྗེས་རྒྱལ་སྒོའི་ནང་དེར་རང་གི་ཕ་སྐད་བརྗེད་ན་ངོ་ཡང་ཚ་ཞེས་པའི་ཚིག་བཅད་གཅིག་འདུག་པས་ང་རང་ཕ་སྐད་མ་བརྗེད་པའི་ཐོག་ནས་བོད་ཡིག་བྲི་ཀློག་ཤེས་པ་དེའང་དགའ་སྤོབས་ངང་གིས་སྐྱེས་བྱུང༌། མ་ཟད་སློབ་གྲྭའི་རྩིག་གྱང་སྟེང་དེང་སང་རིགས་གཅིག་རྐང་འཛིན་གྱི་ཚ་རླབས་འཕྱུར་བཞིན་པ་ཚོར་ཡང༌།
༡ ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས།
 ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། རང་གི་འདོད་པ་དང་པོ་བླང་བར་བྱ།
ཞེས་པའི་ཚིགས་བཅད་ཞིག་འདུག  དེ་ནས་རང་གི་ཕ་མ་དང་རྒན་རབས་ལ་གུས་ཞབས་དང༌། ཤེས་བྱའི་གནས་ལ་བརྩོན་དགོས་པ་དང་སོ་སོའི་རིགས་རྒྱུད་གཙང་མ་སྤེལ་དགོས་པ་སོགས་ཀྱི་ཆེད་དུ།
༢ ཕ་མ་བཤེས་ལ་ཉི་མ་བཞིན་དུ་བལྟ། ཤེས་བྱའི་གནས་ལ་བུང་བ་རྩི་བཅུད་བཞིན། བླང་དོར་གནས་ལ་ངང་པའི་མཆུ་རྩལ་ལྟར། མདོར་ན་གངས་རིའི་བུ་རྒྱུད་དྭངས་མ་མཛོད།
ཅེས་པའི་ཚིགས་བཅད་གཅིག་བཀོད་འདུག དེའི་འོག་ཏུ།
རང་གི་ཀུན་སྤྱོད་གལ་ཆེ་ལ་སོ་སོའི་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་གནང་དགོས་པའི་ཆེད་དུ།
༣ ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང༌། མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན། སྐད་རིགས་སྣ་ཚོགས་ཤེས་ན་བཟང་མོད་ཀྱང༌། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།
ཞེས་པ་མདོར་ན། ཚིགས་བཅད་བཞི་ཡི་ནང་བོད་མི་ཚད་ལྡན་ཞིག་ཆགས་འདོད་ན་དེའི་ས་ལམ་གྱི་རྣམ་བཞག་མདོར་བསྡུས་ཞིག་གོ་བདེའི་ངང་ཤོ་ལོ་ཀ་གསུམ་གྱི་ནང་བཀོད་འདུག ངས་ཚིག་བཅད་དེ་དག་ལམ་སེང་རང་ཉིད་ཀྱི་ཉིན་དེབ་སྟེང་བཀོད་དེ་དུས་དུས་སུ་བློ་སྦྱོང་བཞིན་གཞོན་སྐྱེས་ཚོར་སློབ་འཁྲིད་བྱེད་ཀྱིན་ཡོད། གལ་སྲིད་ཁྱེད་རང་བོད་མི་ཚད་ལྡན་ཞིག་ཆགས་འདོད་ན་འདི་ལ་བསམ་གཞིགས་ཞིག་གནང་བའི་ཆེད་དུ་བཤུ་བར་མཛོད།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༢༢ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

མཆན། 2

  1. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    ད་ང་ཚོ་ལ་མེས་དབོན་སློབ་གྲྭ་སོན་རྗེས་བོད་ཡིག་གི་མཐོ་སློབ་ཀྱང་ཡོད་མོད། ཡིན་ནའང་བྷང་ལོར་གྱི་མཐོ་སློབ་ནང་དུ་དགེ་རྒན་ཡག་པོ་མེད་རབས་གོ་སོང༌། དེ་བདེན་པ་ཡིན་ནམ། དཔེ་སྟོན་སློབ་གྲྭ་ནི་དངོས་གནས་རང་རེའི་མིག་དཔེར་འོས་པའི་སློབ་གྲྭ་ཞིག་ཡིན། འདི་ནི་ཟམ་གདོང་རིན་པོ་ཆེའི་བཀའ་དྲིན་ལས་བྱུང་བ་ཞིག་རེད། འདི་ལྟ་བུ་ནི་ང་ཚོས་ནམ་ཡང་གོང་དུ་བཀུར་དགོས་པ་ཉག་ཅིག་ཡིན།

    Reply
  2. བསེ་རུ། says:
    ལོ་ 17 སྔོན།

    མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་མ་ཚོའི་ལོ་ན་དང་ཤེས་ཚད་བསྡུར་ན། ཤེས་ཚད་ནི་བསམ་ཡུལ་ལས་འདས་པ་ལྟ་བུ་ཞིག་ཏུ་ཚོར་མཁན་གང་ཟག་གཅིག་གཉིས་མིན། འོན་ཀྱང་། ང་ལ་སེམས་འཚབ་གཅིག་ཡོང་བཞིན་པ་ནི་སློབ་མ་དེ་དག་འཛིན་རིམ་བདུན་པ་བརྒྱད་པ་སོགས་རིམ་བཞིན་ཁོར་ཡུག་གང་འདྲ་ཞིག་གི་ནང་འཚར་ལོངས་ཡོང་རྒྱུ་ཡིན་ནམ་སྙམ་པ་དེ་ཡིན། འབྱུང་འགྱུར་བོད་ཁྱིིམ་ལྟ་བུའི་གཞི་རྒྱ་ཆེ་བའི་དཔེ་སྟོན་སློབ་གྲྭ་ཞིག་བྱུང་ན། ང་ཚོས་བཙན་བྱོལ་ནང་གི་སློབ་མའི་བོད་ཡིག་ཤེས་ཚད་ལ་སེམས་ཁྲལ་བྱེད་མི་དགོས་ཙམ་ཡོང་ངེས་སུ་མཐོང་། སློབ་ཚན་དབྱིན་ཡིག་ལ་སོགས་པར་དཀའ་ངལ་ཤུགས་ཆེ་འཕྲད་ངེས་པར་འདོད་མཁན་དག་ནི་སེམས་ཁྲལ་མེད་པའི་སེམས་ཁྲལ་ཞིག་རེད་སྙམ། སྐད་ཡིག་གི་གཞི་རྩ་གཅིག་ལེགས་པོ་ཡོད་ན་གཞན་ལ་ཤུགས་མ་ཐུབ་ཀྱིས་རོགས་ཕན་ཐུབ་ངེས་པས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese