མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྱེན་ལངས་ལ་དོགས་ཟོན།

བོད་ཀྱི་དུས་བབ།
༢༠༠༩/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

 

བོད་ཀྱི་སྲོལ་རྒྱུན་དུ་དར་སྲོལ་ཆེ་ཞིང་མི་མང་བརྩི་འདང་ཆེ་བའི་ལྷ་སའི་ཞོ་སྟོན་དུས་ཆེན་དེ་ཕྱི་ཟླ་ ༨ པའི་ཚེས་ ༢༠ ཉིན་ཅང་སུའུ་སྐྱེ་གནས་གསོལ་མགྲོན་ཁང་ཆེན་དུ་ཚོགས་ཀྱིན་ཡོད་འདུག་ཟེར། ཟླ་འདིའི་ཚེས་ ༡༩ ཉིན་ལྷ་སར་གནས་སྡོད་ཀྱི་བོད་མི་ཞིག་གིས་དྲ་ཐོག་ནས་གནས་ཚུལ་བརྗོད་པ་ལྟར་ན། ཁ་སང་དེ་རིང་ལྷ་སའི་ཁྲོམ་ར་དག་ལ་དམག་མི་མང་བོ་བཀྲམ་ཡོད་པ་དང་། ཁོང་ཚོའི་ཁ་གཡར་ས་ནི་ལྷ་སའི་ཞོ་སྟོན་སྐབས་ཉོ་ཚོང་རྫུན་མ་ཡིན་མིན་སྐོར་ལ་རྟོག་ཞིབ་བྱེད་ཀྱིན་ཡོད་སྐོར་བརྗོད་ཀྱིན་ཡོད་མོད། དོན་དངོས་ཀྱིས་བོད་མི་མང་བོ་འདུ་འཛོམས་ཆེ་སའི་ཚོང་ར་དག་ན་མ་གཏོགས་དམག་མིས་ཚོང་རྫས་ལ་རྟོག་ཞིབ་བྱེད་ཀྱིན་མེད་སྐོར་བརྗོད་བྱུང་། ཡང་ཁོང་གིས། གནས་ཚུལ་འདིའི་ཐད་ལྷ་སར་གནས་པའི་མི་རིགས་འདྲ་མིན་གྱིས་ལྐོག་ནས་བརྗོད་པ་ལྟར་ན། ན་ནིང་བོད་པ་འོས་ལངས་བྱེད་ས་ནི་ར་མོ་ཆེ་དང་། གཙུག་ལག་ཁང་གི་གཡས་གཡོན། པོ་ཏ་ལའི་མདུན་ཐང་། ད་དུང་ཁྲོམ་གཟིག་ཁང་སོགས་ཡིན་པ་དང་། ད་ཐེངས་དམག་མི་མང་བོ་འགྲེམས་འཇོག་བྱེད་སའང་ས་ཁུལ་དེ་དག་ཡིན་པས་དོན་དངོས་ཀྱིས་བོད་མི་འོས་ལངས་བྱེད་པར་དོགས་ནས་ལས་འགུལ་འདི་སྤེལ་གྱིན་ཡོད་སྐོར་བརྗོད་ཀྱིན་འདུག་ཟེར།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༩ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 5

  1. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 17 སྔོན།

    རྒྱ་དོགས་པ་དང་བོད་རེ་བ་ཞེས་པ་ལྟར་དུས་ཆེན་དང་ཆོས་ཀྱི་བྱེད་སྒོ་ཡོད་ཚད་ལ་རྒྱ་གཞུང་ནས་དོགས་ཟོན་བྱེད་ཀྱི་ཡོད་པ་ནི་སྐྱོའོ།

    Reply
  2. རང་རྟོན། says:
    ལོ་ 17 སྔོན།

    ངོ་མ་རང་དབང་ཞིིག་གང་ན་འདུག

    Reply
  3. གངས་ཅན་པའི་ལས་དབང་། says:
    ལོ་ 17 སྔོན།

    གཡང་དཀར་ལུག་ཁྱུ་ཞི་བདེའི་ལམ་ལ་བསྐྱོད་ན་ཡང་། ཁྱི་སྤྱང་དམར་པོའི་མིག་ལམ་གཟེར་ཟུག་བྱུང་བ་གཉིས། དོན་མེད་མི་ཞིག་མཐོང་ན་དོག་སློང་ཞིག་ཤར་བ་དེ། གོ་ལའི་རྒྱལ་པོ་རྣམས་ཀྱི་དཔྱད་པར་འཚལ།

    Reply
  4. བསེ་རུ། says:
    ལོ་ 17 སྔོན།

    ཁོ་ཚོས་ཇི་ཙམ་དམ་བསྒྲགས་བྱས་པ་དེ་ཙམ་གྱིས་བོད་མི་རིགས་ཀྱིས་སེམས་ཀྱི་ན་ཟུག་དང་། འཁོན་སེམས་ཇེ་ཆེར་འགྲོ་བ་ནི་འཇིག་རྟེན་གྱི་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་རེད།
    ཉིན་ལྟར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བསྒྲགས་པ་ལྟར་ན། འཆམ་མཐུན་དང་། ཞི་མཐུན། དུས་བདེ་སོགས་སྒྲོག་གིན་ཡོད་ན་ཡང་། འདི་ལྟ་བུའི་རྒྱ་དམག་གི་དམ་བསྒྲགས་བཙན་པོ་དེས་གོང་གི་ཁ་གཡང་དེ་དག་གི་ལྡོག་ཕྱོགས་སུ་ལངས་པ་ལྟ་བུ་ཞིག་མ་རེད་དམ། འབོད་ཚིག་དེ་དག་ནི་ཁ་སྟོང་ནང་གི་ཚིག་སྐམ་ཙམ་རེད། རྒྱ་ནག་གཞུང་དེ་བོད་མི་རིགས་ལ་གཞེན་དང་ཤ་ཚ་ཡོད་ན་གྲོང་ཁྱེར་ཁག་སོགས་ལ་བཀྲམས་པའི་དམག་མི་ཚུན་ནས་མིག་ཡུལ་དུ་མི་སྣང་བར་གྱུར་པ་ཞིག་ངེས་པར་བཟོ་དགོས་པ་ཡིན། །

    Reply
  5. གནམ་ལྕགས། says:
    ལོ་ 17 སྔོན།

    དམ་བསྒྲགས་བྱས་པ་འདི་མཐོང་ན། དངོས་གནས་ཁོང་ཁྲོ་ལངས་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese