མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན། བོད་མིའི་རྨི་ལམ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཚོ་ཁྲང་ཆེན་གྱིས་བརྩམས། དོན་གོས་སྒྱུར།

༡༩༩༤ ལོར་ངས་ “པེ་ཅིན་གྱི་དཔྱིད་ཀ “ཞེས་པའི་དུས་དེབ་སྟེང་ཁ་བྱང་ལ་ “རང་བཙན། བོད་མི་མང་གི་བདག་དབང”ཅེས་པའི་དཔྱད་རྩོམ་ཞིག་སྤེལ་ཏེ། བོད་མི་རིགས་ཀྱི་དངོས་ཡོད་ལོ་རྒྱུས་ཀྱི་རིན་ཐང་དང་། རང་དབང་དང་རང་སྲིད་རང་སྐྱོང་གི་བདག་དབང་ཐད་ཀྱི་འདོད་འདུན་སོགས་བོད་མི་ཚོས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་བཙན་འཐབ་རྩོད་བྱེད་བཞིན་པ་དེ་ཁྲིམས་མཐུན་དང་ཚུལ་མཐུན། ལུགས་མཐུན་ཞིག་ཡིན་པའི་སྐོར་གསལ་བོར་བཀོད་པ་ཡིན།  མི་ལོ་ལྔ་བཅུའི་རིང་རིམ་གྱིས་ཀྲུང་གོའི་ཤེས་ལྡན་པ་གང་མང་གིས། བོད་དོན་ལ་མཐོང་ཆེན་དང་འབོད་སྐུལ་གནང་བ་མ་ཟད། ཁག་ཅིག་གིས་དངོས་སུ་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གང་ལེགས་བྱེད་ཀྱིན་ཡོད་པ་རེད། ཡིན་ཡང། བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གིས་ད་ལྟའི་དུས་འདིར་ཡང་མུ་མཐུད་དབུ་མའི་ལམ་ལ་ཤར་སྐྱོད་བྱ་རྒྱའི་ནན་བཤད་བྱས་ཏེ། བོད་རང་བཙན་འཐབ་རྩོད་ཀྱི་ལམ་ཁ་དོར་བ་དང་། རྒྱ་ནག་གཞུང་གི་མི་སེར་སྤེལ་བའི་དབང་བསྒྱུར་ལ་ངོས་ལེན་མི་བྱེད་པར། བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ངོས་ལེན་བྱས་ཏེ་(དམངས་གཙོ་འདུས་པའི)ཆེས་མཐོའི་རང་སྲིད་རང་སྐྱོང་གླེང་གི་ཡོད་པ་རེད།

ཉེ་ཆར་སུད་སིར་འཚོགས་པའི་ “བོད་རྒྱའི་ཚོགས་འདུའི་ ” སྟེང་དུའང་ཏཱ་ལའི་བླ་མས་དེའི་སྐོར་གྱི་གསུང་བཤད་གནང་བྱུང་ལ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་དེའི་སྐོར་ལ་ནན་བཤད་བྱེད་ཀྱིན་པ་མ་ཟད། ད་དུང་རྒྱ་ནག་གཞུང་དང་འབྲེལ་མོལ་བྱས་ཏེ་རང་སྲིད་རང་སྐྱོང་གི་གཉིས་ཕན་གྱི་འབྲས་བུ་ལ་རེ་བ་རྒྱག་གིན་འདུག   ཡིན་ཡང། འདས་པའི་དུས་དང་མི་མཐུན་པ་ཞིག་ནི། བཙན་བྱོལ་བོད་གཞུང་གིས་སྲིད་བྱུས་ཀྱི་ལྟེ་བ་ནུབ་ཕྱོགས་སུ་བཟུང་སྟེ་གཙོ་གནད་ཀྲུང་གོ་སྲིད་གཞུང་ (རྒྱ་གཞུང་དང་འབྲེལ་མོལ) ལ་འཛིན་བཞིན་ཡོད་པ་དང་།  དེ་ནས་རིམ་གྱིས་རྒྱ་ནག་དམངས་ཁྲོད་དང་ལྷག་པར་དུ་ཕྱི་སྡོད་རྒྱ་རིགས་ཤེས་ལྡན་པ་དག་ལ་དོ་སྣང་བྱས་ཏེ། ཁོང་ཚོ་བརྒྱུད་དེ་བོད་དོན་འཐབ་རྩོད་ཀྱི་གནས་སྟངས་ངོ་མ་བརྒྱུད་སྒྲོག་བྱེད་བསམ་པ་དེ་རེད།

ཀ༽ དམངས་གཙོ་དང་སྲིད་དབང་སྒེར་གཅོད་མཉམ་གནས་དང་གཉིས་ཕན་འབྱུང་ཐུབ་བམ།
ཉེ་ཆར་སུད་སིར་འཚོགས་པའི་ “ཐུན་མོང་གི་གཞི་རྟེན་འཚོལ་བ” ཅེས་པའི་བོད་རྒྱའི་ཚོགས་འདུ་དེར་ང་ཡང་ཞུགས་པ་ཡིན།   སྐབས་དེའི་ཚོགས་འདུའི་རང་དབང་གི་དྲི་བ་དྲི་ལན་གྱི་སྐབས་སུ་ངས་ཟམ་གདོང་རིན་པོ་ཆེར་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གི་ “དབུ་མའི་ལམ” དང་” གཉིས་ཕན” ལ་རེ་བའི་ཐད་ལ་དྲི་བ་གཉིས་བཏོན་པ་ཡིན།

དང་པོ། མིའི་རིགས་ཀྱི་ལོ་རྒྱུས་སྟེང་སྲིད་དབང་སྒེར་གཅོད་དང་དམངས་གཙོའི་རིན་ཐང་གི་མངོན་འགྱུར་ཏེ་ལམ་ལུགས་གཅིག་གི་མངའ་ཁོངས་སུ་མཉམ་གནས་དང་གཉིས་ཕན་འབྱུང་ཐུབ་བམ་མི་ཐུབ།   གལ་སྲིད་མ་ཐུབ་པ་ཡིན་ན།  ཟམ་གདོང་རིན་པོ་ཆེས་གཙོས་བཙན་བྱོལ་བོད་གཞུང་གིས་འདི་ལྟ་བུའི་མངོན་འགྱུར་མི་ཐུབ་པའི་ལམ་བུ་ཞིག་ལ་རེ་བ་དང་ཁ་ཕྱོགས་དགོས་དོན་ཅི་ཡིན་ནམ། གཉིས་པ། དབུ་མའི་ལམ་ལ་དུས་བཅད་  deadline ཡོད་མེད་དང་།  བཙན་བྱོལ་བོད་གཞུང་གིས་རང་བཙན་དོར་བ་དེ་བོད་མི་ས་ཡ་དྲུག་དང་དེ་དག་གི་བུ་རབས་ཚ་རྒྱུད་དག་གིས་མ་འོངས་པར་རྒྱལ་ཁབ་འདི་ཉིད་ཀྱི་མདུན་ལམ་ཐག་གཅོད་དང་གདམ་གསེས་བྱེད་པའི་དབང་ཆ་འཕྲོག་པ་ཞིག་ཡིན་ནམ་མིན། ཅེས་དྲིས་པའི་ལན་དུ་ཟམ་གདོང་རིན་པོ་ཆེས། ང་ཚོས་རེ་བ་བྱེད་ཀྱིན་པ་ནི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཡོང་ཐབས་བྱ་རྒྱུ་དེ་ཡིན། ཅེས་ལན་གནང་བྱུང། ཡིན་ཡང་། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་སྒྲོམ་གཞི་དེ་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ལོ་སྔོན་མའི་ལོ་མཇུག་ལ་པེ་ཅིན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་གསལ་བཤད་གནང་བ་ལྟར།  རྒྱ་ནག་གཞུང་གི་ཆབ་སྲིད་སྒྲོམ་གཞི་ནི།  རྒྱུན་འཁྱོངས་གསུམ་ཡིན་ལ། རྒྱུན་འཁྱོངས་གསུམ་ནི་གུང་ཁྲན་ཏང་གི་དབུ་འཁྲིད་རྒྱུན་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། དེ་བཞིན་ (བོད་ཀྱི་གནད་དོན་ལ་གཞི་བཅོལ་ཏེ) མི་རིགས་ས་གནས་རང་སྐྱོང་རྒྱུན་འཁྱོངས་བཅས་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་ནི་ང་ཚོར་ངེས་ཤེས་ཡོད་པ་ལྟར། དེ་ནི་སྲིད་དབང་སྒེར་འཛིན་རེད།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱང་སྣང་ཚུལ་གཅིག་ཡིན་ཏེ། དཔལ་འབྱོར་གང་དུ་ཕྱོགས་པ་དང་མཉམ་དུ་ཡོད་ཚད་གུང་ཁྲན་ཏང་གི་སྟངས་འཛིན་འོག་ཡོད་ལ། མི་རིགས་ས་ཁོངས་རང་སྐྱོང་གི་གནད་དོན་ཐད་ལའང་ཀྲུའུ་ཝེ་ཆོན་གྱིས་ཕྱིར་བཏོད་ཀྱི་རྣམ་པའི་སྒོ་ནས་བརྗོད་པ་ལྟར།   མནའ་འབྲེལ་གྱི་ཚོགས་པ་ཡིན་མི་ཆོག་པ་དང་།  ཧོང་ཀོང་ལྟར་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལྟ་བུ་ཞིག་ཀྱང་མིན་པ།  ཏཱ་ལའི་བླ་མའི་རང་སྲིད་རང་སྐྱོང་གི་རེ་འདོད་ལྟ་བུ་ཞིག་དེ་བས་ཀྱང་མིན་ཚུལ་བརྗོད་ཡོད་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་ད་ལྟའི་ “བོད་ཀྱི་རང་སྲིད་རང་སྐྱོང་གི་གནས་བབ་” དེ་འདྲ་ཞིག་ལས་གཞན་པའི་རང་སྲིད་རང་སྐྱོང་གི་གནས་བབ་དང་སྲིད་བྱུས་ཤིག་ལག་བསྟར་བྱ་ཐབས་མེད་ཚུལ་བརྗོད་ཡོད་པ་རེད། 
ཁ༽ སེམས་བཟང་གི་”སྤྱང་ཀི” ལ་རེ་བ་བྱ་མི་རུང།
དེ་བཞིན། ཀྲུའུ་ཝེ་ཆོན་གྱིས་ཡང་བསྐྱར་བརྗོད་དོན། ང་ཚོས་ད་ལྟའི་བར་བཙན་བྱོལ་བོད་གཞུང་ངོས་ལེན་བྱས་མེད།  ང་ཚོས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་འཐུས་ཚབ་ལ་འབྲེལ་མོལ་བྱས་པ་ཡིན་ལ། དེ་ཡང་གཙོ་བོ་ཇི་ལྟར་ཏཱ་ལའི་བླ་མས་ ” ནོར་འཁྲུལ་བསྒྱུར་བཅོས་ ”བྱས་ཏེ་ང་ཚོའི་བཟོད་སྒོམ་རྩོད་ལེན་བྱ་རྒྱུ་དེ་རེད། ཁོང་གི་རྣམ་འགྱུར་ལེགས་དུ་ཕྱིན་ཚེ་ཁོང་ཕྱིར་ལོག་ཆོག་པ་མ་ཟད། ཁོང་དང་མཉམ་དུ་ཡོད་པའི་མི་མང་གང་མང་ཞིག་ཀྱང་ཡོང་ཆོག་གི་རེད། ཅེས་དང་། ནུབ་ཕྱོགས་ཀྱི་གསར་འགོད་པ་མང་པོའི་མདུན་དུ་གུས་བརྩི་ཅི་ཡང་མེད་པའི་སྒོ་ནས་བརྗོད་དོན། འདས་པའི་ལོ་འདི་འགའི་རིང་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མའི་སྐུ་ཚབ་དང་མཉམ་དུ་འབྲེལ་མོལ་དེ་ལྟར་བྱས་པ་ཡིན་ལ། མ་འོངས་པར་ཡང་འགྱུར་མི་སྲིད་པའི་བཙན་པོ་དབང་ཡོད་ཀྱི་སྐད་ཆ་དེ་འདྲ་བཤད་ཡོད་པ་རེད།

ངས་ཟམ་གདོང་རིན་པོ་ཆེ་ལགས་སུ། གུང་ཁྲན་གཞུང་གིས་སྐད་ཆ་མཐའ་དག་གསལ་ཐག་ཆོད་པའི་སྒོ་ནས་འགྲེལ་བརྗོད་གནང་ཚར་བ་རེད། ད་དུང་བཙན་བྱོལ་བོད་གཞུང་གིས་པེ་ཅིན་གྱིས་ཅི་ཞིག་བཤད་པར་རེ་སྒུག་བྱེད་ཀྱིན་ཡོད་དམ།  གུང་ཁྲན་གཞུང་གི་སྲིད་དབང་སྒེར་གཅོད་འོག་ ”མིང་དོན་མཚུངས་བའི་རང་སྐྱོང་” ལ་རེ་བ་ནི་སེམས་བཟང་གི་སྤྱང་གི་ལ་རེ་བ་དང་གཅིག་མཚུངས་རེད་ལ། ལུག་དང་སྤྱང་གི་གཉིས་མཉམ་གནས་དང་གཉིས་ཕན་འབྱུང་ཐུབ་བམ། མིའི་རིགས་ཀྱི་འདས་པའི་ལོ་རྒྱུས་ནང་དེ་འདྲའི་རིགས་བྱུང་མྱོང་ཡོད་དམ། ཅེས་དྲིས་པར། ཟམ་གདོང་རིན་པོ་ཆེས། དབུ་མའི་ལམ་ནི་བཙན་བྱོལ་བོད་མིས་སྤྱི་མོས་ཀྱི་ཐག་གཅོད་བྱུང་བ་ཞིག་དང་བོད་མི་མང་པོས་བསྔགས་བརྗོད་བྱེད་ཀྱིན་པའི་ལམ་བུ་ཞིག་ཡིན་པ་མ་ཟད།  འདས་པའི་དམིགས་བསལ་ཚོགས་ཆེན་གྱི་སྐབས་སུའང་མི་མང་གིས་མུ་མཐུད་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ཡོད་སྟབས། འདི་ནི་བོད་རིགས་མི་མང་གི་མངོན་འདོད་ཡིན་པ་གསལ་བོར་མཚོན་ཡོད། ཅེས་དྲིས་ལན་གནང་བྱུང་། ངས་ཁོང་ལ་བཙན་བྱོལ་ནང་བོད་མི་ཁྲི་ ༡༣ ལྷག་ཡོད་པ་དེ་དག་གི་མོས་མཐུན་བྱུང་ཡོད་པ་དེས། བོད་ནང་གི་བོད་མི་ས་ཡ་དྲུག་གི་མོས་མཐུན་གྱི་ཚབ་མཚོན་མི་ཐུབ་པས། བཙན་བྱོལ་བོད་གཞུང་གིས་འདི་ལྟར་སྒྲུབ་ཚེ་བོད་རིགས་མི་འབོར་མང་པོས་མ་འོངས་རྒྱལ་ཁབ་ཀྱི་གདེམ་གསེས་ཀྱི་དབང་ཆ་འཕྲོག་པ་མ་རེེད་དམ།

ག༽ བོད་ཀྱི་གནད་དོན་དེ་ཆོས་ལུགས་དང་རིག་གཞུང་སྲུང་སྐྱོབ་ཀྱི་གནད་དོན་ཞིག་གཏན་ནས་མ་རེད།
བོད་འདི་ཉིད་ལོ་རྒྱུས་ཀྱི་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་རྒྱལ་མིང་དང་རྒྱ་དར། རྒྱལ་པོ། དངུལ་སྒོར། ཕྱི་སྐྱོད་ལག་འཁྱེར། དམག་མི། དཔྱ་ཁྲལ་སོགས་དང་། ཆིན་རྒྱལ་རབས་རྗེས་དང་གོ་མིན་ཏང་གི་ཅང་ཅེ་ཧྲུའུ་དུས་སྐབས་སོགས་སུའང་བོད་དེ་དག་གི་མངའ་ཁོངས་ཀྱི་ས་ཁུལ་ཅིག་ཀྱང་ཆགས་མེད་པར་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ནའང་།   མི་ལོ་ལྔ་བཅུའི་ཡར་སྔོན་གྱི་དུས་དེར་ད་གཟོད་རྒྱ་ནག་གིས་བཙན་བཟུང་བྱས་པ་རེད།

ད་ལྟའི་དུས་འདིར་བོད་ཀྱི་གནད་དོན་དེ་ཆོས་ལུགས་དང་རིག་གཞུང། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་་གནད་དོན་ཞིག་མིན་པར་རྒྱལ་ཁབ་ཞིག་གི་འཇིག་ཉེན་དང་མི་རིགས་ཤིག་གི་འཆི་གསོན་གྱི་གནད་དོན་ཞིག་ཆགས་ཡོད།  བོད་མི་ཚོས་རང་ཉིད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མར་བརྩི་མཐོང་གུས་བཀུར་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། ཡིན་ཡང་། དམངས་གཙོའི་རྩ་དོན་གཞིར་བཞག་གི་སྟེང་ནས་བཤད་པ་ཡིན་ན།  ཚད་མཐོ་བའི་དབུ་ཁྲིད་སུ་འདྲ་ཞིག་ཡིན་ཡང་། མི་མང་གིས་རང་གི་རྒྱལ་ཁབ་གདམ་གསེས་ཀྱི་དབང་ཆ་ལ་ཐེ་གཏོགས་བྱེད་པའི་དབང་ཆ་མེད། བོད་མི་མང་གི་མདུན་ལམ་དེ་བོད་མི་ས་ཡ་དྲུག་གིས་ཐག་གཅོད་དགོས་པ་ལས་བཙན་བྱོལ་བོད་མིའི་གཞུང་ཞབས་པ་གང་རུང་ཞིག་གིས་ཐག་གཅོད་བྱེད་ཆོག་པ་ཞིག་མ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཀརྨ་ཡེ་ཤེས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་གཉིས་ཀྱིས་སྔོན་མར་འདི་ལྟར་བརྗོད་ཡོད་པ་རེད། ང་ཚོ་བཙན་བྱོལ་དུ་ཡོད་པའི་མི་ཉུང་ཤས་ཤིག་གིས་ལོ་རྒྱུས་ཐོག་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་དང་དེ་རང་བཙན་སླར་གསོ་བྱ་དགོས་ཅེས་བཤད་པའི་དབང་ཚད་མེད་པ་མ་ཟད། མ་འོངས་མི་རབས་རྗེས་མའི་མདུན་ལམ་དང་བདག་དབང་ལ་འགྱུར་བ་གཏོང་བའི་དབང་ཆ་དེ་བས་ཀྱང་མེད། ང་ཚོའི་གནད་དོན་ནི་མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་རང་བཙན་ཡིན་པ་ལས། རིག་གནས་དང་ཆོས་ལུགས། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནད་དོན་དེ་བས་ཀྱང་མིན། ཅེས་བཤད་ཡོད་པ་རེད།

ད་ལྟའི་དུས་འདིར་བོད་མི་ས་ཡ་དྲུག་དེ་རྒྱ་ནག་གི་ཆབ་སྲིད་ཀྱི་གནོན་ཤུགས་དང་མི་སེར་སྤེལ་བའི་གཉའ་གནོན་འོག་རང་ཉིད་ཀྱི་སྐད་སྒྲ་ཕྱི་རུ་སྒྲོག་པའི་ཐབས་ལམ་རྙེད་དཀའ་བའི་གནས་སུ་གྱར་ཡོད་ཀྱང་།  བོད་ནང་གི་བོད་མི་ཚོས་ཐེངས་གང་མང་གི་ངོ་རྒོལ་སྐད་འབོད་དང་མངོན་འདོད་ལས་ཁོང་ཚོའི་འདོད་འདུན་རང་བཙན་ཡིན་པ་ཤེས་འོང་གི་འདུག་ལ། དེ་བཞིན། འདས་པའི་ལོ་ངོ་འདི་དག་ཏུ་རྒྱ་གར་དང་ཡུ་རོབ། ཨ་རི་སོགས་སུ་ངས་བོད་མི་གང་མང་ལ་བཅར་འདྲིའི་ལམ་ནས་ཁོང་ཚོར་ ” རང་སྐྱོང་དང་རང་བཙན་” གཉིས་ཀྱི་གང་ལ་འདོད་མོས་ཡོད་མིན་བཀའ་འདྲི་བྱས་པ་ཡིན།  དེ་དག་གི་གནས་སྟངས་ལས་ཏཱ་ལའི་བླ་མ་མ་གཏོགས་གཞན་ཚང་མས་རང་བཙན་འདེམས་ཀྱི་འདུག  སྔོན་མ་ངས་ཏཱ་ལའི་བླ་མར་གདོང་དང་གདོང་གཏད་དེ་འདི་ལྟར་བཤད་མྱོང།  ངས་རང་སྐྱོང་དང་རང་བཙན་ཐད་བཅར་འདྲི་བྱས་མཐར་བོད་མི་མང་ཆེ་བས་རང་བཙན་གྱི་ལམ་ཁ་འདེམས་ཀྱི་འདུག  ཡིན་ནའང། མི་གཅིག་གིས་རང་བཙན་འདེམས་ཀྱི་མི་འདུག་ཅེས་བཤད་པ་ཡིན། ཏཱ་ལའི་བླ་མས་ང་ལ་མི་དེ་སུ་རེད་ཅེས་དྲིས་བྱུང། ངས་ཁོང་ལ་དེ་ཁྱེད་རང་རེད་ཅེས་བཤད་པར། ཏཱ་ལའི་བླ་མས་ང་ལ་དཀྱེལ་ཡངས་འཛུམ་མདངས་ཀྱི་དགོད་སྒྲ་ཁོ་ནས་ལན་བཏབས་བྱུང།

ང༽ སྲིད་པ་དང་འོས་པ་ཞིག་རེད་དམ།
ངས་ཀྱང་ཏཱ་ལའི་བླ་མར་དཀའ་ངལ་གང་མང་ཞིག་ཡོད་པ་དེར་ངོས་ལེན་བྱེད་ཐུབ་ཀྱིན་འདུག  ད་ལྟའི་དུས་འདིར་བོད་ཀྱི་ཆོས་དང་རིག་གཞུང་བརླག་བཞིན་པའི་སྒང་ཡིན་ལ། རྒྱ་རིགས་འབོར་ཆེན་བོད་ནང་གནས་སྤོར་བྱས་ཏེ་རྒྱ་གཞུང་གིས་བོད་རྒྱ་ཡུལ་ཅན་དུ་བསྒྱུར་བའི་སྲིད་བྱུས་ལག་བསྟར་བྱེད་ཀྱིན་པ་སོགས་རྒྱ་ནག་གིས། བོད་དེ་ནང་སོག་ལྟ་བུ་ཞིག་ཏུ་འགྱུར་བའི་རེ་བ་བྱེད་ཀྱིིན་ཡོད་པ་རེེད། (ད་ལྟའི་ནང་སོག་ཏུ་མི་འབོར་ཁྲི་ ༢༣༨༠ ཡོད་པ་དང་། དེ་དག་ཁྲོད་བརྒྱ་ཆའི་ ༨༠ རྒྱ་རིགས་ཀྱི་ཟིན་ཡོད་ལ། མི་བཞིའི་ཁྲོད་མི་གསུམ་རྒྱ་རིགས་ཡིན་པའི་གནས་སྟངས་ཆགས་ཡོད་པ་རེད། ) དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་མཁན་ཁག་ཅིག་གིས། རྒྱ་ནག་སྟོབས་ཆེ་བའི་དབང་གིས་བོད་མིས་རང་བཙན་འཐབ་རྩོད་བྱས་ཚེ་དེ་ནི་མི་སྲིད་པ་ཞིག་རེད། ཅེས་བརྗོད་ཀྱིིན་འདུག  བཤད་སྟངས་འདིས་ཅི་ཞིག་གསལ་བཤད་བྱེད་ཀྱིན་འདུག་ཅེ་ན། ཁོང་ཚོའི་བསམ་གཞིགས་བྱེད་སྟངས་ ”རྒྱ་རིགས་ཅན་” དུ་གྱུར་ཟིན་པས་རེད་ལ། དེ་ནི་རྒྱ་ནག་གི་མིས་བསམ་དགོས་པའི་གནད་དོན་ཞིག་རེད། ང་ཚོས་བྱ་བ་ཅི་ཞིག་སྒྲུབ་ཀྱང་ཐོག་མར་སྲིད་དང་མི་སྲིད་ལ་བསམ་བློ་མི་གཏོང་བར་ནུབ་ཕྱོགས་པ་བཞིན་ཐོག་མར་འོས་དང་མི་འོས་ཀྱི་གནད་དོན་འདྲི་དགོས།
 
ངས་འདི་ནས་དམིགས་བསལ་གྱི་གསལ་འདེབས་བྱ་འདོད་པ་ཞིག་ནི། གཙོ་བོ་རྒྱ་ནག་པ་དང་ནུབ་ཕྱོགས་པའི་བསམ་གཞིགས་བྱེད་སྟངས་རྩ་བ་ནས་མི་འདྲ་སྟེ། རྒྱ་ནག་པ་(རྒྱ་ནག་གི་སློབ་གསོས་གསོ་སྐྱོང་བྱས་པའི་མི) གནད་འགག་གི་དོན་དང་འཕྲད་ཚེ་ཐོག་མར་བསམ་འོང་བ་ནི། བྱུང་སྲིད་དམ་མི་སྲིད་ཅེས་པའི་དྲི་བ་འདི་རེད་ལ། ནུབ་ཕྱོགས་རིག་གནས་ཀྱིས་གསོ་སྐྱོང་བྱས་པའི་མིས་ཐོག་མར་དྲན་འོང་བ་ནི། འོས་སམ་མི་འོས། ཅེས་པ་དེ་རེད། ཡང་གཅིག་བཤད་ན་དེ་ནི་ཁོང་ཚོས་ཐོག་མ་ནས་མིའི་ཚད་གཞི་ཞིག་དང་འདུ་ཤེས་ཤིག་གི་སྟེང་ནས་དྲན་འོང་བ་ཞིག་རེད། མི་ལ་འདུ་ཤེས་ཡོད་པ་ནས་ཚད་གཞི་ཞིག་རྒྱུན་འཁྱོངས་བྱེད་ཀྱི་རེད་ལ། མུ་མཐུད་རྒྱུན་འཁྱོངས་བྱས་པ་ཡིན་ན་ལེགས་འགྲུབ་ངེས་པར་དུ་འབྱུང་སྲིད་པ་ཞིག་རེད། དེའི་རྐྱེན་གྱིས་ནུབ་ཕྱོགས་པར་རང་དབང་མེད་ཚེ་ཤི་བ་དང་གཅིག་མཚུངས་ཀྱི་འདུ་ཤེས་ཡོད་པ་དང་། རྒྱ་ནག་པར་ཤི་བ་ལས་རང་དགར་ཉིན་འཁྱོལ་བྱ་བའི་འདུ་ཤེས་དེ་ཡོད་པ་རེད། གནས་ཚུལ་དེ་དག་ལ་བལྟས་ཏེ་ནུབ་ཕྱོགས་པས་འོས་དང་མི་འོས་ཐག་གཅོད་པ་ལས་སྲིད་དང་མི་སྲིད་མི་བཤད་སྟབས།  དེ་ནི་རང་དབང་དང་ཕུན་ཚོགས་ཀྱི་ཐོག་མའི་དར་ཡུལ་དེ་ནུབ་ཕྱོགས་ནས་མགོ་བརྩམས་པའི་རྐྱེན་གྱིས་ཡིན་སྲིད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 22

  1. ཟླ་བ་གཞོན་ནུ། says:
    ལོ་ 16 སྔོན།

    འབྲོག་རུ་ལགས། ཁྱེད་ཀྱིས་ད་དུང་ལན་མ་བཏབས་པས།
    ངས་ཁྱེད་དོན་གོ་ཡིན་པར་ངོས་འཛིན་བྱེད་ཐུབ་ཀྱིན་མི་འདུག

    ཁྱེད་ཀྱིས་རྩོམ་ཡིག་འདིས་རྩོམ་པ་པོའི་མིང་ལ་ཚོ་ཁྲང་ཆེན་ཞེས་བྲིས་པ་དེ་སྒྲ་དག་གམ།
    ལྷ་ས་བ་ཡིན་ན་ཚོ་ཁྲང་ཆིང་ཞེས་འབྲི་དགོས་ལ། ཨ་མདོ་བ་ཡིན་ན་ཚའོ་ཁྲང་ཆིན་ཞེས་འབྲི་དགོས།
    མ་རེད་དམ།

    Reply
  2. ཟླ་བ་གཞོན་ནུ། says:
    ལོ་ 16 སྔོན།

    ང་རང་གོ་ནོར་ཐེབས་མེད། ངས་ཟེར་གྱིན་པ་ནི་རང་བཙན། བོད་མིའི་རྨི་ལམ་ཟེར་བ་འདི་མ་ཡིན་པར་ འོས་ལངས་ལགས་ཀྱིས་བཤད་པའི་”༼རང་བཙན། བོད་མི་མང་གི་བདག་དབང་༽ཞེས་པ་དེ། སྔོན་ཆད་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གིས་བོད་སྒྱུར་བྱས་པའི་༼རང་བཙན་ནི་བོད་མིའི་ཐོབ་ཐང་ཡིན༽ཞེས་པ་དེ་ཡིན་ན་ནི་དེ་ལ་ངས་ཀྱང་ཞིབ་ཀློག་ཅིག་བྱས་མྱོང་ལ་དཔྱད་བརྗོད་ཡིད་དབང་འཕྲོག་པ་ཞིག་འདུག་”ཞེས་པ་འདི་ལ་བརྟེན་ནས་འཕྲོས་པ་ལས་ཉིད་ཀྱིས་བསྒྱུར་བའི་རྩོམ་ཡིག་འདི་ལ་ཟེར་གྱིན་ཡོད་ནི་མ་རེད། ངས་བལྟས་ན་འབྲོག་རུ་ལགས་གོ་ནོར་ཐེབས་ནས་འདུག
    དོན་གོ་ཟེར་བ་དེ་ངའི་སྔོན་མའི་སྤོ་ལོ་རྩེ་རོགས་དེ་མ་རེད་དམ། འབྲོག་རུ་ལགས་ཀྱིས་མིང་ལ་དོན་གོ་ཟེར་དོན་ཅི་ཡིན་ནམ།

    Reply
  3. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    གལ་སྲིད། རྒྱ་ཡིག་གི་ལམ་ནས་བལྟ་འདོད་ན། http://www.caochangqing.com ལ་གཟིགས་པར་འཚལ།

    Reply
  4. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    རྩོམ་ཡིག་འདིའི་དུམ་མཚམས་རྗེས་མ་མི་འགྱངས་བར་དྲ་ཐོག་ཏུ་འགོད་རྒྱུ་ཡིན་པས། དྲ་གྲོགས་རྣམ་པས་དུས་ནས་དུས་སུ་གཟིགས་སྐྱོང་དང་དགོངས་འཆར་གནང་བའི་རེ་བ་ཡོད།

    Reply
  5. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    དྲ་གྲོགས་ཟླ་བ་གཞོན་ནུ་ལགས། ང་རྩོམ་ཡིག་འདི་ཡིག་བསྒྱུར་བྱེད་མཁན་དོན་གོ་ཟེར་བ་དེ་ཡིན། གཅིག་བྱས་ན་ཁྱེད་རང་གོ་ནོར་ཐེབས་ཡོད་པ་འདྲ། ངས་བསྒྱུར་བཞིན་པའི་རྩོམ་ཡིག་གི་ཁ་བྱང་ལ་འགྱུར་བ་ཅི་ཡང་བྱུང་མེད། རང་བཙན། བོད་མིའི་རྨི་ལམ། ཞེས་བསྒྱུར་ཡོད། གལ་སྲིད། ཁྱེད་དང་དྲ་གྲོགས་ཡོངས་ཀྱི་བལྟ་འདོད་ན་ཚའོ་ཁྲང་ཆེན་གྱིས་ཁོང་གི་དྲ་ཚིགས་སྟེང་། ཟླ་ ༨ པའི་ཚེས་ ༢༥ ཉིན་རྩོམ་ཡིག་འདི་བཀོད་འདུག
    དྲ་གྲོགས་རྣམ་པའི་མ་ཡིག་ལ་བལྟས་རྗེས་ཡིག་བསྒྱུར་གྱི་ཐད་ལ་འཛུབ་སྟོན་དང་དགོངས་འཆར་གནང་རོགས། ཅེས་རེ་སྐུལ་ཞུས་པ་ཡིན།

    Reply
  6. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    Weathe Rang Tsen is a dream , it is a achivement of many our brave peole so there are many realities which we have to think for future.

    Reply
  7. ཟླ་བ་གཞོན་ནུ། says:
    ལོ་ 16 སྔོན།

    <རང་བཙན་ནི་བོད་མིའི་ཐོབ་ཐང་ཡིན་>ཞེས་པ་དེ་ནི་དངོས་གནས་ལྟ་རིན་ཡོད་
    པའི་རྩོམ་ཡིག་ཅིག་རེད་འདུག དེའི་ནང་དུ་ང་ཚོའི་ཆབ་སྲིད་དཔྱད་བརྗོད་པ་ཚོས་བཤད་མི་ཤེས་པའི་གོ་རྒྱུ་ཅན་གྱི་གཏམ་མང་ཐག་ཆོད་གསུངས་འདུག
    དེ་བོད་ཡིག་ཏུ་བསྒྱུར་ཟིན་ན་འགྲིག་འདུག བདག་གིས་ཀྱང་བསྒྱུར་དགོས་བསམས་ནས་ཆུ་ཚོད་འཚལ་བཞིན་པའི་སྒང་ཡིན།

    Reply
  8. ཟླ་བ་གཞོན་ནུ། says:
    ལོ་ 16 སྔོན།

    འོས་ལངས་ལགས། དོན་གོས་ཟེར་བའི་<རང་བཙན། བོད་མིའི་བདག་དབང་།> ཟེར་བ་དེ་དང་<རང་བཙན་ནི་བོད་མིའི་ཐོབ་ཐང་ཡིན་>ཟེར་བ་དེ་གཅིག་རེད་
    འདུག
    སྒྱུར་སྟངས་ཅུང་མ་འདྲ་བར་མངོན།

    ཚའོ་ཁྲང་ཆིན་གྱི་<རང་བཙན་ནི་བོད་མིའི་ཐོབ་ཐང་ཡིན་>ཞེས་པ་དེར་བལྟ་འདོད་ན་བདག་གི་རྒྱ་ཡིག་དྲ་ཚིགས་སུ་འདྲེན་བཀོད་བྱས་ཡོད་པས་ཕེབས་པར་ཞུ།
    དྲ་ཐག་གཤམ་དུ་ཡོད།
    http://boxun.com/hero/200908/yueyedeyuzhou/3_1.shtml

    Reply
  9. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    རང་བཙན་ནི་བོད་མིའི་རྨི་ལམ་ནང་བཞིན་ཞིག་ལར་ནས་མིན། རྨི་ལམ་ནི། དུས་ནམ་དུ་ཡང་བདེན་པ་ཡིན་མི་སྲིད། བོད་རང་བཙན་ནི། དུས་རབ་ཉི་ཤུ་བའི་ཕྱེད་ཡན་དུ་ཡིན་པ་ནི་དངོས་ཡོད་བདེན་པ་ར་འཕྲོད་གྱི་གནས་ཚུལ་ཞིག་རེད། འོན་ཀྱང་སྔོན་མ་བོད་རང་བཙན་ཡིན་པའི་རྒྱུ་མཚན་གྱིས་ད་དུང་ཡང་བོད་རང་བཙན་རྩོད་དགོས་པའི་ངེས་པ་མེད། བྱུང་ཟིན་པའི་བོད་ཀྱི་བདག་པོ་དེ་འདས་ཟིན་པའི་བོད་པ་རྣམས་རེད། འབྱུང་བར་འགྱུར་བའི་བོད་ཀྱི་གནས་ཚུལ་དེ་ཇི་ལྟར་ཞིག་ཏུ་འབད་རྩོན་བྱེད་མི་བྱེད་དེ་ད་ལྟར་ཡོད་བཞིན་བའི་བོད་པ་རྣམས་ལ་རང་དབང་དེ་ཡོད། བོད་མི་ས་ཡ་དྲུག་གི་གནས་དོན་དེ་བོད་མི་གཅིག་གིས་ཆོད་དང་མི་ཆོད་དེ། བོད་མའི་ས་ཡ་དྲུག་གི་སེམས་ལ་ས་ཡ་དྲུག་གི་མཐུས་ཚབ་ནུས་ངེས་ཤེས་པ་ཞིག་ཡིན་བསམ་པའི་མི་ཞིག་ཡོད་མེད་ལ་རག་ལས་ཡོད་རེད། ད་ལྟའི་ཆར་བོད་དུ་ཡོད་པའི་བོད་མི་ལ་བོད་མི་ས་ཡ་དྲུག་གི་མཐུས་ཚབ་ནུས་ངེས་ཤེས་པ་ཞིག་དངོས་སུ་འོག་ཤོག་འཕེན་ནས་གདམ་པ་དེ་བོད་མའི་རྨི་ལམ་ནང་བཞིན་རེད་དེ། དོན་དུ་གཞིས་བྱེས་བོད་མའི་ཡོངས་རྫོགས་ཀྱིས། མ་གྲོས་བསམ་པ་གཅིག་མཐུན་གྱིས་མ་འོང་བོད་ཀྱི་གནས་ཚུལ་དེ་ཅི་བྱས་དང་ཅི་གསུང་བཀའ་སྒྲུབ་བྱེད་པའི་འོས་ཤོག་ཞིག་འོས་ཤོག་གི་མིང་མི་མངོན་གྱིས་ཚུལ་གྱིས་འཕང་ཡོད་པ་ནི། སྲམ་དང་སྟག་གཟིག་སྤགས་རིགས་མི་གྱོན་པའི་དམ་བཅའ་བརྟན་པོར་ཞིག་བོད་མི་ས་ཡ་དྲུག་གིས་སྙིང་ལ་བཞག་ཅིང་ལག་ལེན་དོན་དང་མཐུན་པར་བསྟར་དང་བསྟར་བཞིན་པ་འདི་རེད། འདིས་གང་ཞིག་མཚོན་གྱི་ཡོད་རེད་ཟེར་ན། སྔོན་གྱི་ལོ་རྒྱུས་ལ་གང་ཡིན་ནའང་༧གོང་ས་སྐྱབས་མགོན་ཆེན་པོའི་ལམ་སྟོན་ཇི་ལྟར་གཅིག་བྱས་ཡོད་ནའང་ལམ་འགག་དེར་ཤར་བསྐྱོད་ཡིན་པ་དང་། ད་ལྟར་གོང་ས་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་གཞུང་འདིས་བོད་མི་གཞིས་བྱེས་གཉིས་ཀྱི་མགྲིན་ཚབ་ཙམ་མ་ཟད་མཐུས་ཚབ་གོ་ཆོད་འཕེལ་ངེས་ཡིན་པའི་ཡིད་ཆེས་ཡོད་པ་གསལ་བོད་རེད།
    མང་གཙོ་དང་སྲིད་དབང་སྒེར་འཛིན་གཉིས་མཉམ་གནས་ཐུབ་ཀྱི་ཡོད་པ་དེ་རྒྱ་གཞུང་གིས་ཚུར་སྲོལ་གཏོད་བྱས་པ་ཞིག་རེད་ལ། གཉིས་ཕན་འབྱུང་དང་་མི་འབྱུང་དེ་སྔོན་དཔག་རྒྱ་ཆ་བརྒྱ་སུས་བཤད་པར་ནུས། འོན་ཀྱང་གཉིས་ཕན་འབྱུང་བའི་རེ་བ་རྒྱག་པ་མ་ཟད། སེམས་ཐག་གཙང་བཅད་ཀྱིས་ གཉིས་ཕན་ལམ་ཞིག་ལ་འབད་ཀྱི་ཡོད་པ་འདི་ཕྱི་ཚུལ་ཞིག་དང་ནང་གི་བསམ་གནོ་གཉིས་མེད་པ་གསལ་པོ་རེད།

    སྤྱིར་བོད་ཀྱི་གསར་བུ་རྣམས་ལ་ཞུ་དགོས་རྒྱུ་ཞིག་ལ། རྒྱ་རིགས་རྩོམ་པ་པོ་ཆབ་སྲིད་མཁས་པ་དེ་རྣམས་ཀྱིས། བདེན་པར་སྣང་པའི་གཏམ་བཤད་དེ་རྣམས་ལ་ཚིག་རེ་ཟུང་ཞིག་གིས་བོད་ཀྱི་རེ་དོན་ལ་སེམས་ཤུག་ཆགས་པར་བྱེད་ཀྱི་འདུག་པ་དེ་རྣམས་རི་དྭགས་ཀྱི་རྔ་མ་མ་གཏོན་ན། བོང་བུའི་ཤ་སུ་གཅིག་ལ་གཙོང་ཐུབ་ཀྱི་མ་རེད། ཇི་ཙམ་རི་དྭགས་ཀྱི་རྔ་མ་སྟོན་ནས་བོང་ཤ་གཙོང་པ་རེད་འདུག་དང་མི་འདུག་ལེགས་པར་བལྟ་དགོས་རེད།

    Reply
  10. གནས་ཚང་། says:
    ལོ་ 16 སྔོན།

    རང་བཙན་མི་དགོས་བརྗོད་མཁན་ཚོར་ག་འདྲའི་གད་མོ་ཡག་པོ་འཆོར་གྱི་འདུག གཉའ་ཁྲི་བཙན་པོས་གནས་སྟངས་འདིར་མིག་ཆུ་ག་ཚད་གཏོང་བཞིན་པ་སུས་ཤེས་སམ།

    Reply
  11. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    བར་བ་མ་ཐོན་གོང་།།
    ར་བ་ཟད་ཀྱི་རེད།།

    Reply
  12. འོས་ལངས། says:
    ལོ་ 16 སྔོན།

    རྒྱ་རིགས་སྲིད་དོན་མཁས་པ་ཚོ་ཁྲང་ཆིན་གྱིས་ཇི་འདྲའི་གནད་ལ་འཁེལ་ཞིང་བོད་མིའི་བདག་དབང་དང་འཚམ་པའི་དཔྱད་བརྗོད་ཡག་པོ་ཞིག་སྤེལ་འདུག་ཨང་། རྒྱ་རིགས་བསམ་བློ་བ་ཚོའི་ཁྲོད་ན་ཚོ་ཁྲང་ཆིན་ནང་བཞིན་གྱི་བོད་ལ་རྒྱབ་སྐྱོར་རྣལ་མ་བྱེད་མཁན་ཞིག་ད་བར་སུ་ཡང་མ་མཐོང་། ཁོང་གི་༼རང་བཙན། བོད་མི་མང་གི་བདག་དབང་༽ཞེས་པ་དེ། སྔོན་ཆད་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གིས་བོད་སྒྱུར་བྱས་པའི་༼རང་བཙན་ནི་བོད་མིའི་ཐོབ་ཐང་ཡིན༽ཞེས་པ་དེ་ཡིན་ན་ནི་དེ་ལ་ངས་ཀྱང་ཞིབ་ཀློག་ཅིག་བྱས་མྱོང་ལ་དཔྱད་བརྗོད་ཡིད་དབང་འཕྲོག་པ་ཞིག་འདུག ཡང་ཁོང་གི་བྲིས་རྩོམ་༼ བོད་དེ་ནམ་ཞར་ཡང་རྒྱ་ནག་གི་མངའ་ཁོངས་ཆ་ཤས་ཤིག་མིན།༽ཞེས་པ་དེར་ཡང་བོད་མི་རིགས་ཀྱི་མངོན་འདོད་དང་གནད་དོན་ཐད་ལ་ཁ་ཞེ་གཉིས་མཐུན་གྱི་དཔྱད་བརྗོད་དྲང་བདེན་ཞིག་སྤེལ་འདུག ད་ལྟའི་ཆར་ཡང་ཁོང་གིས་བོད་དོན་ཐད་ལ་བཟུང་བའི་ལངས་ཕྱོགས་ནི་སྔར་ལྟར་འགྱུར་མེད་རེད་འདུག་མོད། ད་ལྟའི་བཙན་བྱོལ་བོད་གཞུང་གི་ཚད་དམའ་བའི་རེ་འདོད་དང་ལངས་ཕྱོགས་བཅས་ཐད་ད་གཟོད་ཁོ་རང་ཡིད་ཐང་ཆད་ཡོད་པ་འདྲ།

    Reply
  13. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    གནས་ཚང་གི་འདི་གོ་སྐབས་ཞིག་ལ་གོ་གི་ཡོད་ས་རེད་ཧཧཧཧཧ
    འགྲོན་ཁང་རང་རེད

    Reply
  14. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    རྒྱ་ནག་གཞུང་གིས་བོད་ཚུད་པའི་གྲངས་ཉུང་མི་རིགས་ཚང་མར་འདམ་ཀ་གཅིག་སྤྲད་ཡོད་པ་རེད། དེ་ནི་སྲོག་དགོས། རང་བཙན་དགོས་ཞེས་པའི་དྲི་བ་འདི་རེད། དྲི་བ་འདི་ལ་བོད་མི་ཚང་མས་ཁ་མཉམ་གྲགས་ཀྱི་ལན་གཅིག་འདེབས་ཐུབ་ཀྱི་མེད་པ་དེ་རེད།

    Reply
  15. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    རྒྱ་ནག་གཞུང་གིས་བོད་ཚུད་པའི་གྲངས་ཉུང་མི་རིགས་ཚང་མར་འདམ་ཀ་གཅིག་སྤྲད་ཡོད་པ་རེད། དེ་ནི་སྲོག་དགོས། རང་བཙན་དགོས་ཞེས་པའི་དྲི་བ་འདི་རེད། དྲི་བ་འདི་ལ་བོད་ཚང་མས་ཁ་མཉམ་གྲགས་ཀྱི་ལན་གཅིག་འདེབས་ཐུབ་ཀྱི་མེད་པ་རེད་བསམ།

    Reply
  16. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    དོན་གོ་ལགས། ཉིད་ཀྱིས་ཡིག་སྒྱུར་གནང་བ་དེར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    Reply
  17. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བོད་ལ་བོད་མིའི་རྨི་ལམ་ཡོད་པ་བདེན་པ་ཡིན། བོད་མིའི་རྨི་ལམ་བོད་མིས་མངོན་གྱུར་བྱེད་ཐུབ་པའི་ཉིན་མོ་ཞིག་ཀྱང་ཡོད་ངེས་ཡིན། བོད་མི་ལ་བོད་མི་རང་གི་འདུ་ཤེས་དེ་མ་བརླག་བར་དུ་བོད་མི་རིགས་ཀྱི་རྨི་ལམ་ནམ་ཡང་བརླག་མི་སྲིད་ལ། ད་ལྟ་ལས་ཀྱང་རྨི་ལམ་དེ་དག་སྒྲུབ་ཐུབ་པའི་རྗེས་རབས་པ་ཆེས་མང་བོ་ཞིག་འཚར་ལོངས་བྱུང་ངེས་ཡིན། དེ་དུས་རྒྱའི་སྲིད་གཞུང་གིས་སྔོན་ཆད་ཁས་ལེན་མ་བྱས་པ་དག་ལ་བློ་འགྱོད་བྱེད་རྒྱུ་ལས་ལྷག་མི་ཡོང་།

    Reply
  18. ནད་པ says:
    ལོ་ 16 སྔོན།

    ཚོ་ཁྲང་ཆིན་གྱིས་རང་བཙན། བོད་མིའི་རྨི་ལམ། ཞེས་བོད་རང་བཙན་ཟེར་བ་དེ་གཏན་ནས་འབྱུང་མི་སྲིད་པའམ་མི་ཐུབ་པ་ལྟ་བུར་ངོས་འཛིན་གནང་གི་ཡོད་པ་འདྲ། ཡིན་ནའང་མི་ཞིག་ལ་མཚོན་ན་དང་པོ་སྐྱེས་པ་དང་། ཐ་མ་འཆི་བ་ནི་སུས་ཀྱང་ལྡོག་ཐབས་མེད་པ་ཞིག་རེད།

    དེ་བཞིན་འཇིག་རྟེན་གཅིག་ལ་མཚོན་ན་དང་པོ་དར་བ་དང་ཐ་མ་རྒུད་པ་ནི་རང་བྱུང་གི་ལྡོག་ཏུ་མེད་པའི་ཆོས་ཉིད་ཞིག་རེད། དེར་བརྟེན་ད་ལྟའི་དར་རྒྱས་ཆེ་བའི་རྒྱ་ནག་རྒྱལ་ཁབ་དེ་མཐར་ཉམ་གུད་འགྲོ་རྒྱུར་ངེས་པ་དང་། ད་ལྟ་བོད་གུད་པ་དེ་མཐར་དར་བའི་དུས་གཅིག་ཀྱང་ཡོང་ངེས་ཡིན།

    ང་ཚོའི་བོད་མི་རིགས་ཟེར་བ་དེའི་རིགས་རྒྱུན་རྩ་རྫོགས་མ་ཕྱིན་གྱི་བར་དུ་བོད་ཀྱི་གནད་དོན་འདི་ནམ་ཡང་ཐག་གཅོད་ཐུབ་མེད། གང་ལགས་ཟེར་ན་ངའི་མེས་པོ་དང་། སྤོ་ལགས། པྰ་ལགས། ང་། ངའི་བུ། བུའི་ཚ་བོ། ཚ་བོའི་བུ་རབས་ཚ་རྒྱུད་རྣམས་ཀྱིས་བོད་དོན་འདི་མི་རིགས་གནད་དོན་གཅིག་ཡིན་སྟབས་མུ་མཐུད་དེ་རྩོད་ངེས་རེད།
    རྒྱུ་མཚན་ནི། ཕ་ཡིས་བུ་དང་བུ་ཡིས་ཕ་བྱེད་པ། །དེ་འདྲ་བསམ་ན་ཐུང་ཐུང་ག་ནས་ཡིན། ། ཞེས་ལབ་པ་ལྟར་རྒྱ་བོད་མི་རིགས་གཉིས་ཀྱི་གནད་དོན་དེ་མི་རབས་ནས་མི་རབས་བར་རྩོད་ངེས་ཡིན་པས་མདོར་ན་བོད་རང་། བོད་མིའི་རྨི་ལམ་ཞིག་གཏན་ནས་མིན།
    དེ་ནི་བོད་མི་རིགས་ལ་ཡོང་སྲིད་པའི་མངོན་འགྱུར་གྱི་བྱ་བ་རྩ་ཆེ་ཤོས་ཤིག་ཀྱང་ཡིན།།

    Reply
  19. གནས་ཚང་། says:
    ལོ་ 16 སྔོན།

    རྒྱ་ནག་དུང་ཕྱུར་བཅུ་བཞིའི་ནང་དུ་བོད་ལ་རང་བཙན་བྱེད་པའི་ཐོབ་ཐང་འདུག་གླེང་མཁན་བྱུང་བ་གཅུག་པུ་ཡིན་མོད། བཙན་བྱོལ་གཞུང་གིས་བོད་མི་ས་ཡ་དྲུག་གི་མ་འོངས་ཐོབ་དབང་འཕྲོག་པ་ཕར་ཞོག་རྒྱ་མི་འདིའི་རྒྱབ་བསྐྱོར་ཡང་དམར་གསོད་བཏང་ཟིན་འདུག ད་ག་རེ་བྱེད་དགོས་སམ།

    Reply
  20. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    རེད་རེད། སྐབས་འདིར་ཁོ་པའི་རྩོམ་ཡིག་ནང་བོད་ཐོག་རང་བཙན་གྱི་ལྟ་ཚུལ་གླེང་ཡོད། འོན་ཀྱང་ཉེ་སྔོན་ནས་ཁོ་པའི་ལྟ་བ་འགྱུར་འདུག་ཅེས་མང་པོས་གླེང་གིན་ཡོད།

    Reply
  21. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    དབུས་ཕྲུག་ལགས། ཁོའི་ལངས་ཕྱོགས་འགྱུར་མི་འདུག་ག ཁོས་བོད་རང་བཙན་རྩོད་དགོས་པ་རེད་ཅེས་བཤད་ཀྱིན་འདུག ཡིན་ཡང་། ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་འདི་རྒྱ་ནག་ཅན་དུ་འགྱུར་ནས་ཁར་ཉན་གི་མི་འདུག་ལབ་གི་འདུག་ག

    Reply
  22. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    ད་ཆ་ཚོ་ཁྲང་ཆིན་ཡང་ཐང་ཆད་ཡོད་པ་འདྲ། དེ་སྔོན་ཁོ་པ་བཙན་བྱོལ་སྤྱི་ཚོགས་སུ་སླེབས་མྱོང་ལ། རྒྱ་མི་ཤེས་ལྡན་པའི་ནང་ནས་བོད་རང་བཙན་ཤོད་མཁན་གཅིག་རེད། ད་ཆ་ཁོ་པའི་ལངས་ཕྱོགས་འགྱུར་སོང་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese