རྒྱ་གཞུང་གིས་བོད་མི་ཚོར་རྒྱ་གར་ནང་འགྲོ་ཆོག་པ་དང་༧གོང་ས་མཆོག་གི་སྐུ་པར་བཤམས་ཆོག་པའི་སྐོར་བསྒྲགས་པ་དེ་དག་ནི། ལག་བསྟར་དོན་འཁྱོལ་མེད་པའི་འུར་སྒྲོག་ཞེ་གཅིག་ཡིན་འདུག
ཉེ་བའི་དུས་ནས་བཟུང་རྒྱ་གཞུང་གིས། བོད་དང་ཡུ་གུར་མི་རིགས་ལ་ཚད་གཞི་ཡོད་པའི་སྒོ་ནས་སྲིད་བྱུས་གསར་བ་གང་མང་ཞིག་གསར་བཟོ་བྱེད་ཀྱིན་འདུག་ལ། དེ་ནི་༧གོང་ས་མཆོག་གི་སྐུ་པར་བཤམས་ཆོག་པའི་བཀའ་རྒྱ་དང་བོད་ཁུལ་གྱི་གྲྭ་བ་དང་མི་སྐྱ་ཚོར་རྒྱ་གར་ནང་གནས་མཇལ་དུ་བསྐྱོད་ཆོག་པའི་ལག་ཁྱེར་བཟོ་བཞིན་པ་དེ་རེད། གནས་ཚུལ་ཕྱིར་སྒྲོག་པ་ཞིག་གིས་རྒྱ་ནག་གི་པའོ་ཞོན་གསར་ལམ་དུ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་གཞུང་གིས་ཕྱི་སྐྱོད་ལག་ཁྱེར་བཟོ་ཆོག་པའི་གནས་ཚུལ་བསྒྲགས་མ་ཐག བོད་ཁུལ་གྱི་སྐྱ་སེར་དབྱེར་མེད་ཀྱི་སྔ་གཞུག་ཏུ་སྤྱི་བདེ་ལས་ཁུངས་དུ་བཅར་ཏེ་ཐོ་འགོད་བྱས་ཡོད་ཀྱང་། རྒྱ་གཞུང་འབྲེལ་ཡོད་ཚན་པས་མི་སྣ་དེ་དག་རྒྱ་གར་དུ་ཏཱ་ལའི་བླ་མར་མཇལ་དུ་འགྲོ་བཞིན་པ་ཤེས་རྟོགས་བྱུང་སྟེ། བཀག་འགོག་བྱས་ཡོད་ཚུལ་བརྗོད་ཡོད་འདུག་ལ། དེ་ནི་རྒྱ་གཞུང་གི་བསྒྲགས་གཏམ་ཁོ་ན་ལས་ལག་ཁྱེར་བཟོ་སྟངས་ཀྱི་སྒྲིག་གཞི་ལ་འགྱུར་བ་ཅི་ཡང་མེད་པར་བོད་མི་ཚོར་སྔར་བཞིན་དམ་དྲག་བྱེད་བཞིན་ཡོད་པ་རེད།
རྒྱ་གཞུང་གི་གཏན་འབེབས་བྱས་པའི་ལག་ཁྱེར་བཟོ་སྟངས་ཐད་དཀའ་ངལ་ཁག་ཅིག་འཕྲད་བཞིན་ཡོད་འདུག དང་པོ། ཕྱི་སྐྱོད་ལག་ཁྱེར་བཟོ་བ་ལ་རྫོང་དང་ཁུལ། ཞིང་ཆེན་རིམ་པ་ཁག་གི་སྤྱི་བདེ་དང་ཆོས་ལུགས་ལས་ཁུངས། ཆབ་སྲིད་རྒྱུན་ཨུ་སོགས་ནས་བཀའ་ཁྲོལ་གནང་དགོས་པ་མ་ཟད། དེ་དག་རེ་རེའི་དཔང་ཡིག་དང་ཐམ་ཀ་སོགས་དགོས་པ། གལ་སྲིད། གཞུང་གི་ལས་ཁུངས་བཞི་ལྷག་གི་མཆོག་མཆན་གྱི་ཐམ་ཀ་དང་བདེན་དཔང་མེད་ཚེ་ལག་ཁྱེར་བཟོ་ཐབས་མེད་པ། གཉིས་པ། སྔོན་མ་ཕྱི་སྐྱོད་ལག་ཁྱེར་ཡོད་པའི་རིགས་ཀྱིས་དུས་ཡུན་རྫོགས་ཏེ་སླར་ཡང་གོང་རིམ་ལ་དུས་ཚོད་འཕར་འགྱངས་ཞུས་ཀྱང་། གཞུང་གིས་དུས་ལྟར་དུས་ཚོད་འཕར་འགྱངས་བྱ་མ་ཐུབ་པར་ལྷག་ཡོད་པ། གསུམ་པ། བོད་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་གནས་ཚུལ་ཕྱིར་སྒྲོག་བྱས་པ་ལྟར་ན། ད་ལྟ་དམིགས་བསལ་གྱི་དུས་སྐབས་ཤིག་ཡིན། བོད་མི་ཚོས་ཕྱི་སྐྱོད་ལག་ཁྱེར་བཟོ་ཚད་མིན། རྒྱ་གཞུང་གིས་བོད་མི་ཚོར་ཕྱི་སྐྱོད་ལག་ཁྱེར་བཟོ་མཚམས་བཞག་ཡོད་སྐོར་བརྗོད་ཡོད། བཞི་པ། རྒྱ་གར་ནས་ཡོང་བའི་རིགས་ཡིན་ཚེ། དེ་ལས་ཀྱང་ལག་ཁྱེར་རག་མི་སྲིད་ལ་དེ་ནི་རྒྱ་གཞུང་གིས་བོད་མི་ཚོར་ཐད་ཀར་རྒྱ་གར་ནང་འགྲོ་ཆོག་པའི་ལག་ཁྱེར་བཟོ་ཡི་མེད།
གནས་ཚུལ་འདིའི་ཐད། ཨེ་ཤ་ཡའི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པས་རྒྱ་ནག་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དུ་ཁ་པར་བརྒྱུད་དེ། བོད་མི་ཚོ་ཏཱ་ལའི་བླ་མར་མཇལ་བར་རྒྱ་གར་དུ་ཕྱི་སྐྱོད་ལག་ཁྱེར་སྤྲོད་ཀྱིན་ཡོད་མེད་བཀའ་འདྲི་བྱས་པར། དེའི་ཐད་ཁོང་ཚོས་གནས་ཚུལ་འདི་ཁོང་ཚོ་དང་འབྲེལ་བ་མེད་པར་དེ་རྒྱ་ནག་ཆོས་ལུགས་དོ་དམ་ཨུ་ཡོན་ལྷན་ཁང་ལ་འབྲེལ་བ་ཡོད་སྐོར་བརྗོད་ཡོད་འདུག་ལ། ཆོས་ལུགས་དོ་དམ་ཨུ་ལྷན་ཁང་གི་འབྲེལ་ཡོད་མི་སྣ་དང་། ཀྲུང་གོའི་འཐབ་ཕྱོགས་གཅིག་གྱུར་ཁང་གཉིས་ནས། འདི་ལྟ་བུའི་སྲིད་བྱུས་ཤིག་འབྱུང་མི་སྲིད་ཚུལ་བརྗོད་ཡོད་འདུག བོད་ས་ཡོངས་སུ་སྔར་བཞིན་ཕྱི་སྐྱོད་ལག་ཁྱེར་གྱི་ཐད་གུ་ཡངས་ཀྱི་རྣམ་པ་ཅི་ཡང་བྱུང་མེད་པ་མ་ཟད། སྔོན་མ་ཡོད་བསྡད་པའི་རིགས་ལའང་ཕྱི་སྐྱོད་ཀྱི་ཆོག་མཆན་སྤྲོད་ཀྱིན་མེད་པ་དང་། ཕྱི་སྐྱོད་ལག་ཁྱེར་གྱི་སྒང་ནས་རྒྱ་གར་ནང་སླེབས་བསྡད་པའི་རིགས་ཀྱང་ཕྱིར་བོད་ནང་ལོག་ཚེ་འཛིན་བཟུང་དང་བཙོན་འཇུག་བྱེད་བཞིན་ཡོད་འདུག
རྒྱལ་ནག་གིས་བཤད་པ་ཡིད་ཆེས་མ་བྱེད་རོགས་ ད་དུང་ཡང་ས་གནས་ཁ་ཤས་ལ་ཁ་དཔར་སོགས་བརྒྱུན་ལམ་གང་ཡང་སྒོ་ཕྱེ་མི་འདུག་ང་ཚོ་རྒྱ་ནག་ལ་ཡིད་ཆེས་སྔར་དྲག་རེད། དྲ་གྲོགས་ཚོ།།
འདི་ནི་རྒྱ་ནག་གིས་གཡོ་སྒྱུ་དང་། དེ་མིན་ན་རྒྱལ་བ་རིན་པོ་ཆེ་ལ་དད་གུས་ཡོད་མཁན་བལྟ་བྱེད་ཀྱི་ལག་ཆ་ཞིག་རེད། ད་ལྟ་དཀར་མཛེས་བོད་རིགས་ཁུལ་རྫོང་ཁག་ཁ་ཤས་སུ་ཕྱི་ནས་ཁ་པར་ཙམ་གྱི་ཀྱང་འགྲོའི་མི་འདུག ལག་ཁྱེར་དང་སྐུ་པར་བཤམས་ཆོག་པ་སོགས་ནི་གོ་ཡང་ཡོད་པར་བསྟན་པའི་རྩེད་མོ་ཆུང་ཆུང་ཞིག་རེད། ཧ་ཧ་ཧ།
རྩོམ་སྒྲིག་པ་ལགས། ཁྱོད་ཀྱིས་ཞུ་དག་འདྲ་བྱེད་ཀྱི་མེད་དམ། ཡིག་ནོར་གྱིས་ཁེངས་བསྡད་འདུག
ང་ཚོའི་གནས་ཚུལ་ཐོག་མའི་འབྱུང་རྐྱེན་ལ་བསམ་གཞིགས་བྱ་དགོས་པ་ལས། དོན་དངོས་ཐོག་གནས་ཚུལ་དེ་བདེན་པ་མིན་པའི་རྒྱུ་མཚན་ཤེས་རྟོགས་ཐུབ་པ་བྱེད་དགོས། ཉེ་སྔོན་བོད་ནང་༸གོང་ས་མཆོག་གི་སྐུ་དཔར་བཤམས་ཆོག་པའི་སྲིད་བྱུས་གསལ་བསྒྲགས་བྱས་པ་རེད་ཟེར་བ་དང་། ད་རེས་སླར་ཡང་བོད་མི་ཚོ་གནས་མཇལ་དུ་འགྲོ་ཆོག་པའི་སྲིད་བྱུས་གསར་པ་བྱུང་བ་ཟེར་བ་དེ་ཚོ་ནི་རྦད་དེ་ཁུངས་ལུང་མེད་པའི་སྐད་ཆ་ཞིག་རེད། གནས་ཚུལ་དེ་ཐོག་མར་རྒྱ་ཡིག་སྦོའོ་ཤུན་དྲ་རྒྱའི་ཐོག་བོད་རིགས་གསར་འགོད་པ་ཞིག་ནས་སྤེལ་འདུག་ཅིང༌། དེ་ནི་གནས་ཚུལ་གོ་ཐོས་བྱུང་སོང་ཟེར་བ་ཙམ་ལས་ཁུངས་དང་ལྡན་པའི་སྐད་ཆ་གང་ཡང་ལུང་དྲངས་རྒྱུ་མེད་པ་ཞིག་རེད། ལྷག་པར་དུ་ད་བར་རྒྱ་གར་དུ་བོད་མ་ི་རྒྱ་གཞུང་གི་ལག་འཁྱེར་ཞུས་ཏེ་ཡོང་མཁན་ཚོས་རྒྱ་གར་ནང་འཛུལ་ཞུགས་བྱ་སྐབས་རང་ཉིད་ལ་གདེངས་ཚོད་དང་དམིགས་ཡུལ་གང་མཚམས་ཞིག་ཡོད་ན་ལས་དེ་མིན་ཚང་མས་ལག་འཁྱེར་དེ་བལ་ཡུལ་ནང་མ་གཏོགས་རྒྱ་གར་དུ་རྩ་བ་ནས་བེད་སྤྱོད་བྱེད་ཀྱི་མེད་ལ། བེད་སྤྱོད་བྱས་པའི་གནས་ཚུལ་བྱུང་ཚེ་ཕྱིར་ལོག་རྗེས་དཀའ་ངལ་འཕྲད་ཀྱི་ཡོད། རྒྱ་ནག་གཞུང་ནས་ད་ལོའི་ལོ་འགོ་ནས་དེ་སྔའི་ལག་འཁྱེར་རྙིང་པ་ཡོད་པ་རྣམས་ཕྱིར་བསྡུ་དང་བཀག་འགོག ལྷག་པར་དུ་དེ་སྔ་བེད་སྤྱོད་བྱས་ཏེ་དུས་ཚོད་རྫོགས་མེད་པ་རྣམས་བེད་སྤྱོད་བྱ་ཆོག་ཀྱང་། ཞིབ་བཤེར་བྱ་རྒྱུའི་ལས་གཞི་བཙུགས་ཡོད་པ་ལས། ལག་འཁྱེར་གསར་པ་སྤྲོད་རྒྱུའི་སྲིད་བྱུས་གསར་པ་ཞིག་རྩ་བ་ནས་ཐོན་མེད། དེ་ནི་བོད་ནང་ལྷུག་གཏོང་བྱུང་བའི་གླེང་ཕྱོགས་སྤེལ་རྒྱུའི་རྫུན་གཏམ་དྲིལ་བསྒྲགས་ཀྱི་གླེང་ཕྱོགས་ཞིག་རེད། ང་ཚོས་ནམ་ཡིན་ཡང་མགོ་འཁོར་རྒྱུ་མེད། བོད་མི་རྣམས་བོད་ནས་ཕྱིར་ཐོན་ནང་འཛུལ་བྱ་རྒྱུར་དམ་དྲག་བྱ་ཤུགས་ཆེ་རུ་གཏོང་རྒྱུ་དེ་རྒྱ་ནག་གི་སྲིད་བྱུས་གསར་པ་ ཞིག་ཡིན་པ་མ་ཟད། ཕྱི་ཟླ་ 8་པའི་ཚེས་ཤར་དུ་བལ་ཡུལ་གྱི་བདེ་འཇགས་ཚན་པ་སོགས་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་གཙོས་པའི་རྒྱ་ནག་བདེ་སྲུང་ཚན་པའི་གནད་ཡོད་མི་སྣ་ཁག་ཅིག་ཚོགས་འདུ་བསྐོང་སྟེ་ས་ མཚམས་དམ་དྲག་ཆེ་རུ་གཏོང་རྒྱུ་མ་ཟད། བོད་མི་ཕྱིར་ཐོན་ནང་འཛུལ་བྱ་རྒྱུར་ལས་རིགས་ཡོད་པ་ཕུད་དེ་མིན་ཚང་མར་དམ་དྲག་བྱ་རྒྱུའི་ལག་བསྟར་བྱ་གཏན་འཁེལ་ཡོད་སྟབས་རང་དགར་གནས་མཇལ་གཏོང་རྒྱུ་དང༌། ལྷག་པར་རྒྱ་གར་ནང་གནས་མཇལ་དུ་གཏོང་རྒྱུ་ཟེར་བའི་ཚིག་དེ་ཚོ་ནི་རྦད་དེ་རྫུན་གཏམ་རང་རེད། གསར་འགྱུར་དེ་ཚོར་ཁུངས་གཏུགས་སའི་གཞི་གང་ཡང་མེད་པས། མགོ་བོ་མ་འཁོར་བ་བྱ་རྒྱུ་དེ་ཧ་ཅང་གལ་ ཆེན་པོ་རེད༎
རྒྱ་ནག་གི་སྲིད་བྱུས་མག་མོག་འདི་ལ་མྱོང་བའི་ཚོར་བ་མེད་ལ་དཔྱད་པའི་འདུ་ཤེས་མེད་པའི་བོད་མི་སྐོར་གཅིག་གིས་རང་བཙན་ལེན་རྒྱུ་བཤད