མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་ཆོས་ཀྱིས་མང་གཙོའི་དཀའ་ངལ་སེལ་ཐུབ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

ནང་ཆོས་ཀྱི་ཐོག་ནས་འདྲ་མཉམ་དང། སྤུན་ཟླར་བརྩི་བ། དྲང་བདེན་གྱི་འགྲེལ་བརྗོད་དང། གྷན་དི་རྗེ་ཡིས་གསུངས་པའི་རང་དབང་གི་འགྲེལ་བརྗོད་དེ་དག ད་ལྟའི་ལམ་སྲོལ་གྱི་ཐོག་ཏུ་སྦྱར་ན་འཕྲད་བཞིན་པའི་རང་བཞིན་གྱི་དཀའ་ངལ་མཐའ་དག་གཙང་སེལ་འགྲོ་རྒྱུར་བསྙོན་མེད་ཡིན་པར་བསམ་གྱི་འདུག

ཕྱི་ཚེས་ ༢ ཉིན་གྱི་དམངས་གཙོའི་དུས་དྲན་ཐེངས་ ༤༩ པའི་ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས། དེང་རབས་མང་གཙོའི་ལམ་ལུགས་ལ་འཕྲད་བཞིན་པའི་དཀའ་ངལ་དང་། དེའི་གདོང་ལེན་བྱ་ཕྱོགས། ཞེས་པའི་སྟེང་གསུང་བཤད་ཅིག་གནང་ཡོད། དེ་ཡང་བཀའ་ཁྲི་མཆོག་གིས། དེ་རིང་འདིར་ཕེབས་མཁན་ཚང་མར་ད་ལྟ་ངོ་སྤྲོད་གནང་བ་ནང་བཞིན། ང་ལ་དེང་རབས་མང་གཙོའི་ལམ་ལུགས་ལ་འཕྲད་བཞིན་པའི་དཀའ་ངལ་དང། དེའི་གདོང་ལེན་བྱ་ཕྱོགས་སྐོར་ལ་བགྲོ་གླེང་བྱ་རྒྱུའི་གོ་སྐབས་གནང་ཡོད་པ་རེད། སྤྱིར་བཏང་གི་འགྲོ་སྟངས་བྱས་ན་ང་སྲིད་དོན་ཚན་རིག་གི་སློབ་ཕྲུག་མིན་པས། དེའི་ཐོག་ལ་ང་ལ་སྐད་ཆ་བཤད་རྒྱུའི་གནས་ཚད་ཡོད་པ་མ་རེད། འོན་ཀྱང་བར་ལམ་བཙན་བྱོལ་བོད་མིའི་ཆབ་སྲིད་མང་གཙོའི་རིང་ལུགས་སྟེང་དུ་ལས་རིགས་ཕྲན་བུ་བྱས་པ་ཡིན་པའི་ཆ་ནས།  དེང་རབས་ཀྱི་སྲིད་དོན་ཚན་རིག་དང་། སྤྱི་ཚོགས་ཚན་རིག དཔལ་འབྱོར་ཚན་རིག་བཅས་ལ་ཕྲན་བུ་མ་བལྟས་ས་མེད་པ་ཞིག་དང། ཡང་སྒོས་དེ་འབྲེལ་གྱི་གནད་དོན་ལ་གོ་མྱོང་ཐོས་མྱོང་ཕྲན་བུ་ཞིག་ཡོད་པ་རེད། ཅེས་གསུངས་པ་དང་སྦྲགས་ཁོང་གིས་མུ་མཐུད་དོན། དེ་རིང་གི་བརྗོད་གཞི་འདི་ངས་སྡེ་ཚན་གཉིས་སུ་ཕྱེས་ནས་བགྲོ་གླེང་བྱ་རྒྱུའི་འབད་རྩོན་ཞུ་རྒྱུ་ཡིན། དོན་ཚན་དང་པོ། ལྟ་གྲུབ་དང་ལམ་སྲོལ་ནང་དུ་ཡོད་པའི་དཀའ་ངལ་གང་དང་གང་ཡིན་པ། དོན་ཚན་གཉིས་པ། ལག་ལེན་ལ་བསྟར་བའི་སྐབས་ལྟ་གྲུབ་ཀྱི་རྣམ་གཞག་དང། དངོས་སུ་ལག་ལེན་བསྟར་བའི་སྐབས་བསྟར་མ་ཐུབ་པའི་དཀའ་ངལ་བཅས་རིགས་གཉིས་ཡོད་པར་དྲན་གྱི་ཡོད། དང་པོ་ལམ་སྲོལ་ནང་དུ་ཡོད་པའི་སྐྱོན་ཆའམ་དཀའ་ངལ་དེ་ཇི་ལྟར་བྱས་ཏེ་ངོས་འཛིན་དགོས་པ་དང། དེ་ངོས་འཛིན་པར་ཐོག་མར་ལམ་སྲོལ་དེ་ཇི་ལྟར་བྱས་ནས་བྱུང་བ། ཡར་རྒྱས་ཇི་ལྟར་ཕྱིན་པ། ད་བར་ཇི་ལྟར་བྱས་ནས་སླེབས་པ་སོགས་དེའི་འཕེལ་རིམ་དང་བྱུང་རབས་ལ་བལྟ་རྒྱུ་གལ་ཆེན་པོ་རེད།  སྔོན་དུ་ང་ཚོས་ཤེས་དགོས་པ་ཞིག་ནི། འགྲོ་བ་མིའི་མངོན་འདོད་དང། སྒྲུབ་བྱ་གཏན་འཁེལ་སྟངས་མི་འདྲ་བ་གཉིས་པོ་དེ་རེད། ཆོས་དང་འཇིག་རྟེན་གཉིས་ཀ་ཡོད་པའི་སྲོལ་རྒྱུན་གྱི་ནང་དུ་སྐྱེ་བོའི་འདོད་དོན་གཏན་ལ་དབབ་སྟངས་ཤིག་དང། འཇིིག་རྟེན་ཁོ་ནའི་བསམ་པ་ལྡན་པའི་དེང་རབས་སྐྱེ་བོའི་མངོན་འདོད་གཏན་ལ་དབབ་རྒྱུའི་འགྲོ་སྟངས་ཤིག་བཅས་གཉིས་ཡོད་པ་རེད། ཆོས་སྲིད་གཉིས་ལྡན་གྱི་སྐྱེ་བོའི་འདོད་དོན་གཏན་ལ་དབབ་པའི་སྐབས་སུ་སྐྱེས་བུའི་འདོད་དོན་བཞི་ཞེས་བརྗོད་སྲོལ་ཡོད་ཅིང། དེ་ནི་ཆོས་དང་ཐར་པ། ནོར་དང་འདོད་པ་བཅས་ཡིན། དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་གང་ཡོད་པ་དེ་ཚོས། སྐྱེས་བུའི་མངོན་འདོད་ལ་ནོར་དང་འདོད་པ་གཉིས་མ་གཏོགས། མཐར་ཐུག་གི་སྐད་ཆ་མི་ཤོད་ཅིང། ནུབ་ཕྱོགས་ཀྱི་གཉའ་གནོན་དང་། བཤུ་གཞོག་གི་དཀའ་ངལ་མྱངས་ཟིན་པའི་མི་མང་པོ་ཞིག་གི་བསམ་བློའི་ནང་དུ། སྤྱི་འཐུས་དབང་འཛིན་རིང་ལུགས་དང། བཀས་བཀོད་རྒྱུད་འཛིན་རིང་ལུགས་པས་མི་མང་གི་ཐོག་ཏུ། གཉའ་མནོན་དང་བཤུ་གཞོག་ཚད་ལས་བརྒལ་བ་བཏང་སྟེ།  གྲལ་རིམ་མཐོ་དམའ་དང། ཕོ་མོའི་དབྱེ་བ་ལ་སོགས་པའི་དབང་གིས། འགྲོ་བ་མིའི་སྤྱི་ཚོགས་ཀྱི་ནང་དུ་འདྲ་མཉམ་གྱི་གནས་སྟངས་རྩ་བ་ནས་མེད་པའི་རྐྱེན་གྱིས། དྲང་བདེན་མེད་པ་དང། མིའི་སྤྱི་ཚོགས་ལ་རང་དབང་མེད་པའི་ཚོར་བ་རྣོན་པོ་ཞིག་འབྱུང་བཞིན་ཡོད་པ་དང།  དེ་ལས་གྲོལ་ཐབས་ཀྱི་ལས་རིམ་གྱི་ནང་དུ་སྲིད་དོན་གྱི་ཚན་རིག་དག་ཡར་རྒྱས་ཕྱིན་པ་རེད། མང་གཙོའི་རིང་ལུགས་དང་། དམར་པོའི་རིང་ལུགས་གཉིས་པོའི་ཁ་གཏད་གཅོག་སའང་སྤྱི་འཐུས་དབང་འཛིན་རིང་ལུགས་དང། བཀས་བཀོད་རྒྱུན་འཛིན་གྱི་རིང་ལུགས་གཉིས་པོ་དེ་རེད། དམར་པོའི་རིང་ལུགས་བྱུང་ཚུལ་ཡང་སྤྱི་འཐུས་དབང་འཛིན་རིང་ལུགས་དང་། མ་རྩ་རིང་ལུགས། མ་རྩ་ཡོད་མཁན་དང་། མེད་མཁན་གྱི་གྲལ་རིམ་བཅས་གསུམ་པོར་ཁ་གཏད་གཅོག་བྱེད་ཀྱི་ལས་གཞི་ཞིག་བརྩམས་པ་ལས་བྱུང་ཡོད་པ་དང། མང་གཙོའི་རིང་ལུགས་དེའང་། མང་ཚོགས་ཀྱི་ནང་དུ་འགྱུར་བ་ཡོད་མེད་དང། མ་རྩའི་བདག་པོ། ངལ་རྩོལ་བ་ཡིན་མིན་ལ་མ་ལྟོས་པར། མི་མང་ཚང་མ་མི་གཅིག་གཉིས་ཀྱི་འོག་ཏུ། དཀའ་ངལ་འཕྲད་པ་མཐོང་ནས་དེའི་ཁ་གཏད་ལ་དབང་ཆ་ཡོངས་རྫོགས། མི་མང་ཚང་མས་མཉམ་སྤྱོད་བྱ་རྒྱུར་བསམ་བློ་བཏང་སྟེ་བྱུང་བ་ཞིག་རེད། ཁོང་ཚོས་སྐྱེ་བོའི་འདོད་དོན་གྱི་སྒྲུབ་བྱ་བཞིར་བསམ་བློ་གཏོང་གི་ཡོད་དེ། མི་སྒེར་ལ་རང་དབང་དང།  འདྲ་མཉམ། དྲང་བདེན། ཆིག་སྒྲིལ་བཅས་ཡོད་དགོས་རྒྱུ་དེ་ཡིན་ཞིང། དེ་ནི་སྤྱིའི་ཆ་ནས་མང་གཙོའི་ལྟ་བ་བཞི་ཡང་ཡིན། དེ་ལྟར་མང་གཙོའི་ཆེད་བརྗོད་བཤད་ཚར་བའི་རྗེས། དེ་དག་ལ་དཀའ་ངལ་གང་འཕྲད་ཀྱི་ཡོད་དམ་ཟེར་ན། དཀའ་ངལ་དང་པོ་ལམ་སྲོལ་གྱི་ནང་དུ་ཡོད་པའི་སྐྱོན་ཆ་དེ་དག་ངོས་བཟུང་བ། དཔེར་ན། རང་དབང་ཞེས་པའི་སྐད་ཆ་བཤད་པའི་སྐབས། སུས་ཀྱང་རང་དབང་གི་མཚན་ཉིད་དེ་སྐྱོན་གང་ཡང་མེད་པར་འཇོག་ཐུབ་ཀྱིན་ཡོད་པ་མ་རེད། རང་དབང་དེར་མཐའ་མཚམས་ཤིག་མ་བཟུང་ཚེ། སྤྱི་ཚོགས་ཀྱི་གནས་སྟངས་དེ་ཞེ་དྲག་གིས་དཀའ་ངལ་ཆེན་པོ་ཆགས་འགྲོ་གི་རེད། ད་ལྟ་ཕན་ལ་ཁྲིམས་ཁང་རིམ་པའི་ནང་ལ་རང་དབང་བེད་སྤྱོད་སྟངས་ལ་ཁ་མཆུ་མང་པོ་བྱུང་ཞིང་། ཚང་མའི་བཀའ་བཅད་ལ་བལྟས་ཚེ། གོ་དོན་གཅིག་འགྱུར་གཅིག་ཀྱང་མེད། དེ་འདྲ་ཡིན་དུས་རང་དབང་གི་རྣམ་བཤད་ཁ་གསལ་མེད་པའི་རྐྱེན་གྱིས་མང་གཙོའི་ལམ་སྲོལ་ནང་དུ། རང་ཆས་སུ་ཡོད་པའི་དཀའ་ངལ་གཅིག་རེད། དེ་བཞིན་འདྲ་མཉམ་ལ་མཚོན་ནའང། ལྟ་གྲུབ་ཀྱི་ནང་དུ་ཡོད་པ་ཞིག་མ་གཏོགས་དེས་འདྲ་མཉམ་གྱི་གནས་ཚུལ་འགྲེལ་བཤད་བརྒྱབ་རྒྱུ་ཁག་པོ་རེད། དེང་སང་གི་ནུབ་ཕྱོགས་སྲིད་དོན་ཚན་རིག་པས་འདྲ་མཉམ་ཞེས་པ་དེ། འདྲ་མཉམ་ནང་གི་འདྲ་མཉམ་དེར་གོ་བ་མ་གཏོགས། འདྲ་མི་མཉམ་པར་མཉམ་པ་ཞེས་མི་བརྗོད་པར་བཤད་ཀྱིན་ཡོད་རེད། དེང་སང་མང་གཙོའི་ལམ་སྲོལ་གྱི་ནང་མང་ཚོགས་ལ་འདྲ་མཉམ་གྱི་ཁེ་ཕན་དེ་ཇི་ལྟར་སྤྲོད་དགོས་པར་བསམ་བློ་བཏང་དུས་འགྲེལ་བཤད་རྒྱག་ཁག་པོ་རེད། དྲང་བདེན་ཞེས་པར་ཡང་། མིས་བཟོས་པའི་ཁྲིམས་ཀྱི་ཐོག་ནས་དྲང་བདེན་ཡིན་མིན་གྱི་རྣམ་དབྱེ་ཕྱེ་རྒྱུ་མ་གཏོགས། མིས་མ་བཟོས་པའི་རང་བཞིན་གྱི་ཁྲིམས་ཀྱི་ཐོག་ནས་དྲང་བདེན་དེ་ད་ལྟའི་སྲིད་དོན་ཚན་རིག་གི་ནང་བསམ་བློ་འཁོར་མི་ཐུབ་པ་རེད། དེ་འདྲ་ཡིན་དུས་དྲང་བདེན་གྱི་མཚན་ཉིད་དང། དེར་འགྲེལ་བརྗོད་བྱ་རྒྱུ་ནི་ཞེ་དྲག་གི་དཀའ་ལས་ཁག་པོ་ཞིག་རེད། དེ་བཞིན་སྤུན་ཟླའི་འདུ་ཤེས་སམ་ཆིག་སྒྲིལ་ཟེར་བ་དེ་ལའང་དེ་ལྟར་གྱི་འགྲེལ་བརྗོད་ཅིག་བྱ་རྒྱུ་ཁག་པོ་རེད། དེ་དག་ནི་དེང་རབས་ཀྱི་མང་གཙོའི་རིང་ལུགས་ནང་དུ། ལྟ་གྲུབ་ཀྱི་རང་བཞིན་ལ་བརྟེན་ནས་གསལ་པོ་མེད་པའམ། སྐྱོན་ཆ་ཅན་ཞིག་རེད། སྐུ་ཚབ་ཀྱི་མང་གཙོ་ཞེས་པའི་སྐབས་མི་མང་གི་མངའ་དབང་དེ་སྐུ་ཚབ་ཚོ་བརྒྱུད་ནས། དབང་བསྒྱུར་བྱེད་ཀྱིན་ཡོད་པར་བཤད་ཀྱིན་ཡོད་ཅིང། ཁོང་ཚོས་དབང་འཛིན་བྱས་པའི་སྐབས། དབང་ཆ་ཐམས་ཅད་ཕྱོགས་གཅིག་ལ་སྒྲིལ་མི་འགྲོ་བ་དང། ཕན་ཚུན་ཐེ་བྱུས་མེད་ཅིང། སྤྱི་སྙོམས་བཏང་འཛིན་ཡོང་སླད། ཁྲིམས་བཟོ་དང།  འཛིན་སྐྱོང་། ཁྲིམས་ལུགས་དབང་འཛིན་བཅས་གསུམ་བཟོས་པ་རེད། ལམ་སྲོལ་དེ་ཚོའི་ནང་དུ་དབང་ཆའི་དབྱེ་བ་ཕྱེ་ཡོད་ཀྱང། ཆུ་སྒྲོམ་ལྟར་ཕན་ཚུན་མ་འདྲེས་པར་གནས་རྒྱུ་ནི་ཧ་ཅང་གི་ཁག་པོ་རེད།  དཔེར་ན། ད་ལྟ་ང་ཚོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ། དེང་རབས་ཀྱི་མང་གཙོའི་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་གཞི་རྩར་བཞག་སྟེ་བྲིས་པ་ཞིག་ཡིན་ཞིང། གྲོས་ཚོགས་དང། བཀའ་ཤག ཁྲིམས་ཞིབ་ཁང་ལ་དབང་ཚད་གང་ཡོད་མེད་མཐའ་དག ཕན་ཚུན་ཐེ་བྱུས་མེད་པའི་ཐོག་ནས་དབྱེ་བ་གསལ་པོ་ཕྱེ་ཡོད་ཀྱང་། མཐའ་མའི་འགྲོ་ས་ནི་གྲོས་ཚོགས་ཀྱི་ནང་དུ་སླེབས་ཡོང་གི་ཡོད་དུས། མཐར་ཐུག་གི་དབང་ཚད་དེ་གྲོས་ཚོགས་སུ་བཞག་ཡོད་པ་རེད། ཡང་དག་པའི་མང་གཙོ་ཞིག་ཡོང་བར་བྱེད་པར་མི་མང་གི་སྐུ་ཚབ་མཚོན་ཐུབ་དགོས་ཀྱི་ཡོད་པ་དང། སྲིད་དོན་གྱི་ཚོགས་པ་མང་པོ་ཡོད་དགོས་པ་རེད། སྲིད་དོན་གྱི་ཚོགས་པ་མང་པོ་ཞིག་བཙུགས་ནས་དེས་མི་མང་གི་མངོན་འདོད་ཡོངས་སུ་རྫོགས་པ་སྟོན་ཐུབ་རྒྱུར་བཤད་པ་དེ་ནི། ཞེ་དྲག་གི་དཀའ་ལས་ཁག་པོ་རེད།  ནང་ཆོས་ཀྱི་ཐོག་ནས་འདྲ་མཉམ་དང། སྤུན་ཟླར་བརྩི་བ། དྲང་བདེན་གྱི་འགྲེལ་བརྗོད་དང། གྷན་དི་རྗེ་ཡིས་གསུང་པའི་རང་དབང་གི་འགྲེལ་བརྗོད་དེ་དག ད་ལྟའི་ལམ་སྲོལ་གྱི་ཐོག་ཏུ་སྦྱར་ན་འཕྲད་བཞིན་པའི་རང་བཞིན་གྱི་དཀའ་ངལ་མཐའ་དག་གཙང་སེལ་འགྲོ་རྒྱུར་བསྙོན་མེད་ཡིན་པར་བསམ་གྱི་འདུག གང་ལྟར་ཡང་། ངས་རགས་བསྡུས་ཀྱི་ཚུལ་དུ་བལྟ་གྲུབ་དང་ལམ་སྲོལ་གྱི་ནང་དུ་ཡོད་པའི་དཀའ་ངལ་དག་མདོར་བསྡུས་ཤིག་ཞུས་པ་ཡིན་ཞིང། དེའི་གདོང་ལེན་ཐད་ལ་ང་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ཅེས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༢ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 22

  1. ནད་པ says:
    ལོ་ 16 སྔོན།

    སྐུ་ཞབས་ཨ་རིག་གླེང་རྒན་ལགས།
    ནང་ཆོས་ཟེར་བ་དེ་མི་སྒེར་སོ་སོས་ཉམས་ལེན་བྱེད་རྒྱུ་ལས་རྒྱལ་ཁབ་ཀྱི་རྕ་ཁྲིམས་ནང་བཀོད་ནས་བྱེད་དགོས་ཡ་གཅིག་མ་རེད།

    ད་དུང་མང་གཙོར་ཕན་པའི་ནང་ཆོས་ཀྱི་ཁྱད་ཆོས་གང་གང་ཡོད་དམ།
    ནང་ཆོས་དང་མང་གཙོ་གཉིས་ཀྱི་འགལ་བ་གང་དག་ཡོད་དམ།

    Reply
  2. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ཨོ་དགོངས་དག་མཁས་པའི་ལེགས་བཤད་ལ་མ་དགད་ན་ཟེར་བ་མ་གཏོགས།
    སྤྱིར་བཏང་མང་པོ་དགོད་ཐུབ་ན་ནད་ལ་ཕན་གི་རེད།

    Reply
  3. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    མཁས་པའི་ལེགས་བཤད་ལ་ཞེ་དྲག་མ་དགོད་ཨ་རོ་ནད་རོ་མ་།
    སྤྲེའུ་རྒན་རྣམས་ཀྱིས་མི་བཟུང་ནས།།
    འཇུག་མ་མེད་ཅེས་བཞད་གད་བྱེད།།
    ཟེར་བ་གོ་ཨེ་མྱོང།

    Reply
  4. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ནད་པ་ཟུངས་ཟད་དང་མྱི་ཐག་ཕྲ་མོ་གཉིས་ཀར་ཁག་མི་འདུག་ནང་ཆོས་ཤེས་རྒྱུ་ལས་སླ་མོ་མ་རེད།། ནང་ཆོས་ལྟར་ན་རང་དང་དམངས་གཉིས་ཀྱི་ནང་ནས་དམངས་གཙོ་བོར་བཞག་ཏེ་དམངས་ཀྱི་ཆེད་དུ་རང་ཉིད་སངས་རྒྱས་པ་བྱེད་དགོས་རེད། དེང་སང་དམངས་གཙོའི་རྒྱལ་ཁབ་འགའ་ཞིག་ན་རེ་ཟུང་གིས་ང་ལ་འོས་ཤོག་འཕེན་རོགས་ང་མི་དམངས་ཀྱི་སྲིད་འཛིན་བྱས་སྟེ་མི་དམངས་ཀྱི་ཆེད་ལས་དཀའ་ཡག་པོ་འབད་པ་ལྷོད་མེད་སོགས་བྱས་ནས་མི་དམངས་ལ་བདེ་སྐྱིད་སྟེར་རྒྱུ་ཡིན་ཟེར་ནས་ཁས་བླང་དམ་བཅའ་བ་དང་དཔེ་འདྲ་བ་རེད།

    Reply
  5. འབུར་ཐོ། says:
    ལོ་ 16 སྔོན།

    ཀློག་པ་པོ་རྣམས་ལ་དགོངས་སེལ་ཞུ་རྒྱུ། གུས་པས་གོང་དུ་བསམ་འཆར་སྤེལ་བ་དེ་ལ་དུས་ཚོད་ཀྱིས་རྐྱེན་པས་ནོར་ལྷག་ཆད་གསུམ་ཤོར་འདུག་པས་དགོངས་སེལ་ཞུ་རྒྱུ་ཡིན།

    Reply
  6. ཁ་བའི་འདབ་མ says:
    ལོ་ 16 སྔོན།

    ནང་ཆོས་འདི་སྨན་ལྟ་བུ་ཞིག་ཏུ་ཡོད་སྲིད་ཀྱང་འདི་ཟ་མཁན་གྱི་བརྒྱ་ཆ་༥༠ ཙམ་ལ་ནི་དུག་འཐུང་བ་དང་ཁྱད་པར་ཀྱང་མེད་པར་མཐོང་།

    Reply
  7. ནད་པ says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་ཁམས་བཟང་། གུས་པར་བཀུར་བའི་དགའ་བ་ལ་ཁྱེད་རང་འདྲ་བའི་ནང་ཆོས་ལ་དགའ་ཞེན་ཆེན་པོ་ཡོད་པའི་རིགས་ལ་ཚིག་འདི་ལེགས་བཤད་དུ་གོ་ཡང་། འཛམ་གླིངསྟེང་ནང་ཆོས་ཁས་མི་ལེན་གྱི་སྐྱེ་བོ་དུང་ཕྱུར་དང་ཐེ་འབུམ་མང་པོར་ཚིག་འདི་དགོད་བྲོ་བ་ཞིག་ཏུ་འགྱུར།

    ནང་ཆོས་འདི་མང་གཙོ་བོར་འཛིན་པའི་རིག་པའི་གཞུང་ལུགས་ཡང་དག་ཅིག་ཡིན་ན་འཛམ་གླིང་ཡར་ཐོན་ཅན་གྱི་དམངས་གཙོའི་རྒྱལ་ཁབ་ཁག་གིས་ད་བར་ནང་ཆོས་འདི་རྒྱུ་མཚན་ཅིའི་ཕྱིར་ལག་ལེན་བསྟར་མེད་དམ།

    ནང་ཆོས་འདི་འཛམ་གླིང་སྟེང་དུ་མེད་པ་རེད་དམ། ཡང་ན་འཛམ་གླིང་མང་གཙོའི་རྒྱལ་ཁབ་དག་གིས་ནང་ཆོས་འདི་ཡོད་མེད་མ་ཤེས་པ་ཞིག་རེད་དམ།

    བཟང་ཕྱོགས་བཤད་ན་ནང་ཆོས་འདི་མི་རྣམས་ལ་སེམས་ཀྱི་ཞི་བདེ་ཞིག་སྐྲུན་པར་བྱེད་པ་ལ་ཡག་ཤོས་ཤིག་ཡིན་ཀྱང་། ངན་ཕྱོགས་ནས་བརྗོད་ན་ནང་ཆོས་འདིས་མང་གཙོའི་སྤྱི་ཚོགས་ཀྱི་དངོས་པོའི་དཔལ་ཡོན་དང་། ཡར་རྒྱས་ལེགས་ཚོགས་སུ་གཏོང་རྒྱུར་ཡང་འགོག་རྐྱེན་ཆེ་ཤོས་བཟོ་མཁན་ཞིག་ཏུའང་སྣང་།

    གནད་དོན་གང་ཞིག་ཡིན་ཀྱང་ང་ཚོས་ཕྱོགས་སུ་མ་ལྷུང་བར་བློ་རྒྱ་ཡངས་པོར་བསྐྱེད་དེ་ཞིབ་དཔྱོད་བྱེད་དགོས་ཡ།

    Reply
  8. འབུར་ཐོ། says:
    ལོ་ 16 སྔོན།

    བཀའ་ཁྲི་མཆོག་གིས་གསུང་བཤད་དེ་བཀླགས་རྗེས་ངས་བསམ་སྙིང་བསྡུས་ཤིག་འབྲི་འདོད་བྱུང་། ད་ལྟ་ང་ཚོར་གཞུང་གིས་གནང་བའི་དམངས་གཙོ་ནི་ཡང་དག་པའི་དམངས་གཙོ་རེད། ཡིན་ནའང་ལོངས་སྤྱོད་པ་པོ་རྣམས་ལ་དམངས་གཙོ་དང་རང་དབང་གི་གོ་རྟོགས་ཧ་ཅང་ཞན་པའི་རྐྱེན་གྱིས་ད་ལྟ་བར་དུ་འོས་བསྡུ་ཡིན་རེད། གཞུང་གི་བཅའ་ཁྲིམས་ཡིན་ན་རེད། ཕྱོགས་མང་པོ་ཞེག་ནས་སྐྱོན་ཆ་ཡོད་པ་ནི་ང་ཚོས་ངོས་ལེན་བྱེད་དགོས་པའི་གནད་ཅིག་རེད། སྤྱིར་རང་དབང་ཟེར་བ་དེ་མི་རང་ཉིད་ཀྱི་བསམ་བློ་དང་འཚམ་པའི་དབང་ཆ་བེད་སྤྱོད་བྱེད་ཆོག་པ་ཞིག་ལ་ཟེར། དེ་ཡང་གཞན་གྱི་དབང་ཆ་འམ་རང་དབང་འཕྲོགས་མེད་པའི་ཐོག་ནས་བྱེད་དགོས་པ་དེ་རང་དབང་གི་སྡོམ་དེ་རེད། དེ་ན་ང་ཚོས་རང་དབང་ཅི་ཙམ་ཞིག་ལོངས་སྤྱོད་ཡོད་རེད། ང་ཚོས་རང་ཉིད་ལ་དྲི་བ་འདྲི་རྒྱུ་ལྷག་ཡོད་རེད། དཔེ་མཚོན་ཚམ་ཞུས་པ་ཡིན་ན། བཙན་བྱོལ་བོད་མའི་ཁྲོད་ན་བོད་གཞུང་གི་བཅའ་ཁྲིམས་རིན་པོ་ཆེའི་ནང་དུ་བོད་མི་ཞིག་ལ་ཐོབ་ཐང་ག་རེ་སྤྲད་ཡོད་པ་ཤེས་མཁན་ནི་ཧ་ཅང་ཉུང་ཤས་རེད། ངཚོ་མང་ཆེ་བས་རང་དབང་དང་དམངས་གཙོ་ཟེར་གྱིན་ཡོད་རུང་དེའི་སྒྲིག་གཞི་དང་། མི་སོ་སོར་འགན་ཁུར་གང་འདྲ་ཞིག་ཡོད་མེད་ནི་ཕལ་ཆེར་ནག་ཁུང་རེད། དེའི་ཕྱིར་ད་ནས་བཟུང་བོད་གཞུང་གི་བཅའ་ཁྲིམས་ནང་ལྟར་འགྲོ་དགོས་པ་དང་། དེ་ཡང་བཅའ་ཁྲིམས་ཀྱི་དོན་ཚན་རེ་རེ་བཞིན་རང་ཉིད་ཐོབ་ཐང་ལེན་ཤེས་པ་བྱེད་རྒྱུ་ནི་གལ་ཆེན་གཅིག་རེད། གཉིས་གཞུང་ལས་སུ་འདྲ་ཞིག་རྐུབ་སྟེགས་སུ་ཕུད་བསམ་ན་མིང་ཉིད་ལ་འཚོལ་གྱི་ཐོབ་ཐང་ཡོད། ཡིན་ཡང་། ད་བར་དུ་མི་མང་ལ་ཆབ་སྲིད་ཀྱི་གོ་རྟོགས་དེ་ཙམ་མེད་པས། ལས་མི་དེ་ཡང་འོས་འཚམ་ཞིག་ཡོང་ཡོད་མེད་གཉིས་ཀ་བྱུང་ཡོད་པ་གསལ་བོ་རེད། འདིའི་གནད་གཅིག་དེ་མི་རིགས་ལ་ཤ་ཞེན་ཡོད་པ་དང་། རང་ཉིད་དམ་རང་གི་ཉེ་འཁོར་ལ་ཁེ་འདོད་དང་ཐོབ་འདོད་ཤུགས་ཆེན་ཡོད་ན་སྤྱིའིལས་ཀ་སྤུས་ལགས་ཤིག་ཡོང་གི་མེད་པ་ལོ་རྒྱས་ཐོག་ནས་ང་ཚོ་ལ་ལན་སྔོན་མ་ནས་ཕུལ་ཟིན་པ་རེད། དེའི་ཕྱིར་ང་ཚོ་ཡང་དག་པའི་དམངས་གཚོ་ཞིག་ཆགས་དགོས་ན་དང་པོ་ང་ཚོས་གདོད་མ་ནས་ཁྱེར་ཡོང་པའི་ན་ཚ་དེ་མེད་པ་བཟོ་རྒྱུ་ནི་གཞོན་སྐྱེས་ཚོས་ཆེད་ལས་ལྟ་བུར་མཐོང་སོང་། མདོར་བསྡུས་བཤད་ན་ང་ཚོས་སྔོན་མ་ནང་བཞིན་ལྷོད་ཡང་བྱས་ནས་ཉལ་བསྡད་ན་རྒྱ་ནག་གིས་ང་ཚོ་རྩ་མེད་བཟོ་བ་ལས་སྲུང་སྐྱོབ་མི་བྱེད་པར་བོད་མི་སྤྱི་བོ་གནམ་བསྟན་ཀུན་ཀྱིས་ཤེས་སླའོ། །

    Reply
  9. དགའ་བ། says:
    ལོ་ 16 སྔོན།

    ནད་པ་ཟེར་བ་འདི་གནའ་སྨྱོ་ད་སྨྱོ་ཞིག་ཡིན་ཚོད་འདུག ནང་ཆོས་ཀྱིས་མང་གཙོའི་དཀའ་ངལ་སེལ་ཞེས་བཤད་པ་དགོད་བྲོ་བའི་གཏམ་ཞིག་རེད་ཟེར། ཁྱོད་གཞན་གྱི་ལེགས་བཤད་ལ་དགོད་དང་། གཞན་པ་ཁྱོད་ཀྱི་བླུན་གཏམ་ལ་དགོད་ཤོར་གྱི་འདུག ནང་ཆོས་ཀྱིས་མང་གཙོའི་དཀའ་ངལ་སེལ་ཟེར་ན་དེ་ལ་དགོད་བྲོ་བ་ཅི་ཞིག་འདུག ནང་ཆོས་འདི་མང་གཙོ་བོར་འཛིན་པའི་རིག་པའི་གཞུང་ལུགས་ཡང་དག་ཅིག་ཡིན་པས་རེད། མིན་ཟེར་ན་མིན་པའི་སྒྲུབ་བྱེད་ཅི་ཡོད། ཡང་ཅིག་དགོད་དམ།

    Reply
  10. རྐང་རྗེན་པ། says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་དང་སྐར་ཁྲི་བཙན་གཉིས་ནས་བདེན་མཐའ་གསལ་དང་སེལ་གྱི་སྐོར་ལ་དགོངས་འཆར་གནང་འདུག་ཀྱང་འཐད་དཀའ།
    སྤྱིར་ཁྱེད་གཉིས་ཀྱིས་བྲིས་པའི་མཆན་ཁག་ལ་བལྟས་ན་ཁྱེད་གཉིས་ཡི་གེའི་དག་ཆའི་སྐོར་ཤོད་ཐུབ་མཁན་རེ་རེད་མི་འདུག་པས་ངས་འདིར་མང་པོ་བཤད་མེད།
    རྩོམ་སྒྲིག་པས་འདི་ལ་ལན་མེད་དོན་ཅི་ཡིན་ནམ།
    སྤྱི་འཐུས་དབང་འཛིན་རིང་ལུགས་ཞེས་པའང་ད་དུང་ནོར་བཅོས་བྱས་མི་འདུག
    ཅིའི་ཕྱིར་ཡིན་ནམ།

    Reply
  11. བརྩེ་དུང་གི་རྒྱལ་སྲས། says:
    ལོ་ 16 སྔོན།

    བོད་མི་གང་འཚམ་ཞིག་སྐྱབས་བཅོལ་དུ་འབྱོར་ནས་བཟུང་། མི་མང་གི་འཚོ་བ་སྐྱོང་ཐབས་ཀྱི་ཁ་ཕྱཽགས་མང་གཙོའི་ལམ་སྲོལ་ཅན་དུ་བསྒྱུར་བ་ནི། ཆེས་གཟི་བརྗིད་ལྡན་པ་ཞིག་དང་རིན་ཐང་ཆེ་བའི་རླབས་ཆེན་གྱི་མདུན་བསྐྱོད་ཅིག་རེད། དེ་ལྟ་བུའི་མང་ཚོགས་ལ་དབང་བའི་ལམ་ལུགས་ཀྱི་ཐོག་ཏུ་བསྐྱོད་སྐབས། བོད་རང་ལ་སྔར་ནས་རྒྱུན་འཇགས་སུ་སོང་བའི་ལམ་ལུགས་ཁག་གིས་མཐུན་རྐྱེན་བསྒྲུབས་ཡོད་རྒྱུ་རེད་ལ། ལམ་སྲོལ་ཉི་ཚེ་བ་འགའ་ཤས་ཀྱིས་འགོག་རྐྱེན་ཡང་གང་མང་ཞིག་འཕྲོད་ཡོད་སྲིད་པ་ཞིག་རེད། དེས་ན། ངས་གོ་སྐབས་འདི་བསྟུན་ནས་འདྲི་འདོད་པ་ཞིག་ལ། བོད་མི་རིགས་ཁོ་ནར་མ་གཏོགས་མེད་པའི་སྤྲུལ་སྐུའི་ལམ་ལུགས་དེས་མང་གཙོའི་ལམ་སྲོལ་གྱི་ཐོག་ཏུ་བསྐྱོད་དུས། འགོག་རྐྱེན་དང་མཐུན་རྐྱེན་གང་ཞིག་བསྒྲུབས་ཡོད་དམ། ད་དུང་མ་འོངས་པར་སྤྲུལ་སྐུའི་ལམ་ལུགས་ཀྱིས་མང་གཙོའི་ལམ་སྲོལ་གྱིས་མཚོན་པའི་བོད་མི་རིགས་སྤྱི་ཡོངས་ཡར་རྒྱས་འཐུས་ཚང་དང་མདུན་བསྐྱོད་བྱེད་ཕྱོགས་སོགས་ལ་ཕན་གནོད་གང་ཞིག་བསྐྱེད་སྲིད་པ་ཞིག་རེད་དམ།

    Reply
  12. ནད་པ says:
    ལོ་ 16 སྔོན།

    མཁས་དབང་ཟམ་དོང་རིན་པོ་ཆེས་ནང་ཆོས་ཀྱི་མང་གཙོའི་དཀའ་ངལ་སེལ་ཐུབ་ཅེས་གསུངས་པ་དེ་དགོད་བྲོ་བའི་གཏམ་ཞིག་རེད། ནང་ཆོས་ཀྱིས་མང་གཙོའི་སྤྱི་ཚོགས་ནང་མི་རྣམས་ཀྱི་སེམས་ཀྱི་དཀའ་ངལ་སེལ་བར་བྱེད་པར་ཕན་ཐོགས་ཆེན་པོ་ཞིག་ཡོད་པ་ལས་མང་གཙོའི་དཀའ་ངལ་ཐ་དག་ནང་ཆོས་ཀྱིས་ག་ལ་སེལ་ཐུབ།

    འཛམ་གླིང་ཡར་ཐོན་ཅན་གྱི་མང་གཙོའི་རྒྱལ་ཁབ་ཁག་གི་དཀའ་ངལ་ཐ་དག་ནང་ཆོས་ཀྱིས་སེལ་ཐུབ་ཀྱི་ཡོད་ན་མང་གཙོའི་རྒྱལ་ཁབ་ཚང་མས་ནང་ཆོས་ཁོ་ན་ཉམས་ལེན་བྱེད་ཀྱི་རེད།

    གདེང་རབས་ཅན་གྱི་མང་གཙོའི་རྒྱལ་ཁབ་དག་གི་སྤྱི་ཚོགས་ཀྱི་དངོས་པོའི་མཐུན་རྐྱེན་དང་། དཔལ་ཡོན་ལེགས་ཚོགས་སུ་གཏོང་རྒྱུར་ནང་ཆོས་ཀྱིས་ཕན་ཐོགས་གང་ཡང་མེད་ལ་ཚན་ཐོགས་བྱེད་མི་ཐུབ། འོན་བཏང་མང་གཙོའི་བསམ་པའི་དཔལ་ཡོན་དར་རྒྱས་དང་། སེམས་ཀྱི་ཞི་བདེ་བསྐྲུན་པར་བྱེད་པ་ལ་ནང་ཆོས་དངོས་འབྲེལ་ཕན་ཐོགས་བྱེད་ཐུབ།

    Reply
  13. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    ཁ་སང་དེ་རིང་ང་ཚོ་དམངས་གཙོའི་སྲིད་གཞུང་དང་དམངས་གཙོའི་སྤྱི་ཚོགས་ཤིག་ལ་འགྱུར་ཡོད་པར་བཤད། ཡིན་ཡང་། ངའི་བསམ་ཚུལ་ལ་ང་ཚོའི་གཞུང་འདི་དགོན་པ་ཞིག་གིས་འཇུས་བསྡད་པ་འདྲ་བོ་འདུག ཐ་ན་གཞུང་འབྲེལ་གྱི་ཐོག་ནས་ཆོས་ཕྱོགས་ཀྱི་ལས་ཀ་ཙག་ཙིག་མང་པོ་ཞིག་གནང་གི་ཡོད་པ་རེད།

    Reply
  14. བློ་དགའ། says:
    ལོ་ 16 སྔོན།

    བཙན་བྱོལ་བོད་གཞུང་གིས་་ལས་དོན་ཆེ་ཆུང་དང་། སྐད་ཆ་རིང་ཐུང་ག་འདྲ་ཞིག་བཤད་ཀྱང་། ནང་ཆོས་དང་ནང་ཆོས་ཟེར་ནས་་་་་་ ཆོས་ལུགས་པ་ཁོ་རང་ཚོའི་ལྟོ་དོད་སྲུང་པ་ལས་མི་མང་གི་མངོན་འདོད་གཏན་ནས་མི་བསྒྲུབ་པ་རེད།

    Reply
  15. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    གུས་པའི་མ་འོངས་བར་བདེན་མཐའ་སེལ་བ་ཡིན་ཞེས་བྲིས་པ་དེ་མ་འོང་བའི་མ་འོང་བ་སྟོན་བྱེད་ཡིན ཡིག་རྨོངས་ཙམ་སེལ་མེད་པའི་ཞེས་པ་དེ་མ་འོངས་པའི་འདས་པ་བཤད་པ་ཡིན།

    Reply
  16. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྐང་རྗེན་པ་ལགས། བདེན་མཐའ་གསལ་དང་བདེན་མཐའ་སེལ་གཉིས་ཀ་ལ་གོ་རྒྱུ་ཡོད་པ་ནི་ཉིད་ཀྱིས་ཞིབ་མོ་བརྟག་དཔྱད་མ་གནང་བ་འདྲ། དེ་མིན་ཉིད་ཀྱིས་དེ་ལས་ཕར་རྒྱབ་ཀྱི་ལུང་རིག་འདྲ་བཀོད་རྒྱུ་ཡོད་ན་མ་གཏོགས་དེ་ནི་ངས་བསམ་ཚུལ་ཡིན་ན་གཉིས་ཀ་གོ་དོན་མི་འདྲ་བ་ཞིག་ཡོད་པ་ནི་ཀློག་མཁན་མང་བོ་ཞིག་གི་སེམས་ངོ་ན་གསལ་ངེས་ཡིན་ལ། དག་སེལ་བྱེད་དགོས་དོན་ཡང་མཐོང་མ་སོང་ལགས།

    Reply
  17. རྐང་རྗེན་པ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས།
    སྤྱི་འཐུས་དབང་འཛིན་རིང་ལུགས་མིན་པར། གཅིག་སྡུད་དབང་འཛིན་རིང་ལུགས་རེད། འདི་ཡིག་ཐོག་ལ་ཕབ་དུས་ཡག་པོ་མ་ཉན་པ་འདྲ། འདི་བཅོས་ན་མ་གཏོགས་གོ་ནོར་ངན་པ་ཐེབས་ཉེན་འདུག
    གཞན་ཡང། སྐར་ཁྲི་བཙན་གྱི་མཆན་དུ་གསལ་བ་ལྟར། བདེན་མཐའ་སེལ་ཞེས་པ་འདི་ལ། ༸གོང་ས་མཆོག་གི་གསུང་དང་བོད་གཞུང་གི་ཡིག་ཆ་ཁག་ཏུ་རྒྱུན་དུ་བདེན་མཐའ་གསལ་ཞེས་འབྱུང་ནའང།
    སྐར་ཁྲི་བཙན་ཙམ་མིན་པར་དུས་བབ་གསར་ཁང་ནས་རྒྱུན་དུ་བདེན་མཐའ་སེལ་ཞེས་འབྲི་གི་འདུག་པ་འདིའི་རྒྱུ་མཚན་ཅི་ཡིན་ནམ།
    གོ་དོན་ནི་བདེན་མཐའ་གསལ་ཞེས་བཀོད་ན་ལེགས་པར་འདུག་སྙམ།

    Reply
  18. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    གལ་སྲིད་ང་ཚོའི་བདེན་མཐའ་སེལ་བ་ཡིན་ནཡིག་རྨོངས་ཙམ་སེལ་མེད་པའི་རྒྱལ་ཁབ་བམ་མི་རིགས་ཤིག་དམངས་གཙོ་ཅན་དུ་བསྒྱུར་བ་ན་ཡར་རྒྱས་ཀྱི་དགག་རྡོ་ཞིག་ཏུ་འགྱུར་འགྲོ་བར་ཐེ་ཚོམ་དགོས་ཀྱི་མ་རེད་འདོད་ཀྱི།

    Reply
  19. འགྲན་ཟླ་བྲལ་བའི་རི་བོ་ཧི་མ་ལ་ཡའི་ says:
    ལོ་ 16 སྔོན།

    དམངས་གཙོ་བོ་མི་འཛིན་པའི་རྒྱལ་ཁབ་གོ་ལའི་ཐོག་ན་མེད། འདི་ནི་དངོས་ཡོད་རེད། དམངས་མེད་པའི་རྒྱལ་ཁབ་གང་ན་ཡོད་དམ། རྒྱལ་པོ་མེད་པའི་རྒྱལ་ཁབ་ཀྱང་འཇིག་རྟེན་འདི་ན་མེད། འོན་ཀྱང་བོད་པ་ད་ལྟ་ཕྱེད་ཙམ་དམར་ཤོག་དང་ཕྱེད་ཙམ་དམངས་གཙོའི་ལམ་ལ་འགྲོ་བཞིན་ཡོད། འདི་གཉིས་བསྡུར་ན་ཕལ་ཆེར་ནང་ཆོས་ལ་ཁས་མི་ལེན་མཁན་ཧ་ཅང་ཉུང་ཉུང་རེད། ལྷག་དོན་ང་ཚོ་འདིའི་བར་ན་དཀའ་ངལ་ཆེན་པོ་གཅིག་འདུག

    Reply
  20. ལི་ཐང་བཤད་སྒྲུབ says:
    ལོ་ 16 སྔོན།

    བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་གནང་བ་བཀའ་དྲན་ཆེ་

    Reply
  21. དགྲ་འདུལ། says:
    ལོ་ 16 སྔོན།

    དམངས་གཙོའི་ནང་དུ་རང་དབང་དང་འདྲ་མཉམ་ཡང་དག་པ་ཞིག་མི་ཡོང་བ་དེ་ནི། མི་ཚང་མ་མི་སྒེར་བ་རེ་རེ་ཡིན་པའི་རྐྱེན་གྱིས་རེད། འདི་ནི་གཞུང་ལུགས་ཀྱིས་ཐག་ཆོད་པ་ཞིག་ག་ལ་ཡིན། ཡིན་ཡང་། དཀའ་ངལ་རེ་ཟུང་ཐག་གཅོད་ཀྱི་ཡིན་ཟེར་ན། དེ་ལ་ཐབས་ལམ་ཏག་ཏག་ཡོད་རྒྱུ་རེད།
    དམངས་གཙོ་ཞེས་བོས་པ་ཙམ་གྱིས་གང་ཐག་བཅད་པ་རེད་ཟེར་ན། མང་མོས་འདོད་འདུན་དང་ཐུན་མོང་གི་འབབ་ས་ཞིག་བཤད་པ་རེད་མ་གཏོགས། དཀའ་ངལ་མཐའ་དག་ཐག་བཅད་པ་ག་ལ་ཡིན།

    Reply
  22. དགྲ་འདུལ། says:
    ལོ་ 16 སྔོན།

    རིན་པོ་ཆེ་ཁོང་ནི། རང་བཙན་འཐབ་རྩོད་པ་ཞིག་ཡིན་མིན་བཤད་དཀའ་རུང་། ང་ཚོའི་དམངས་གཙོའི་དེད་དཔོན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese