ལས་བྱེད་ས་སྟོང་གསལ་བསྒྲགས།
༄༅།།བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭར་ལས་བྱེད་གཉིས་ཀྱི་ས་སྟོང་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཐོག་ཞུགས་བློ་ཡོད་མཁན་རྣམས་ནས་ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༣༠ འགྱངས་མེད་འདི་གར་འཚང་སྙན་འབུལ་དགོས།
༡༽ དགེ་རྒན་གཅིག
ཀ༽ དམའ་མཐར་ Diploma in Special Education/Graduate with Certificate in Special Education/Montessori Teacher’s Training གང་རུང་འཐོན་པའི་ལག་འཁྱེར་ཡོད་པ།
ཁ༽ དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་རྣམས་ལ་བྱམས་བརྩེ་དང་ལྡན་པའི་ཐོག་ཞབས་ཞུའི་ཆོད་སེམས་ཡོད་པ།
ཕོགས་ཐོབ་དང་མཐུན་རྐྱེན།
མཐོ་སློབ་འཐོན་པའི་སྟེང་གོང་གསལ་ལག་འཁྱེར་ཡོད་པར་ཟླ་རེ་ཕོགས་ཐོབ་སྒོར་ ༨༠༠༠།༠༠ དང༌། འཛིན་རིམ་ ༡༢ འཐོན་པའི་ཐོག་གོང་གསལ་ལག་འཁྱེར་ཡོད་ན་ཟླ་རེ་སྒོར་ ༧༥༠༠།༠༠ ཡོད། མཐུན་རྐྱེན་གཞན་ཁག་འདི་གའི་སྒྲིག་གཞིའི་དགོངས་དོན་བཞིན་ཐོབ་རྒྱུ།
༢༽ མ་ཚབ་གཅིག
ཀ༽ དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་རྣམས་ལ་བྱམས་བརྩེ་དང་ལྡན་པའི་ཐོག་ཞབས་ཞུའི་ཆོད་སེམས་ཡོད་པ།
ཁ༽ ཉུང་མཐར་འཛིན་རིམ་ལྔ་པ་ཐོན་པའི་ལག་འཁྱེར་ཡོད་པ། དེ་ལས་མཐོ་བ་ཡོད་ཚེ་དམིགས་བསལ་དགོངས་བཞེས་གནང་རྒྱུ།
ཕོགས་ཐོབ་དང་མཐུན་རྐྱེན།
ཕོགས་ཐོབ་ཟླ་རེ་སྒོར་ ༦༩༠༠།༠༠ དང༌། མཐུན་རྐྱེན་གཞན་ཁག་འདི་གའི་སྒྲིག་གཞིའི་དགོངས་དོན་བཞིན་ཐོབ་རྒྱུ།
དེ་མིན་གྱི་ཆ་རྐྱེན་གཞན་ཚང་དགོས་ཁག
༡༽ རྒྱལ་དོན་དཔྱ་དངུལ་ལག་དེབ་ཀྱི་ངོ་བཤུས།
༢༽ གནས་ཡུལ་རྒྱལ་ཁབ་ནང་སྡོད་ཆོག་པའི་ལག་དེབ་ཀྱི་ངོ་བཤུས།
༣༽ རང་གཞུང་གི་སྨན་ཁང་ནས་ནད་མེད་ལས་འཕེར་གྱི་སྨན་པའི་ངོས་སྦྱོར་ཕྱེད་དཔར་མཉམ་སྦྱར་ཡོད་པ།
༤༽ རང་ལོ་ ༤༥ ལས་མ་བརྒལ་བ། སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་དེ་མིན་གནས་སྡོད་ལག་དེབ་ལ་རྩ་འཛིན་ཞུ་རྒྱུ།
༥༽ ཕྲུ་གུ་ལོ་ ༥ མན་མཉམ་སྦྱར་མེད་པ། བསྐོ་གཞག་རྗེས་མངལ་ཆགས་མཚམས་ལས་གནས་ནས་རྩ་དགོངས་སྩལ་རྒྱུ།
༦༽ ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ།
གོང་གསལ་ཡིག་ཆའི་ངོ་བཤུས་ཁག་དངོས་བདེན་ཡིན་པའི་ས་གནས་འགོ་འཛིན་ནམ་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་གི་དྭགས་མཆན་འཁོད་དགོས། འཚན་སྙན་ནང་སོ་སོའི་ཁ་བྱང་དང༌། ཁ་དཔར་ཨང༌། མྱུར་འཕྲིན་དང་གློག་འཕྲིན་ཨང་སོགས་ཇི་ཡོད་ཁ་གསལ་བཀོད་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིཌ་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ལས་ཁང་ནས་ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༨ ལ།།
Director,
Ngoenga School for Tibetan Children with Special Needs
S. D. Road, P.O. Kulhan – 248 001
Distt. Dehradun, Uttarakhand
Email: ngoenga@rediffmail.com, Ph: (0135) 2607688, Tele Fax: (0135) 2607128