བོད་ཀྱི་འཐབ་རྩོད་འདི་མུ་མཐུད་ཡུན་རིང་གནས་སྲིད་པས་བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་སྤེལ་ཕྱོགས་ལ་སྔར་བས་ཀྱང་དམ་བཅའ་བརྟན་པོ་དང་། ཆིག་སྒྲིལ་བྱ་དགོས་ཟེར།
ཟླ་འདིའི་ཕྱི་ཚེས་ ༢ ཉིན་ནམ་འཛམ་གླིང་ཞི་བདེའི་ཉིན་དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ ཀྱིས། མགོ་བརྗོད་དུ། མ་འོངས་བོད་ཀྱི་འཚེ་མེད་ཞི་བའི་ལས་འགུལ་བྱེད་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་ཞེས་ པའི་ཤོག་ངོས་དགུ་ཅན་གྱི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་ཡོད་ལ། དེ་ནི་བོད་དོན་འཐབ་རྩོད་འདི་བཞིན་མུ་མཐུད་ཡུན་རིང་གནས་སྲིད་པས། བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལས་འགུལ་བྱེད་ཕྱོགས་ཁག་ཅིག་ཁ་ཇེ་གསལ་དུ་ བཏང་བ་དང་། སྔར་བས་ཀྱང་འཚེ་མེད་ཞི་བའི་ལམ་དུ་གོམ་གང་མདུན་སྐྱོད་བྱེད་ཆེད་དུ་ཡིན་འདུག
ཉིན་ དེར་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་གྲྭ་བློ་བཟང་དཔལ་ ལྡན་ལགས་ཀྱིས་གསུངས་དོན། ང་ཚོས་ལམ་སྟོན་ཡིག་ཆ་འདིའི་ནང་སྤྱིར་རྒྱལ་སྤྱིའི་སྟེང་གི་འཚེ་མེད་ཞི་བའི་ ལས་འགུལ་སྤེལ་ཕྱོགས་སྐོར་གཅིག་དང་། གཞིས་བྱེས་བོད་མིའི་རེ་འདུན་མངོན་པར་མཚོན་པའི་ལས་འགུལ་ཁག་ཅིག རྒྱ་ནག་གི་རྩ་ཁྲིམས་སོགས་ཁྲིམས་སྒྲིག་གི་འབྲུ་དོན་འོག་འཚེ་མེད་ཞི་བའི་འཐབ་ རྩོད་བྱེད་ཐབས་བཅས་དོན་ཚན་ཆེན་མོ་གསུམ་དུ་བསྡུས་ཡོད་ཅེས་གསུངས་ཡོད་ལ། ལམ་སྟོན་ཡིག་ཆ་དེའི་སྔོན་གླེང་ནང་དུ་ད་ལྟ་བོད་ཡུལ་རྒྱ་ནག་གིས་བཙན་བཟུང་གནས་ བབ་འོག བོད་གཞིས་བྱེས་གཉིས་སུ་གྱེས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དུས་ཚོད་ཅིག་ཏུ་ སླེབས་ཡོད་ལ། འདས་པའི་མི་ལོ་ལྔ་བཅུའི་རིང་བོད་ནང་གི་བོད་མི་གཙོ་བོར་གྱུར་བའི་གཞིས་བྱེས་ བོད་མི་ཡོངས་ཀྱིས་འཚེ་མེད་ཞི་བའི་སྒོ་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱས་ཡོད་ ལ། བོད་ཀྱི་འཐབ་རྩོད་འདི་ནི་བོད་མི་མང་གི་རྩ་དོན་ཡིན་པ་ལས་མི་སྒེར་བ་རེ་ཟུང་ གི་ཁེ་ཕན་གྱི་གནད་དོན་མ་ཡིན་པ་མ་ཟད། མ་འོངས་པའི་དུས་ཡུན་ནང་བོད་མི་ཚོས་མི་རབས་ནས་མི་རབས་བརྒྱུད་འཐབ་རྩོད་བྱ་ རྒྱུ་ཡིན་པ་འདས་པའི་མི་ལོ་ལྔ་བཅུའི་རིང་བོད་ནང་བྱུང་བའི་ཞི་རྒོལ་བྱེད་ ཕྱོགས་ཀྱི་ཐོག་ནས་ཧ་ཅང་གསལ་བོ་བཟོས་ཡོད། དེར་བརྟེན་མ་འོངས་པའི་བོད་ཀྱི་རྩ་དོན་རྩོད་ལེན་འཚེ་མེད་ཞི་བའི་ལམ་དུ་མུ་ མཐུད་འགྲོ་དགོས་པ་ནི་རྩ་བའི་དམ་བཅའ་ཞིག་ཆགས་ཀྱི་ཡོད་ཅེས་དང་། འཚེ་མེད་ཞི་བ་ནི་བོད་དང་བོད་མིའི་ངོས་ནས་བོད་ལ་རང་དབང་སྒྲུབ་པའི་སྐབས་སུ་ འདོར་མི་རུང་བའི་སྒྲུབ་བྱེད་ཀྱི་ཐབས་ལམ་གལ་གནད་ཆེ་ཤོས་ཡིན་པ་ནན་ཏན་གྱི་སྒོ་ ནས་དྲན་གསོ་ཞུ་བཞིན་པ་མ་ཟད། བོད་རྒྱ་དབར་གྱི་འཐབ་རྩོད་འདི་དུས་ཡུན་རིང་བོའི་བར་གནས་སྲིད་པས་བོད་མི་མང་ གི་ངོས་ནས་དེའི་ཐད་གྲ་སྒྲིག་ཚགས་ཚུད་ངེས་པར་དུ་བྱེད་དགོས། ཞེས་གསལ་ཡོད།
ལམ་སྟོན་ཡིག་ཆ་དེའི་ནང་རྒྱལ་སྤྱིའི་སྟེང་གི་ལས་འགུལ་གནང་ཕྱོགས་ཞེས་པའི་ནང་། གཙོ་བོ་ད་བར་འཚེ་མེད་ཞི་བའི་ཐབས་ལམ་འདི་གནད་དོན་གང་ཞིག་ལ་མོས་མཐུན་མེད་པའི་ ཁོར་ཡུག་ངེས་ཅན་ཞིག་གི་ནང་། མོས་མཐུན་མེད་མཁན་གྱི་ངོས་ནས་ལག་བསྟར་བྱས་དང་བྱེད་མུས་ཡིན་ལ། སོ་སོའི་འཚེ་མེད་ཞི་བའི་ལས་འགུལ་གྱི་ཚད་གཞི་དང་མཐུན་པའི་གྲུབ་འབྲས་ཀྱང་ངེས་ ཅན་ཐོབ་དང་འཐོབ་བཞིན་པ་ཡིན་ཞེས་དང་། གཞུང་དང་མཐུན་ལམ་མི་བྱེད་པའི་འཚེ་མེད་ཞི་བའི་ལས་འགུལ་དང་དཔལ་འབྱོར་གྱི་ཐོག་ ནས་མཐུན་ལམ་མི་བྱེད་པ། སྤྱི་ཚོགས་ཀྱི་མི་མཐུན་ལམ་མི་པ་སོགས་ནི་བོད་ལྟ་བུའི་ཆབ་སྲིད་ཀྱི་དཀའ་ངལ་ ཡོད་པ་ཚོས་རིམ་བཞིན་ལག་བསྟར་བྱས་དང་བྱེད་མུས་རེད། འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་ལས་དོན་ལེགས་འགྲུབ་ཡོང་མིན་ནི། མི་མང་གི་ངོས་ནས་གནད་དོན་གང་གི་དོན་དུ་འཐབ་རྩོད་བྱེད་པའི་རྩོད་གཞི་དེའི་ ཆིག་སྒྲིལ་གྱི་དམ་བཅའ་བརྟན་མིན་དང་། ཁོར་ཡུག་གི་གནས་བབ་འོག་གི་གྲ་སྒྲིག་ལ་རག་ལས་པ་ཞིག་རེད་ཅེས་གསལ་ཡོད།
ཡང་གཞིས་བྱེས་བོད་མིའི་རེ་འདུན་མངོན་པར་མཚོན་པའི་ལས་འགུལ་ཁག་ཅིག་ཅེས་པའི་ནང་། ནང་གསེས་སྡེ་ཚན་གསུམ་ཡོད་ལ། གཙོ་བོ་གཞིས་བྱེས་བོད་མི་མང་ཚོགས་ཀྱིས་འདས་པའི་མི་ལོ་ལྔ་བཅུའི་རིང་བོད་ལ་ གོད་ཆག་དང་། ཡར་རྒྱས་ཀྱི་རྣམ་པ་གང་འདྲ་བྱུང་ཡང་ནམ་ཡང་བློས་གཏོང་བྱས་མེད་པ་ནི་༸གོང་ས་ མཆོག་ཡིན་ལ། གནད་དོན་འདིས་བོད་འདི་གནས་སྟངས་བཟང་ངན་ཡག་སྡུག་གང་འདྲ་ཞིག་ཏུ་ལྷུང་ཡང་བོད་ ཀྱི་དབུ་ཁྲིད་༸གོང་ས་མཆོག་ཡིན་པ་གསལ་བཟོ་བྱས་ཐོག ཁོང་མགྱོགས་མྱུར་ངང་བོད་ལ་ཕེབས་དགོས་པ་ནི་མི་མང་གི་སེམས་སྟེང་གི་རེ་འདུན་ གཙོ་ཆེ་ཤོས་དེ་རེད་ཅེས་དང་། ཁོང་བོད་དུ་ཕེབས་ཆེད་མང་ཚོགས་ཀྱི་མཚན་རྟགས་བསྡུ་རུབ་དང་སྐུ་ཚབ་ཆེད་གཏོང་ གིས་རྒྱ་གཞུང་ལ་སྙན་ཞུ་འབུལ་བ། རེའུ་གཟའ་ལྷག་པ་ནམ་ཡིན་ལ་མི་མང་འདུ་འཛོམས་ཀྱིས་༸གོང་ས་མཆོག་ལ་ཞབས་བརྟན་ འདོན་པ། ཆོས་བརྒྱུད་ཁག་མཉམ་འདུས་ཀྱིས་ཁོང་བོད་ལ་གདན་འདྲེན་བྱེད་དགོས་པའི་རེ་འདུན་ ཡོངས་ཁྱབ་ཏུ་སྤེལ་དགོས་པ་སོགས་གསལ་ཡོད།
དེ་བཞིན་རྒྱ་ནག་གི་རྩ་ཁྲིམས་སོགས་ཁྲིམས་སྒྲིག་གི་འབྲུ་དོན་འོག་འཚེ་མེད་ཞི་བའི་ འཐབ་རྩོད་བྱེད་ཐབས་ཞེས་པའི་ནང་། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་རྒྱ་ནག་གི་ཆབ་འབངས་མི་སེར་ ལ་ཡོད་པའི་ཐོབ་ཐང་སྤྱི་དང་། གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ས་གནས་ལ་མི་རིགས་ས་གནས་རང་སྐྱོང་བྱེད་ཆོག་ པའི་ཁྲིམས་ལུགས་ཀྱི་ཁེ་དབང་སྤྲད་ཡོད། ལྷག་དོན་དམིགས་བསལ་ལོ་རྒྱུས་ཀྱི་གནས་བབ་ལྡན་པའི་མདོ་དབུས་ཁམས་གསུམ་གྱི་བོད་ ལ་འཛིན་སྐྱོང་གཅིག་གི་འོག་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་སྤྲོད་ དགོས་པ་དམིགས་བསལ་གྱི་གནས་སྟངས་ཤིག་ཆགས་ཀྱི་ཡོད་ལ། མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཐད་ད་ཡོད་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ ཀྱི་ས་གནས་རང་སྐྱོང་གི་བཅའ་ཁྲིམས་འཐུས་ཚང་ཡིན་མིན་ཇི་ལྟར་ཡང་། ཁྲིམས་ཡིག་དེའི་ནང་གསལ་བ་གང་དང་། རྒྱ་ནག་གཞུང་གིས་སྔ་ཕྱི་རིམ་པར་འཛམ་གླིང་ལ་ཡོངས་ཁྱབ་ཀྱི་ལམ་ནས་ཁས་ལེན་བྱས་ པ་རྣམས་རྩོད་ལེན་བྱེད་དགོས་ཞེས་གསལ་ཡོད་ལ། ནང་གསེང་དོན་ཚན་ལྔ་རུ་དབྱེ་སྟེ་བོད་མི་རྣམས་ཀྱི་རྒྱ་ནག་གི་རྩ་ཁྲིམས་དང་མ་ འགལ་བའི་ཐོག་འཚེ་མེད་ཞུ་བའི་ལས་འགུལ་སྤེལ་ཕྱོགས་སོགས་བསྒྲགས་ཡོད་པ་རེད།
འཇིགས་བྲལ་བསྟན་འཛིན་ལགས། སྟོན་པ་ཤཱཀྱ་ཐུབ་པ་ལས་ལྷག་ཅིག་ྋ་གོང་ས་མཆོག་གིས་ང་ཚོར་གསལ་བོར་གསུངས་ཡོད། ད་སྔོན་མ་དང་མི་འདྲ་མ་ཤེས་པ་ཟེར་བ་དེ་ཕལ་ཆེར་ཡོད་པ་མ་རེད། ད་ལས་མི་ལས་ལ་འབྲེལ་བ་ཆགས་ཡོད་པ་རེད། ཞེས་ཚིག་ཐག་བཅད་ནས་གསུངས་པ་ལན་ཉུང་ཉུང་མིན། འོན་ཀྱང་ད་དུང་སྔར་བཞིན་ཁ་ཙམ་ནས་བཤད་པ་དང་ཡིག་ཐོག་ནས་འདོན་པ་ཙམ་གཙོ་གནད་བྱེད་ཀྱི་ཡོད་པ་ངས་བཤད་ག་ལ་དགོས། ཁྱེད་ལའང་མྱི་ཞད་ཅིག་ཡོད་ན་འདི་ལ་གསལ་བཤད་ལོང་པ་གང་བྲིས་ནས་བསྐྱར་བཤད་འདི་འདྲ་བྱེད་དགོས་དོན་གང་ན་ཡོད། ཡིན་ན་རཱ་ངས་ཁྱེད་ཀྱི་འདོད་པ་བསྐངས་ནས་བྲིས་ཡོད།
ཨ་རོགས། ཨ་ལ་ལ་ལགས། ད་ལག་ནས་ལས་པའི་དུས་ཡིན་དཱ། ཟེར་བ་ནི་ཧ་ཅང་གནད་ལ་ཕིགས་པའི་གཏམ་ཞིག་ཏུ་མཐོང་། ལག་ལེན་ལ་འབབ་དགོས་པ་དངོས་ཡོད་རེད། ཡིན་ནའང་ཇི་ལྟར་ལག་ལེན་ལ་འབབ་དགོས་པ་ནི་ང་ཚོ་ལ་དྲི་བ་ཞིག་ཡིན་ལ། འདིར་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་ལག་ལེན་ལ་འབེབ་སྟངས་གནད་ལ་ཕིག་པ་མི་ཉུང་བ་ཞིག་བཏོན་འདུག་པས་ཁྱོད་ལ་ཅུང་ཟད་ཕན་པར་སྨོན། ཅིག་བྱས་ན་ཁྱོད་ཤཱཀྱ་ཐུབ་པ་དངོས་སུ་བྱོན་ཏེ་ཆོས་གསུངས་ཡང་གནས་ལུགས་ངོ་མི་འཕྲོད་པའི་བླུན་པོ་ཞིག་མིན་པར་སྨོན།
མ་གཞི་ནས་མ་བཤད་ན་མི་གོ་ལ། མ་ཤེས་ན་མི་འཇོན་པའི་གནས་ལུགས་དེ་ཡང་ཁྱོད་ཀྱིས་མཁྱེན་ངེས་ལགས།
ད་ཁ་ནས་བཤད་པ་མང་མེད་ན་ཉུང་མེད། ད་ལག་ནས་ལས་པའི་དུས་ཡིན་དཱ།
དྲ་གྲོགས་ཚོ་ངེས་བ་དོན་གྱིས་རྒྱབ་བྱོས་དང་འདི་ནི་ཐབས་ལམ་བཟང་བོ་ཞིག་རེད།གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཚང་ལ་བྱ་བ་ཐམས་ཅད་བཀྲ་ཤེས་ལོ་ལགས་ཡོང་བའི་སྨོན་འདུན་ཞུ།
དྲ་གྲོགས་ཚོ། འདི་ན་སྤྱི་འཐུས་ཀྱི་རྙོག་གླེང་མི་འདུག་ལ། ནང་དཀྲུགས་བྱེད་ས་ཡང་འདི་ན་མི་འདུག རྣམ་པ་ཚོ་ཡང་ཞེ་དྲག་མཇལ་རྒྱུ་ཡང་མི་འདུག ཡིན་ནའང་ཁྱོད་རང་དོན་དམ་པའི་བོད་ལ་ཤ་ཚ་ཡོད་ན་ཡིག་ཆ་འདི་ཀློག་དགོས་ངེས་རེད།
ཡིག་ཆ་འདི་ནི་རང་རེ་བཙན་བྱོལ་སྤྱི་ཚོགས་ཀྱི་ཚོགས་སྡེ་ཁག་གི་ངོས་ནས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་ལས་དོན་ཤིན་ཏུ་གལ་ཆེ་འདི་བཞིན་ད་ལན་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་དབུས་རྒྱུན་ལས་ཁང་ནས་སྤེལ་བར་དགའ་བསུ་ཡོད།
ཚོགས་པའི་ངོས་ནས་མུ་མཐུད་ལས་དོན་གལ་ཆེན་འདི་འདྲ་སྤེལ་བའི་རེ་བ་ནན་པོ་ཞུ་གི་ཡོད་ལ། ཚོགས་པ་གཞན་དག་གིས་ཀྱང་མིག་དཔེ་བལྟ་འོས་ངེས་ཤིག་འདུག
དྲ་གྲོགས་ཚོ། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་སྤེལ་བའི་འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་སྤེལ་ཕྱོགས་སྐོར་གྱི་ཡིག་ཆ་འདི་རུ་ཆ་ཚང་བཀོད་ཡོད། མ་འོངས་བོད་ཀྱི་འཚེ་མེད་ཞི་བའི་ལས་འགུལ་བྱེད་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་ཟེར་བ་འདི་བཞིན་ངོ་བཤུས་ཀྱིས་བོད་ནང་དུ་རྣམ་པ་ཚོའི་ཐད་ཀའི་འབྲེལ་ཡོད་ལ་གཏོང་གནང་ཡོང་བའི་རེ་སྐུལ་བྱེད་བཞིན་ཡོད། ཡིན་ནའང་ཚོགས་པའི་མིང་ཐོག་གི་ཡིག་ཆའི་ཚིག་དོན་ལ་འགྱུར་བ་རྩ་བ་ནས་མི་གཏོང་བའི་རེ་སྐུལ་བྱེད་ཀྱི་ཡོད་ལ། ཆོག་མཆན་ཡང་ཡང་སྤྲད་མེད།
དྲ་གྲོགས་ཚོ། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་སྤེལ་བའི་འཚེ་མེད་ཞི་བའི་ལམ་ལས་འགུལ་སྤེལ་ཕྱོགས་སྐོར་གྱི་ཡིག་ཆ་འདི་རུ་ཆ་ཚང་བཀོད་ཡོད། མ་འོངས་བོད་ཀྱི་འཚེ་མེད་ཞི་བའི་ལས་འགུལ་བྱེད་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་ཟེར་བ་འདི་བཞིན་ངོ་བཤུས་ཀྱིས་བོད་ནང་དུ་རྣམ་པ་ཚོའི་ཐད་ཀའི་འབྲེལ་ཡོད་ལ་གཏོང་གནང་ཡོང་བའི་རེ་སྐུལ་བྱེད་བཞིན་ཡོད། ཡིན་ནའང་ཚོགས་པའི་མིང་ཐོག་གི་ཡིག་ཆའི་ཚིག་དོན་ལ་འགྱུར་བ་རྩ་བ་ནས་མི་གཏོང་བའི་རེ་སྐུལ་བྱེད་ཀྱི་ཡོད་ལ། ཆོག་མཆན་ཡང་ཡང་སྤྲད་མེད།
གསུམ་པ། བོད་མི་ཚོ་དུས་རབས་དང་མཐུན་པར་ཡར་རྒྱས་འགྲོ་དགོས་ཀྱི་ཡོད་ལ། འགྲོ་འདོད་བྱེད་ཀྱི་ཡོད། དེ་ལྟར་ཡོང་བར་དེང་དུས་ཀྱི་རྒྱལ་སྤྱིའི་ཚན་རིག་དང་ལག་རྩལ་ཡར་རྒྱས་གཏོང་རྒྱུའི་ནང་མཉམ་ཞུགས་ཆ་ཤས་ལེན་དགོས་པ་ཡིན་ལ། འདི་ནི་ཡུལ་མིར་སློབ་གསོའི་འགན་ཁུར་རྒྱལ་ཁབ་ནས་ལེན་དགོས་པ་དང༌། ས་གནས་ནས་རང་བདག་གི་སྒོ་ནས་དོ་དམ་བྱེད་རྒྱུའི་དགོངས་པ་ཡང་ཡིན། དེར་བརྟེན་བོད་མི་ཚོས་ཤེས་ཡོན་ཡར་རྒྱས་ཡོང་བར་དགོས་འདུན་ནན་པོ་འདོན་དགོས་པ་ཡིན། འདི་ནི་རྩ་ཁྲིམས་སོགས་ཁྲིམས་སྒྲིག་གིས་གནང་བའི་ཐོབ་ཐང་ཡིན།
དེ་ཡང་དོན་ཚན་བཅུ་དགུ རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་བྱ་བཞག་གོང་དུ་སྤེལ་ཏེ་རྒྱལ་ཡོངས་མི་དམངས་ཀྱི་ཚན་རིག་རིག་གནས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་ཡིན། རྒྱལ་ཁབ་ཀྱིས་སློབ་གྲྭ་སྣ་ཚོགས་འཛུགས་གཉེར་བྱས་ཏེ་དམའ་རིམ་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་བ་དང་འབྲི་རིམ་སློབ་གསོ་དང༌། ལས་རིགས་སློབ་གསོ།མཐོ་རིམ་སློབ་གསོ་བཅས་གོང་དུ་སྤེལ་བར་མ་ཟད་སློབ་ལོ་མ་ལོན་སྔོན་གྱི་སློབ་གསོའང་གོང་དུ་སྤེལ་བ་ཡིན། རྒྱལ་ཁབ་གྱི་སློབ་གསོའི་སྒྲིག་བཀོད་སྣ་ཚོགས་སྤེལ་ཏེ་ཡིག་རྨོངས་སེལ་བ་ཡིན་ལ། བཟོ་པ་དང་ཞིང་པ། རྒྱལ་ཁབ་ཀྱི་ལས་བྱེད་པ། ངལ་རྩོལ་པ་གཞན་དག་བཅས་ལ་ཆབ་སྲིད་དང་རིག་གནས། ཚན་རིག ལག་རྩལ། བྱེད་སྒོ་བཅས་ཀྱི་སློབ་གསོ་གཏོང་བ་དང༌། རང་སྦྱོང་ལ་བརྟེན་ནས་ཡོན་ཏན་ཅན་དུ་འགྱུར་བར་སྐུལ་མ་གཏོང་བ་ཡིན། རྒྱལ་ཁབ་ཀྱིས་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་རྒྱལ་ཁབ་ཀྱི་ཁེ་ལས་ལས་དོན་རྩ་འཛུགས༌། སྤྱི་ཚོགས་རིང་ལུགས་སྟོབས་ཤུགས་གཞན་དག་བཅས་ཀྱིས་བཅའ་ཁྲིམས་གཏན་འབེབས་ལྟར་སློབ་གསོའི་བྱ་བཞག་སྣ་ཚོགས་འཛུགས་གཉེར་བྱེད་པར་སྐུལ་མ་གཏོང་བ་ཡིན། རྒྱལ་ཁབ་ཀྱིས་རྒྱལ་ཡོངས་སུ་ཐུན་མོང་དུ་སྤྱོད་པའི་སྤྱི་སྐད་དར་ཁྱབ་གཏོང་བ་ཡིན། ཅེས་དང༌། དོན་ཚན་བརྒྱ་དང་བཅུ་དགུ མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་སློབ་གསོ་དང༌། ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་བཞག་རྣམས་ལ་རང་བདག་སྒོ་ནས་དོ་དམ་བྱེད་པ་དང༌། མི་རིགས་ཀྱི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་ལེགས་སྒྲིག་བྱས་ཏེ། མི་རིགས་ཀྱི་རིག་གནས་འཕེལ་རྒྱས་དང་ཕུན་སུམ་ཚོགས་པར་གཏོང་དགོས། ཅེས་དང༌། བཅའ་ཁྲིམས་དོན་ཚན་སོ་དགུ་པར་ཡང་གསལ་ཡོད་པས། ཁེ་དབང་འདི་དག་རྩོད་ལེན་བྱེད་དགོས་པ་ནི་བོད་འདི་དུས་རབས་དང་མཐུན་པའི་ཡར་རྒྱས་འགྲོ་མིན་དང༌། རྒྱ་ནག་གི་ཁྲིམས་ལུགས་ཀྱིས་སྤྲད་པའི་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་གྱི་ཐོབ་ཐང་ཁག་ལོངས་སུ་སྤྱོད་ཐུབ་མིན་དང་འབྲེལ་བ་དམ་ཟབ་ཡོད། དེར་བརྟེན་ཐོབ་ཐང་རྩོད་ལེན་འདི་ངེས་པར་བྱེད་དགོས་ལ། རྒྱ་ཆེའི་མང་ཚོགས་ཀྱིས་ངོས་ནས་རྣམ་འགྱུར་ངེས་པར་བཏོན་དགོས། དཔེར་ན།
༡ མདོ་དབུས་ཁམས་གསུམ་ལས་གྲུབ་པའི་བོད་ཁུལ་དུ་བོད་ཀྱི་གནས་བབ་དང་འཚམས་པའི་ཤེས་ཡོན་གྱི་ལམ་སྲོལ་དགོས་པའི་དངོས་ཡོད་གནས་སྟངས་ཀྱི་བདེ་སྡུག་སྙན་ཞུ་གོང་རིམ་ལ་འབུལ་བ། བདག་སྤྲོད་མེད་ཚེ་ཤེས་ཡོན་དང་འབྲེལ་བའི་ལས་དོན་མཚམས་འཇོག་པ།
༢ ཤེས་ཡོན་ཅན་གྱི་སྣེ་ཁྲིད་འོག་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ལ་བོད་ཁུལ་དུ་བོད་རིགས་ལ་དེང་དུས་ཀྱི་རྒྱལ་སྤྱིའི་ཚན་རིག་དང་ལག་རྩལ་ཡར་རྒྱས་སློབ་ཁྲིད་དར་སྤེལ་གཏོང་རྒྱུའི་དགོས་འདུན་ནན་པོ་འདོན་དགོས།
༣ རང་སྦྱོང་ལ་བརྟེན་ནས་ཡོན་ཏན་ཅན་དུ་འགྱུར་བར་སྐུལ་མ་གཏོང་བ་ཡིན་ན་མང་ཚོགས་ཀྱིས་ཚན་རིག་དང་ལག་རྩལ་རང་སྦྱོང་བྱེད་པ་དང༌། འགོག་རྐྱེན་བྱུང་ཚེ་ཁྲིམས་ལུགས་ལྟར་ཁྲིམས་གཏུག་བྱེད་པ།
༤ མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་སློབ་གསོ་དང༌། མི་རིགས་ཀྱི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་ལེགས་སྒྲིག་བྱས་ཏེ། མི་རིགས་ཀྱི་རིག་གནས་འཕེལ་རྒྱས་དང་ཕུན་སུམ་ཚོགས་པར་གཏོང་དགོས་པའི་དགོས་འདུན་ནན་པོ་འདོན་པ་དང༌། རེ་འདུན་ལ་བདག་སྤྲོད་མེད་ཚེ་མི་རིགས་ཀྱི་ངོས་ནས་རང་སྐྱོང་ལས་ཁུངས་ལ་བརྩི་འཇོག་དང་ངོས་ལེན་མེད་པའི་རྣམ་འགྱུར་གསལ་འདོན་བྱེད་པ།
༥ སྐབས་མཚམས་ས་གནས་ཀྱི་གནས་སྟངས་ལ་དཔག་པའི་ལས་འགུལ་སྤེལ་དགོས་པ་ཡིན།
བཞི་པ། ད་བར་རྒྱ་ནག་གིས་བོད་ལ་རོགས་སྐྱོར་བྱས་རབས་ཀྱི་སྐད་འགོ་ཧ་ཅང་མཐོ། ཡིན་ནའང་ད་བར་བོད་ཀྱི་ཐོན་ཁུངས་བེད་སྤྱོད་བྱས་པའི་ཡོངས་བབ་ཀྱིས་བོད་མི་མང་གི་རང་ཁ་གསོ་ཐུབ་ངེས་ཙམ་དུ་མ་ཟད། བོད་ནས་དབོར་འདྲེན་བྱས་པའི་ཐོན་དངོས་ཀྱི་གསུམ་ཆ་གཅིག་བོད་ཡར་རྒྱས་ཀྱི་ཆེད་དུ་བཏང་མེད་པ་ཡང་དོ་སྣང་བྱེད་མཁན་ཞིག་གིས་བལྟས་ན་གསལ་པོ་རེད། དོན་གནད་གང་ལྟར་ཡང་བོད་ཀྱི་ཐོན་དངོས་བོད་ཀྱིས་བོད་ལ་བེད་སྤྱོད་ཡོད་པ་ཞིག་བྱེད་ཐབས་ཀྱི་ལས་དོན་རྩོམ་དགོས་རྒྱུ་ཧ་ཅང་གལ་ཆེ་བ་ཡིན། དེར་བརྟེན་དོན་ཚན་བརྒྱ་དང་བཅོ་བརྒྱད། རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་སུ་ཐོན་སྒོ་འབྱེད་པ་དང་ཁེ་ལས་འཛུགས་སྐྲུན་བྱེད་སྐབས་མི་རིགས་རང་སྐྱོང་ས་གནས་ཀྱི་ཁེ་ཕན་ལ་ལྟ་རྟོག་བྱེད་དགོས། ཅེས་དང༌། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་དོན་ཚན་༢༧/༢༨/༤༥/༦༦ སོགས་ཀྱི་དགོངས་དོན་ལག་བསྟར་ཡོང་ཐབས་དང༌། ལྷག་པར་བོད་ཀྱི་ཐོན་དངོས་བོད་ཀྱིས་བོད་ལ་བེད་སྤྱོད་ཡོད་པ་ཞིག་བྱེད་ཐབས་ཀྱི་ལས་དོན་རྩོམ་དགོས་ལ། མང་ཚོགས་ཀྱིས་རྒྱབ་གཉེར་བྱེད་དགོས།
༡ བོད་ཀྱི་ཐོན་དངོས་ཀྱི་རིན་ཐང་མང་ཚོགས་ལ་འགྲེལ་བརྗོད་བྱེད་པ།
༢ བོད་མི་མང་ཚོགས་ཀྱིས་བོད་ཀྱི་ཐོན་དངོས་བརྐོ་དབོར་བྱེད་པར་ཚོད་འཛིན་བྱེད་པར་མང་ཚོགས་རང་བཞིན་གྱི་རྒྱབ་སྐྱོར་བྱེད་པ།
༣ བོད་ཀྱི་ཐོན་དངོས་ཀྱིས་བོད་གསོ་ཐུབ་པའི་གནས་སྟངས་འོག་བོད་ཀྱི་ཐོན་དངོས་བོད་ལ་རང་བདག་དགོས་པའི་དགོས་འདུན་འདོན་པ།
༤ བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་བོད་ཀྱི་ཐོན་དངོས་བོད་མིས་ཕྱིར་ཚོང་ལ་བརྟེན་ནས་ཡོང་རྒྱུ་ཡིན་སྟབས་ལུགས་མཐུན་ཐོབ་ཐང་སྤྲོད་དགོས་པའི་དགོས་འདུན་འདོན་པ།
ལྔ་པ། མང་ཚོགས་ཀྱི་འཕྲོད་བསྟེན་ནི་བོད་ཁུལ་ལ་མཚོན་ན་བོད་མི་མང་བདེ་ཐང་ངང་འཕེལ་རྒྱས་ཡོང་མིན་དང་འབྲེལ་བ་དམ་ཟབ་ཡོད་ལ། རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ཉེར་གཅིག རྒྱལ་ཁབ་ཀྱིས་སྨན་བཅོས་འཕྲོད་བསྟེན་གྱི་བྱ་གཞག་གོང་དུ་སྤེལ་བ་དང༌། དེང་རབས་ཀྱི་སྨན་དཔྱད་དང་རང་རྒྱལ་གྱི་སྲོལ་རྒྱུན་སྨན་དཔྱད་གོང་དུ་སྤེལ་བ་ཡིན། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང༌། རྒྱལ་ཁབ་ཀྱི་ཁེ་ལས་ལས་དོན་གྱི་རྩ་འཛུགས། སྲང་ལམ་གྱི་རྩ་འཛུགས་བཅས་ཀྱིས་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་སྒྲིག་བཀོད་སྣ་ཚོགས་འཛུགས་གཉེར་བྱེད་པར་སྐུལ་མ་དང་བརྒྱབ་སྐྱོར་བྱས་ཐོག མང་ཚོགས་ཀྱི་རང་བཞིན་ལྡན་པའི་གཙང་སྦྲའི་བྱེད་སྒོ་སྤེལ་ཏེ་མི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་ཡིན། རྒྱལ་ཁབ་ཀྱི་ལུས་རྩལ་བྱ་བཞག་གོང་དུ་སྤེལ་བ་དང་འབྲེལ་མང་ཚོགས་ཀྱི་རང་བཞིན་ལྡན་པའི་ལུས་རྩལ་གྱི་བྱ་བ་སྤེལ་ནས་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དུ་གཏོང་བ་ཡིན། ཅེས་གསལ་ཡོད་ལ། ཐག་གཅོད་ཀྱི་ལས་འགན་དེ་མི་རིགས་སོ་སོའི་རང་སྐྱོང་ལས་ཁུངས་ལ་ཡོད་པ་གསལ་ཡོད། དེར་བརྟེན་བོད་ཁུལ་དུ་མཐུན་རྐྱེན་འདི་དག་དོན་དངོས་ལག་བསྟར་ཡོང་ཐབས་སུ་རྩོད་ལེན་བྱེད་དགོས་པ་ཡིན། དེར་བརྟེན་རིམ་པ་ཁག་གི་ལས་བྱེད་བརྒྱུད་བོད་ཁུལ་དུ་མང་ཚོགས་ཀྱི་འཕྲོད་བསྟེན་ལ་འགན་ལེན་དགོས་པའི་མང་ཚོགས་རང་བཞིན་གྱི་ལས་འགུལ་རྩོམ་དགོས་པ་ཡིན།
མཇུག་བསྡུ་བ།
གོང་དུ་འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་སྤེལ་ཕྱོགས་རིམ་ཞུས་བཞིན་རྒྱལ་སྤྱིའི་སྟེང་གི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཕྱོགས་དང་། གཞིས་བྱེས་བོད་མིའི་རེ་འདུན་དང་ལས་འགན་མངོན་པར་མཚོན་པའི་ལས་འགུལ་ཁག་ཅིག ད་ཡོད་རྒྱ་ནག་གི་ཁྲིམས་ལུགས་ཀྱི་འོག་ཏུ་རྩོད་ལེན་བྱེད་པའི་ཐབས་ལམ་གང་ཡོད་པ་ཁག་ཅིག་བཅས་ཀྱི་དཔེ་མཚོན་ཡིན་ལ། དཔེ་མཚོན་འདི་དག་བརྒྱུད་བཙན་བྱོལ་བོད་མི་ཚོས་བོད་ཀྱི་གནས་བབ་གང་འདྲ་ཞིག་རྩོད་ལེན་བྱེད་བཞིན་པའི་ཁ་ཕྱོགས་གསལ་གྱི་ཡོད་ལ། གཞི་རྩའི་ཐོབ་ཐང་འདི་དག་རྩོད་ལེན་བྱེད་པ་བརྒྱུད་བོད་ཀྱི་མི་མང་ལ་སློབ་སྦྱོང་ཡོད་པ་དང༌། བོད་ཀྱི་ལ་རྒྱ་ཡོད་པ། མ་འོངས་བོད་གསར་པ་འཛུགས་བསྐྲུན་བྱེད་པར་དམིགས་ཡུལ་ཡོད་པ་བཅས་ཡོང་ཐབས་བྱེད་དགོས། གོང་དུ་ལམ་ཙམ་ཞུས་པ་ལྟར་འཚེ་མེད་ཞི་བ་ཁོ་ནར་བརྟེན་པའི་འཐབ་རྩོད་འདི་དག་བོད་ནང་གནད་དོན་ཆུང་ཁག་ནས་རྒྱུན་སྐྱོང་གི་ངོ་བོའི་ཐོག་ནས་རིམ་བཞིན་རྩོད་ལེན་འཕེལ་རྒྱས་ཡོང་ཐབས་སུ་བོད་མི་མང་ཚོགས་ཀྱིས་ལས་འགུལ་བར་རྒྱབ་སྐྱོར་སྤྲོད་དགོས་པ་ཡིན། མ་ཟད་བོད་ཁུལ་གྱི་ཤེས་ཡོན་ཅན་ཚོས་མང་ཚོགས་ནང་སྐུལ་སློང་གིས་བོད་ཀྱི་ཐོབ་ཐང་ད་ཡོད་ཁག་རྩོད་ལེན་བྱེད་དགོས། རྩོད་ལེན་འདི་དག་གི་སྐབས་སུ་བོད་ཁམས་ཡོངས་སུ་གཅིག་གྱུར་ཡོང་ཕྱིར་ནང་ཁུལ་གྱི་ཆིག་སྒྲིལ་རྒྱུན་སྐྱོང་བྱེད་དགོས་པ་རྩ་དོན་གྱི་དམ་བཅའ་ཡིན་པ་ཡིད་འཇོག་བྱེད་དགོས་པ་དང་གཅིག འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་གང་སྤེལ་ཡང་འུ་ཐུག་གི་གནས་སྐབས་སུ་ཡང་རྣམ་པ་དྲག་པོའི་ལས་སུ་མི་ཞུགས་པ་དང་གཉིས་འགལ་མེད་ཉམས་ལེན་བྱེད་དགོས་ལ། དེང་རབས་ཚན་རིག་ལག་རྩལ་གྱི་ནུས་པ་ཚད་མཐོའི་བེད་སྤྱོད་བྱེད་དགོས། ང་ཚོས་ཡིག་ཆ་འདི་བཞིན་བོད་ཁམས་ཡོངས་ལ་ཁྱབ་པ་བྱ་རྒྱུ་ཡིན་ལ། ཡིག་རིགས་གཞན་གྱི་ཐོག་ཏུ་རིམ་བཞིན་འདོན་གྱི་ཡིན།
བོད་རྒྱལ་ལོ། བདེན་པ་རྒྱལ་ལོ།
རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་རྒྱ་གར་ལྷོ་ཕྱོགས་མའི་སོར་སྦེལ་ཀོབ་བོད་བཙན་བྱོལ་བོད་མིའི་གཞིས་སྒར་དུ་གཏན་གཞི་བྱས་པའི་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་དབུས་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༢ ཉིན་ལ།
TIBETAN RIGHTS AND FREEDOM RESTORATION COMMITTEE ( TRFRC )
Central Executive Committee
Opposite Tibetan Local Justice Commission
Old Camp No. 1
P.O. Bylakuppe – 571104
Mysore District ( K.S.)
INDIA
E-mail: rangdhen@yahoo.com
རྒྱ་ནག་གི་རྩ་ཁྲིམས་སོགས་ཁྲིམས་སྒྲིག་གི་འབྲུ་དོན་འོག་འཚེ་མེད་ཞི་བའི་འཐབ་རྩོད་བྱེད་ཐབས།
རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་བཅས་ཀྱིས་སྤྲད་པའི་རྒྱ་ནག་གི་ཆབ་འབངས་མི་སེར་ལ་ཡོད་པའི་ཐོབ་ཐང་སྤྱི་དང་། གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ས་གནས་ལ་མི་རིགས་ས་གནས་རང་སྐྱོང་བྱེད་ཆོག་པའི་ཁྲིམས་ལུགས་ཀྱི་ཁེ་དབང་སྤྲད་ཡོད། ལྷག་དོན་དམིགས་བསལ་ལོ་རྒྱུས་ཀྱི་གནས་བབ་ལྡན་པའི་མདོ་དབུས་ཁམས་གསུམ་གྱི་བོད་ལ་འཛིན་སྐྱོང་གཅིག་གི་འོག་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་པ་དམིགས་བསལ་གྱི་གནས་སྟངས་ཤིག་ཆགས་ཀྱི་ཡོད། མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཐད་ད་ཡོད་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་འཐུས་ཚང་ཡིན་མིན་ཇི་ལྟར་ཡང་། ཁྲིམས་ཡིག་དེའི་ནང་གང་གསལ་བ་དང་། རྒྱ་ནག་གཞུང་གིས་སྔ་ཕྱི་རིམ་པར་འཛམ་གླིང་ལ་ཡོངས་ཁྱབ་ཀྱི་ལམ་ནས་ཁས་ལེན་བྱས་པ་རྣམས་རྩོད་ལེན་ངེས་པར་བྱེད་དགོས། ཁྲིམས་ལུགས་འདི་དག་གིས་བོད་ཀྱི་འཚོ་གནས་ལ་ཁག་ཐེག་བྱེད་ཐུབ་མིན་ཇི་ལྟར་ཡང་ད་ཡོད་བོད་ཀྱི་ཐོབ་ཐང་ཡིན་པས་བོད་ཀྱི་ཐོབ་ཐང་གང་ཡོད་པ་བོད་མི་མང་ལ་དབང་བའི་ཁྲིམས་ལུགས་ཀྱི་ཁེ་དབང་ཡིན་པས་ངེས་པར་རྩོད་དགོས། དེ་ཡང་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྔོན་གླེང་ནང༌། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་གསར་འཛུགས་བྱས་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཞིག་ཡིན། འདྲ་མཉམ་དང་མཐུན་སྒྲིལ། མཉམ་ལས་ཀྱི་སྤྱི་ཚོགས་རིང་ལུགས་མི་རིགས་ཀྱི་འབྲེལ་བ་ཚུགས་ཡོད་པ་མ་ཟད་ད་དུང་མུ་མཐུད་དུ་ཤུགས་སྣོན་བྱ་རྒྱུ། མི་རིགས་མཐུན་སྒྲིལ་གྱི་འཐབ་རྩོད་འགན་སྲུང་བྱེད་པའི་ཁྲོད་མི་རིགས་ཆེན་པོ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་དང་གཙོ་བོ་རྒྱ་རིགས་ཆེན་པོ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་དང་ས་གནས་མི་རིགས་རིང་ལུགས་ལ་ཡང་ངོ་རྒོལ་བྱེད་དགོས། ཅེས་དང་། རྩ་ཁྲིམས་དོན་ཚན་བཞི་པར། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་ནས་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་དཔལ་འབྱོར་དང་རིག་གནས་འཕེལ་ཚད་ཇེ་འགྱོགས་སུ་གཏོང་རོགས་བྱེད་དགོས། གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་སྟེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་ལག་བསྟར་བྱེད་དུ་འཇུག་དགོས། ཅེས་གསལ་བ་མ་ཟད། རྩ་ཁྲིམས་ཀྱི་སྔོན་གླེང་ནང་འཁོད་དོན། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་དང༌། རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་ཆས་སྟོབས་ཤུགས། སྲིད་ཏང་ཁག་དང་སྤྱི་ཚོགས་ཚོགས་པ། ཁེ་ལས་ལས་དོན་སྡེ་ཁག་སོགས་ངེས་པར་ཏུ་རྩ་ཁྲིམས་ཏེ་ལས་འགུལ་གྱི་རྩ་བའི་ཚད་གཞི་བྱས་པ་མ་ཟད་རྩ་ཁྲིམས་ཀྱི་ཟིལ་སྙན་ཉམས་མེད་སྲུང་སྐྱོང་བྱེད་པ་དང་རྩ་ཁྲིམས་ལག་བསྟར་འགན་སྲུང་བྱེད་པའི་འགན་འཁྲི་ཁུར་དགོས། ཅེས་གསལ་བས་གཤམ་ལ་ང་ཚོས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲུ་དོན་འོག་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཕྱོགས་སྐོར་ཅིག་ངོ་སྤྲོད་བྱེད་ཀྱི་ཡོད།
དང་པོ། བོད་མི་ཚོའི་སོ་སོའི་ངོ་བོ་དང་ཐུན་མིན་ཁྱད་ཆོས་མཚོན་པར་བྱེད་པའི་སོ་སོའི་སྐད་ཡིག་ལ་བདག་གཅེས་བྱེད་འདོད་ཡོད་མེད་ནི་སུ་ལའང་དོགས་པ་ཡོད་མི་སྲིད་པ་ཞིག་ཡིན། དེར་བརྟེན་གཤམ་གསལ་རྒྱ་ནག་གི་ཁྲིམས་ལུགས་ཀྱི་འོག་ནས་རྩོད་ལེན་བྱེད་དགོས། དེ་ཡང་ཐོབ་ཐང་འདི་རྩ་ཁྲིམས་ཀྱིས་གནང་བའི་ཐོབ་ཐང་ཞིག་ཡིན།
དེ་ཡང་རྩ་ཁྲིམས་དོན་ཚན་བརྒྱ་དང་ཉེར་གཅིག མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས་མི་རིགས་རང་སྐྱོང་ས་གནས་དེའི་རང་སྐྱོང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་རིགས་ཁ་ཤས་སྤྱོད་དགོས། ཅེས་དང༌། རྩ་ཁྲིམས་ཀྱི་དོན་ཚན་བཞི་པ། དེ་བཞིན་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་པ་དང༌། སུམ་ཅུ་སོ་དྲུག་བཅས་ཀྱི་དགོངས་དོན་བཞིན་བོད་མི་ཚོས་ལག་བསྟར་བྱེད་དགོས་པའི་དགོས་འདུན་འདོན་དགོས་པ་དང༌། ལག་བསྟར་ཡོང་ཕྱིར་རྣམ་འགྱུར་འདྲ་མིན་འདོན་དགོས་པ་ཡིན། དཔེར་ན།
༡ ཁྲིམས་ལུགས་ཀྱི་ཁེ་དབང་བོད་ཀྱི་སྐད་ཡིག་སྲིད་གཞུང་གིས་བཀོལ་སྤྱོད་དགོས་པའི་སྙན་ཞུ་འབུལ་རྒྱུ།
༢ སྲིད་གཞུང་ལ་སྙན་ཞུ་སོགས་བོད་ཡིག་ཁོ་ནའི་ཐོག་བྲིས་ཏེ་འབུལ་བ་དང༌། བདེ་སྡུག་བོད་སྐད་ཐོག་ཤོད་པ།
༣ བོད་ཁུལ་དུ་བོད་སྐད་ཁོ་ན་ཤོད་པ་ལས་སྐད་རིགས་གཞན་བེད་སྤྱོད་མི་བྱེད་པ།
༤ སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་གཙོ་བོ་བྱེད་དགོས་པའི་རེ་འདུ་འདོན་པ།
༥ སློབ་གྲྭ་ཁག་ཏུ་སྐད་ཡིག་གཞན་གྱིས་སོ་སོའི་སྐད་ཡིག་གི་ཚབ་བྱེད་ཀྱི་འདུག་ན་དགེ་སློབ་གཉིས་ཀྱིས་སློབ་མཚམས་འཇོག་པ་དང༌། བོད་ཀྱི་སྐད་ཡིག་ཟུར་ཁྲིད་བྱེད་པ།
༦ ཁྲིམས་ཁང་དུ་བོད་ཡིག་ཐོག་བྲིས་པའི་ཁྲིམས་གཏུགས་བྱེད་པ་སོགས་སྐབས་མཚམས་ཐབས་ལམ་སྤྱོད་དགོས།
༧ ཟ་ཁང༌། ཚོང་ཁང༌། ནང་མ་ཁང་སོགས་ཀྱི་སྒོ་བྱང་བོད་ཡིག་རྐྱང་པའི་ཐོག་འབྲི་འགེལ་བྱེད་པ།
གཉིས་པ། བོད་ཀྱི་ལོ་རྒྱུས་ཐོག་བོད་མི་ནི་ཆོས་དད་ཆེ་བའི་མི་མང་ཞིག་ཡིན་པ་དང༌། ད་བར་བོད་མི་ཚོས་ཆོས་ལ་དད་པ་བྱེད་པ་ཙམ་མ་ཡིན་པར་ཆོས་ཀྱི་ནང་དོན་ལ་སློབ་སྦྱོང་དང་དར་སྤེལ་བྱེད་པ་བརྒྱུད་མི་ལོ་སྟོང་ཕྲག་གི་རིང་ཞི་བདེ་རྩོད་ལེན་བྱས་ཡོད། ཡིན་ནའང་འདས་པའི་མི་ལོ་ལྔ་བཅུ་ལ་ཉེ་བའི་རིང་བོད་མི་ཚོའི་ཆོས་དད་རང་དབང་ལ་ཚོད་འཛིན་རིམ་པར་སླེབས་ཏེ་བོད་ཁུལ་གྱི་ཞི་བདེ་ལྷིང་འཇགས་ལ་གཏོར་བརླག་ཆེན་པོ་ཐེབས་ཡོད་པས། མ་འོངས་པའི་དུས་ཡུན་ནང་རྒྱུན་ཆད་མེད་པར་ཆོས་དད་རང་དབང་རྩོད་ལེན་བྱེད་དགོས། དེ་ཡང་རྒྱ་ནག་གི་རྩ་ཁྲིམས་ཀྱི་དགོངས་དོན་བཞིན་རྒྱ་ནག་གཞུང་གི་བརྟན་ལྷིང་ལ་གནོད་པའི་སྲིད་ཀྱི་སྒྲིག་འཛིགས་དང་འབྲེལ་བའི་ལས་དོན་རྩ་བ་ནས་མི་བྱེད་པའི་ཁོར་ཡུག་གི་འོག་ནས་བོད་མི་ཚོས་ཆོས་དད་རང་དབང་གི་ཐོབ་ཐང་རྩོད་པ་སྟེ། སྔར་ཡོད་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མིན་པའི་ནང་བསྟན་ཆོས་ལུགས་ཀྱི་ལམ་སྲོལ་གཞིར་བཟུང་དགོན་པའི་འཛིན་སྐྱོང་དང༌། སློབ་གཉེར་བྱེད་ཕྱོགས། གྲྭ་བཙུན་སྒྲིག་འཇུག ཆོས་བཤད་དབང་བསྐུར། བླ་སྤྲུལ་ངོས་འཛིན་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་རང་སྟོབས་རང་སྤེལ་བྱེད་ཆོག་པའི་ཆོས་དད་རང་དབང་གི་ཁོར་ཡུག་མུ་མཐུད་རྩོད་ལེན་བྱེད་དགོས། དེ་ཡང་ཐོབ་ཐང་འདི་རྩ་ཁྲིམས་ཀྱིས་གནང་བའི་ཐོབ་ཐང་ཞིག་ཡིན།
དེ་ཡང་རྩ་ཁྲིམས་དོན་ཚན་སོ་དྲུག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་རང་དབང་ཡོད། རྒྱལ་ཁབ་ཀྱི་ལས་ཁུངས་དང༌། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་བཅས་གང་ཡིན་རུང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་ལ་དད་མོས་བྱེད་དུ་འཇུག་པའམ་ཆོས་ལ་དད་མོས་བྱེད་དུ་མི་འཇུག་པ་བྱེད་མི་ཆོག ཆོས་ལ་དད་པ་ཡོད་པའི་སྤྱི་དམངས་དང་ཆོས་ལ་དད་པ་མེད་པའི་སྤྱི་དམངས་སུ་ལའང་མཐོང་ཆུང་བྱེད་མི་ཆོག རྒྱལ་ཁབ་ཀྱིས་རྒྱུན་ལྡན་ཆོས་ལུགས་ཀྱི་བྱེད་སྒོ་སྲུང་སྐྱོང་བྱེད་པ་ཡིན། མི་སུ་ཡིན་རུང་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་གཏོང་བ་དང༌། སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགལ་རྐྱེན་བཟོ་བ་བཅས་ཀྱི་བྱ་བ་བསྒྲུབ་མི་ཆོག ཆོས་ལུགས་ཀྱི་ཚོགསས་པ་དང་ཆོས་ལུགས་ཀྱི་ལས་དོན་ཐད་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་ཁ་ལོ་བསྒྱུར་མི་ཆོག ཅེས་གསལ་བ་བཞིན་ཆོས་དད་རང་དབང་ཡོད་པ་དང༌། རྒྱལ་ཁབ་ཀྱིས་རྒྱུན་ལྡན་ཆོས་ལུགས་ཀྱི་བྱེད་སྒོ་སྲུང་སྐྱོང་བྱེད་ཀྱི་ཡོད་པ་ཡིན་ན་གོང་གསལ་དགོས་འདུན་ཁག་རྩོད་ལེན་བྱེད་དགོས་ལ། ལག་བསྟར་ཡོང་བར་ཆབ་སྲིད་དང་མ་འདྲེས་པའི་རྣམ་འགྱུར་ནུས་པ་ཅན་འདོན་དགོས་པ་ཡིན། དཔེར་ན།
༡ རྒྱུན་ལྡན་ཆོས་ལུགས་ཀྱི་ལམ་སྲོལ་ཁག་འཛིན་སྐྱོང་དང༌། སློབ་གཉེར་བྱེད་ཕྱོགས། གྲྭ་བཙུན་སྒྲིག་འཇུག ཆོས་བཤད་དབང་བསྐུར། བླ་སྤྲུལ་ངོས་འཛིན་སོགས་རང་དབང་གི་སྒོ་ནས་བྱེད་རྒྱུའི་སྙན་ཞུ་འབུལ་བ།
༢ སྤྱི་དམངས་ཀྱི་གཞི་རྩའི་ཐོབ་ཐང་ལ་རྩིས་མེད་བཏང་བའི་ངོས་འཛིན་འོག་དགོན་པའི་ཆོས་ལུགས་བྱེད་སྒོ་ཡོངས་རྫོགས་མཚམས་འཇོག་པ།
༣ མང་ཚོགས་ཀྱིས་སྲིད་གཞུང་ལ་ཆབ་སྲིད་ཀྱི་དགོས་འདུན་མེད་པའི་ཐོག་ནས་ཆོས་དད་རང་དབང་དགོས་པའི་དགོས་འདུན་འདོན་པ།
ཤོས་ཤིག་ཡིན། ཡིན་ནའང་མུ་མཐུད་དུས་ཚོད་ནར་ལུས་སུ་གྱུར་པའི་གནས་སྟངས་འོག་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་རེ་འདུན་འདི་སྟོང་ཟད་དུ་འགྲོ་ཉེན་ཧ་ཅང་ཆེ་བས། འོག་མི་མང་གི་རེ་འདུན་སྒྲུབ་དགོས་པ་རྒྱ་ནག་གཞུང་ལ་ཁུར་དུ་བབ་པའི་ལས་འགན་ཞིག་ཡིན་སྟབས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་གང་མྱུར་གདན་འདྲེན་ཞུ་དགོས་པའི་དགོས་འདུན་གསལ་བར་མཚོན་པའི་ལས་འགུལ་རྒྱ་ཁྱབ་ཏུ་སྤེལ་དགོས།
༡ མང་ཚོགས་ཀྱི་མཚན་རྟགས་བསྡུ་རུབ་ཀྱི་ལམ་ནས་བྱེད་པ།
༢ མང་ཚོགས་ཀྱི་སྐུ་ཚབ་ཆེད་གཏོང་གིས་རྒྱ་ནག་གཞུང་ལ་སྙན་སྐུལ་ཞུ་བ།
༣ རེས་གཟའ་ལྷག་པ་ནམ་ཡིན་ལ་མི་མང་འདུ་འཛོམས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེའི་ཞབས་བརྟན་འདོན་པ།
༤ ཆོས་བརྒྱུད་ཁག་མཉམ་འདུས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་བྱེད་དགོས་པའི་རེ་འདུན་ཡོངས་ཁྱབ་ཏུ་འདོན་པ།
གཉིས་པ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་ཀྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་བར་ཕན་ནུས་འདོན་པ་དང་། བོད་མིའི་གཞི་རྩའི་གཤིས་ཀ་དང་མཐུན་པར་མ་འོངས་པར་བོད་འདི་བཞིན་ཞི་བདེའི་བསྟི་གནས་ཤིག་ཏུ་འགྱུར་བར་བྱ་དགོས་པ་འཛམ་གླིང་སྤྱི་དང་། ཁྱད་པར་ཨེ་ཤ་ཡའི་ཞི་བདེ་བརྟན་ལྷིང་དང་། ཡང་སྒོས་བོད་དང་བོད་མི་འཚོ་གནས་ཀྱི་གནས་བབ་དང་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན། དེར་བརྟེན་བོད་འདི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལྡན་པའི་ཞི་བདེའི་བསྟི་གནས་ཤིག་ཏུ་འགྱུར་བར་བྱེད་དགོས་པའི་བོད་མིའི་དགོས་འདུན་ལ་འགྱུར་བ་རྩ་བ་ནས་མེད་པ་གསལ་འདོན་བྱེད་དགོས། བོད་མི་ཚོས་གནད་དོན་འདིའི་ཆེད་དུ་རང་ནུས་ཡོད་ཚད་ཀྱི་ལམ་ནས་ལས་དོན་རྩོམ་དགོས།
༡ མདོ་དབུས་ཁམས་གསུམ་ལས་གྲུབ་པའི་བོད་ཀྱི་ཁོར་ཡུག་ལ་བཤུ་གཞོག་བྱེད་མཚམས་འཇོག་དགོས་པ་མ་ཟད་སྲུང་སྐྱོབ་ཀྱི་ལས་དོན་ཚད་ལྡན་བྱེད་དགོས་པ།
༢ བོད་ཀྱི་ཁོར་ཡུག་མུ་མཐུད་གཏོར་བརླག་བཏང་བའི་གནས་སྟངས་འོག་གོ་ལའི་ཚ་དྲོད་ཆེ་རུ་ཕྱིན་ཏེ་འཛམ་གླིང་ཡོངས་ལ་དཀའ་ངལ་ཆེན་པོ་འཕྲད་པ་ཡིན་ན་དེའི་ལོ་རྒྱུས་ཀྱི་ནག་ཉེས་རྒྱ་ནག་གཞུང་གིས་ཁུར་དགོས་པ།
༣ བོད་འདི་ཨེ་ཤ་ཡའི་དམག་དོན་གཙོ་གནད་དུ་མི་འགྱུར་བའི་འགན་ལེན་རྒྱ་ནག་གཞུང་གིས་བྱེད་དགོས་པ།
༤ བོད་འདི་ཞི་བདེའི་བསྟི་གནས་ཤིག་ཏུ་མ་བསྒྱུར་བ་ཡིན་ན་བོད་དང་བོད་མིའི་འཚོ་གནས་ལ་ཉེན་ཁ་མེད་པ་རྒྱ་ནག་གཞུང་གིས་ཁག་ཐེག་དགོས་པ།
གསུམ་པ། འཛམ་གླིང་གི་ལོ་རྒྱུས་ཁྲོད་རྒྱལ་ཁབ་སྐྱོང་སྲོལ་ཇི་རྙེད་ཅིག་བྱུང་བའི་ནང་ནས་ཆེས་ལེགས་པ་ནུབ་ཕྱོགས་མང་གཙོའི་ལམ་ལུགས་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲད་ཡོད་ལ། འཛམ་གླིང་གི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་རང་དབང་མང་གཙོའི་ལམ་སྲོལ་བཟང་པོ་ཞིག་འཛུགས་ཐུབ་པའི་ཆེད་དུ་གཅེས་པའི་ཚེ་སྲོག་གྲངས་མེད་བཏང་ཡོད་པ་མ་ཟད། ད་ལྟ་ཡིན་ནའང་གཏོང་བཞིན་པ་མང་པོ་ཞིག་ང་ཚོའི་མིག་མདུན་དུ་ཡོད་བཞིན་པ་ཞིག་རེད། བཙན་བྱོལ་བོད་མི་ལ་མཚོན་ན་མང་གཙོའི་ལམ་སྲོལ་ནང་གོམ་པ་སྤོས་ཏེ་མི་ལོ་ལྔ་བཅུ་འགྲོ་ལ་ཉེ་བ་ཡིན་པ་མ་ཟད། མ་འོངས་པའི་བོད་དེ་ཁྲིམས་ལུགས་ཀྱིས་དབང་བསྒྱུར་བའི་ཁྲིམས་བཟོ་གྲོས་ཚོགས་དང་། འཛིན་སྐྱོང་སྲིད་གཞུང་། དབང་ལྡན་ཁྲིམས་ཁང་བཅས་མང་གཙོའི་ཀ་བ་གསུམ་ལ་བརྟེན་པའི་མང་གཙོའི་ལམ་དུ་འགྲོ་རྒྱུའི་དམ་བཅའ་བཞག་ཟིན་པ་ཞིག་ཆགས་བསྡད་ཡོད་པ་རེད། དེར་བརྟེན་བོད་མི་ཚོས་རང་དབང་མང་གཙོའི་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་བྱེད་པ་དང་། རང་རེའི་ཁ་གཏད་ཀྱིས་བོད་ཀྱི་ཐུན་མིན་ངོ་བོ་ལས་བྱུང་བའི་ཆིག་སྒྲིལ་ལ་གཏོར་བརླག་བྱེད་ཐབས་ཀྱི་ལས་རིམ་འགྲོ་མུས་ལ་བརྟེན་མ་འོངས་བོད་ཀྱི་ཆིག་སྒྲིལ་གྱི་སྟོབས་ཤུགས་རང་དབང་མང་གཙོའི་དཔལ་ཡོན་གྱི་ལམ་ནས་མངོན་པར་བྱེད་དགོས་པ་ལོ་རྒྱུས་ཀྱི་ལས་འགན་དམིགས་བསལ་བ་ཞིག་ཡིན་པ་ངེས་པར་ཤེས་པ་བྱེད་དགོས། གཅིག་སྡུད་དམར་པོའི་ལམ་ལུགས་ཀྱིས་བོད་དང་བོད་མིའི་མངོན་འདོད་སྒྲུབ་ཐབས་མེད་པའི་བྱུང་རབས་ལོ་རྒྱུས་ཀྱི་བསླབ་བྱ་ལ་ངེས་ཤེས་བརྟན་པོ་རྙེད་དགོས་ལ། མང་གཙོའི་ལམ་ལུགས་ཀྱི་དགེ་མཚན་ཁག་བོད་མི་མང་ལ་ར་སྤྲོད་དུས་ནས་དུས་སུ་བྱེད་ཐབས་རྩོད་ལེན་བྱེད་དགོས།
༄༅། །མ་འོངས་བོད་ཀྱི་འཚེ་མེད་ཞི་བའི་ལས་འགུལ་བྱེད་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ།
སྔོན་གླེང༌།
ད་ལྟ་བོད་ཡུལ་རྒྱ་ནག་གཞུང་གིས་བཙན་བཟུང་གི་གནས་བབ་འོག་བོད་མི་གཞིས་བྱེས་གཉིས་སུ་ཁ་བྲལ་ཕྱིན་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དུས་ཚོད་ཅིག་ཏུ་སླེབས་ཡོད་པ་དང༌། འདས་པའི་མི་ལོ་ལྔ་བཅུའི་རིང་བོད་ནང་གི་བོད་མི་གཙོ་བོར་གྱུར་བའི་གཞིས་བྱེས་བོད་མི་ཡོངས་ཀྱིས་འཚེ་མེད་ཞི་བའི་སྒོ་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱས་ཡོད་ལ། དུས་ཡུན་དེའི་ནང་བོད་ཀྱི་རྩོད་ལེན་འདི་བོད་མི་མང་གི་རྩ་དོན་ཡིན་པ་ལས་མི་སྒེར་པ་རེ་ཟུང་གི་ཁེ་ཕན་གྱི་གནད་དོན་མ་ཡིན་པ་མ་ཟད། མ་འོངས་པའི་དུས་ཡུན་ནང་བོད་མི་ཚོས་མི་རབས་ནས་མི་རབས་བརྒྱུད་འཐབ་རྩོད་བྱེད་རྒྱུ་ཡིན་པ་བོད་ཀྱི་འདས་པའི་མི་ལོ་ལྔ་བཅུའི་རིང་བོད་ནང་བྱུང་བའི་ཞི་རྒོལ་བྱེད་ཕྱོགས་ཀྱི་ཐོག་ནས་ཧ་ཅང་གསལ་པོ་བཟོས་ཡོད། དེར་བརྟེན་མ་འོངས་པའི་བོད་ཀྱི་རྩ་དོན་རྩོད་ལེན་འཚེ་མེད་ཞི་བའི་ལམ་དུ་མུ་མཐུད་ཕེབས་དགོས་པ་རྩ་བའི་དམ་བཅའ་ཞིག་ཆགས་ཀྱི་ཡོད་ལ། འཚེ་མེད་ཞི་བ་ནི་བོད་དང་བོད་མིའི་ངོས་ནས་བོད་ལ་རང་དབང་སྒྲུབ་པའི་སྐབས་སུ་འདོར་མི་རུང་བའི་སྒྲུབ་བྱེད་ཀྱི་ཐབས་ལམ་གལ་གནད་ཆེ་ཤོས་ཡིན་པ་ནན་ཏན་གྱི་སྒོ་ནས་དྲན་གསོ་ཞུ་གི་ཡོད་ལ། རྒྱ་བོད་དབར་གྱི་འཐབ་རྩོད་འདི་དུས་ཡུན་རིང་པོའི་བར་གནས་དགོས་པ་ཆགས་སྲིད་པས་བོད་མི་མང་གི་ངོས་ནས་དེའི་ཐད་གྲ་སྒྲིག་ཚགས་ཚུད་ངེས་པར་བྱེད་དགོས་པ་ནི་འདོར་ཐབས་མེད་པའི་ལས་འགན་ཞིག་ཡིན་ལ། འཚེ་མེད་ཞི་བའི་ལམ་ནས་ལས་དོན་ཇི་ལྟར་བྱེད་པ་བརྒྱུད་ལག་ལེན་གོང་མཐོར་གཏོང་དགོས་པའི་གནས་སྟངས་དང་ཐབས་ལམ་ངོ་སྤྲོད་བྱེད་རྒྱུ་ནི་ང་ཚོ་ལ་འོས་ཤིང་འཚམས་པའི་ཐོབ་ཐང་དང་ལས་འགན་ཡིན། གཤམ་ལ་ཚོགས་པའི་ངོས་ནས་རྒྱལ་སྤྱིའི་སྟེང་གི་འཚེ་མེད་ཞི་བའི་ལས་འགུལ་གནང་ཕྱོགས་སྐོར་ཅིག་དང༌། གཞིས་བྱེས་བོད་མིའི་རེ་འདུན་དང་ལས་འགན་མངོན་པར་མཚོན་པའི་ལས་འགུལ་ཁག་ཅིག དེ་བཞིན་ད་ཡོད་རྒྱ་ནག་གི་རྩ་ཁྲིམས་སོགས་ཁྲིམས་སྒྲིག་གི་འབྲུ་དོན་འོག་བོད་དང་བོད་མིའི་ངོ་བོ་དང་ཁེ་དབང་སྲུང་སྐྱོབ་བྱེད་ཕྱོགས་སྐོར་ཅིག་གི་ཐད་འཚེ་མེད་ཞི་བའི་ལམ་ཇི་ལྟར་རྩོད་ལེན་བྱེད་དགོས་པ་གསལ་སྟོན་བྱེད་ཀྱི་ཡོད།
དངོས་གཞི།
རྒྱལ་སྤྱིའི་སྟེང་གི་འཚེ་མེད་ཞི་བའི་ལས་འགུལ་གནང་ཕྱོགས།
དེ་ཡང་ད་བར་འཚེ་མེད་ཞི་བའི་ཐབས་ལམ་འདི་དོན་གནད་གང་ཞིག་ལ་མོས་མཐུན་མེད་པའི་ཁོར་ཡུག་ངེས་ཅན་ཞིག་གི་ནང་དུ་མོས་མཐུན་མེད་མཁན་གྱི་ངོས་ནས་ལག་བསྟར་བྱས་དང་བྱེད་མུས་ལ། སོ་སོའི་འཚེ་མེད་ཞི་བའི་ལས་འགུལ་གྱི་ཚད་གཞི་དང་མཐུན་པའི་གྲུབ་འབྲས་ངེས་ཅན་ཐོབ་དང་འཐོབ་མུས་ཡིན། ཆབ་སྲིད་ཀྱི་ཐོག་ནས་མཐུན་ལམ་མི་བྱེད་པ་ནི་བོད་ལྟ་བུའི་ཆབ་སྲིད་ཀྱི་དཀའ་ངལ་ཡོད་པ་ཚོས་རིམ་བཞིན་ལག་བསྟར་བྱས་དང་བྱེད་མུས་རེད། འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་ལས་དོན་ལེགས་གྲུབ་ཡོང་མིན་ནི་མི་རེ་རེ་ནས་གྲུབ་པའི་མི་མང་གི་ངོས་ནས་དོན་གནད་གང་གི་དོན་དུ་འཐབ་རྩོད་བྱེད་པའི་གཞི་དེའི་ཐོག་ཆིག་སྒྲིལ་གྱི་དམ་བཅའ་བརྟན་མིན་དང་། ཁོར་ཡུག་གི་གནས་བབ་འོག་གི་གྲ་སྒྲིག་ལ་རག་ལས་པ་ཞིག་རེད།
༡ གཞུང་དང་མཐུན་ལམ་མི་བྱེད་པའི་འཚེ་མེད་ཞི་བའི་ལས་འགུལ། དཔེར་ན།
གཞུང་གི་ལས་ཀ་དང༌། གོ་གནས། རམ་འདེགས་སོགས་མི་བྱེད་པ་དང་ཕྱིར་ལྡོག་བྱེད་པ། རྒྱལ་ཁབ་ཀྱི་གསང་བ་བརྟོལ་པ། ཁྲིམས་ཁང་དང་མང་ཚོགས་བར་འབྲེལ་ཐག་གཅོད་པ། གཞུང་གི་ལས་དོན་རྒྱུན་འགོག་དང་གཡོལ་བ། མི་མང་གིས་ཉན་འཇོག་མི་བྱེད་པ། ཟས་བཅད་ཀྱིས་ངོ་རྒོལ་བྱེད་པ། བཙོན་ཁང་དུ་འགྲོ་བ།
༢ དཔལ་འབྱོར་གྱི་ཐོག་ནས་མཐུན་ལམ་མི་བྱེད་པ། དཔེར་ན།
ལས་མཚམས་འཇོག་པ། ཁང་པ་མི་གཡོར་བ། ཁྲལ་མི་སྤྲོད་པ། གཞུང་དངུལ་མི་ལེན་པ། ཚོང་ལས་མཚམས་འཇོག་བྱེད་པ། རང་ཡུལ་གྱི་ཐོན་དངོས་མི་བཙོང་བ། རང་འཚོའི་ཐབས་ལམ་འཚོལ་བ།
༣ སྤྱི་ཚོགས་ཀྱི་མཐུན་ལམ་མི་བྱེད་པ། དཔེར་ན།
སློབ་གྲྭ་སློབ་མཚམས་འཇོག་པ། ཆོས་ཕྱོགས་ཀྱི་བྱ་བ་མཚམས་འཇོག་པ། མི་རེ་རེ་ནས་ཁ་གཏད་ལ་མཐུན་ལམ་མི་བྱེད་པ། སོ་སོའི་སྐད་ལས་གཞན་པའི་སྐད་ཡིག་མི་སྤྱོད་པ། ཁ་གཏད་ཀྱི་སྡེ་ཁག་དང་སྐད་ཆ་མི་ཤོད་པ།
༤ གཞན་ཁག དཔེར་ན།
རྩོམ་ཡིག འདུ་འཛོམས། གཏམ་བརྗོད། རི་མོ། གླུ་གཞས། ཟློས་གར་སོགས་རྒྱུན་ལྡན་བྱེད་སྒོ་ཁག་ཏུ་གཞོན་སྐྱེས་ཚོ་གཙོ་བོར་དམིགས་པའི་ཐོག་རང་ལུགས་ངོ་སྤྲོད་བྱེད་པ།
གཞིས་བྱེས་བོད་མིའི་རེ་འདུན་མངོན་པར་མཚོན་པའི་ལས་འགུལ་ཁག་ཅིག
དང་པོ་། འདས་པའི་མི་ལོ་ལྔ་བཅུའི་རིང་བོད་ལ་གོད་ཆག་དང་། ཡར་རྒྱས་ཀྱི་རྣམ་པ་གང་བྱུང་ཡང་བོད་མི་མང་གིས་ནམ་ཡང་བློས་གཏོང་བྱས་མེད་པ་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡིན་ལ། གནད་དོན་འདིས་བོད་འདི་བདེ་སྡུག་གང་འདྲ་ཞིག་ཏུ་ལྷུང་ཡང་བོད་ཀྱི་དབུ་ཁྲིད་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡིན་པ་བོད་རྒྱ་ཆེའི་མི་མང་གིས་གསལ་པོ་བཟོས་པ་ཞིག་ཡིན་ལ། ༸གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་མགྱོགས་མྱུར་ཕེབས་དགོས་པ་བོད་མི་མང་གི་སེམས་གཏིང་གི་རེ་འདུན་གཙོ་ཆེ་
འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཕྱོགས་ཀྱི་ལམ་སྟོན་འདི་དངོས་གནས་གལ་ཆེན་པོ་རེད། ང་ཚོ་བོད་ཀྱི་འཐབ་རྩོད་འདི་མུ་འཐུད་དེ་གནས་དགོས་ཚེ་འཚེ་མེད་ཞི་བའི་ལས་འགུལ་སྤེལ་སྟངས་ཀྱི་སྣེ་ཁྲིད་བྱེད་རྒྱུ་ལས་གལ་ཆེ་བ་ཞིག་གང་ཡང་མེད་པས་ཁོང་རྣམ་པའི་ཕྱག་ལས་དེ་ལ་རྗེས་སུ་ཡི་རང་བྱེད་བཞིན་ཡོད་ལ་རྒྱབ་སྐྱོར་གང་ཐུབ་བྱེད་ངེས་ཡིན་ནོ།
གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཟེར་བའི་ཚོགས་པ་འདི་གཙུག་ནས་དུས་ཡོན་རིང་པོ་དེ་འདྲར་འགྲོ་ཡོད་ས་མེད་་་་ཁྱེད་འཚོའི་དམིགས་ཡུལ་དང་རེ་བ་གོང་ལྟར་ལས་གཞན་ཞིག་མེད་པ་དང་མ་འོངས་པ་སྒྲིག་མཛུག་གྱི་རང་བཞིན་ཡག་པོ་ཡོད་སྒང་གཞན་དབང་གྱི་གོམ་པ་སྤོ་མཁན་ཞིག་མིན་ན་དགའ་བསུ་ཡོད་་་་་་ད་དུང་ལྷོ་ཕྱོགས་ཕོ་ཉ་ཟེར་བ་དང་ནང་བསྟན་ཤེས་ཡོན་ལྷན་ཚོགས་ཟེར་བ་སོགས་དང་མི་འདྲ་བ་སྐུ་ཚེ་བསྟན་པའི་རེ་བ་ཞུ་
གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
བློ་བཟང་དཔལ་ལྡན་ལགས། དྲ་ངོས་སུ་བཀོད་པ་ཡིན་གང་སར་དུས་ཐོག་དུ་སྤེལ་ཐུབ་ངེས་ཡིན་པ་བདག་གིས་མ་ཞུས་ཀྱང་། སྐུ་ཉིད་ཀྱིས་མཁྱེན་གསལ་ཡིན་སྟབས། དེ་ལྟར་སྤེལ་ཉིན་ནས་བདག་གིས་ཀྱང་ཐུབ་ཚོད་ཅིག་འབད་བརྩོན་བྱེད་ངེས་ཡིན་ལགས།
བྲེལ་ཟིང་དང་ལྷན་དུ་ཕྱོགས་ཙམ་བཀླགས་ཡོད།
རྗེས་སུ་ཡང་སྐྱར་ཡོང་ཐུབ་པར་བྱེད་ངེས། དེ་རིང་ས་ཕྱོགས་འདིར་བོད་ཡིག་མེད་པའི་དཀའ་ཁག་འདུག་ལ་ཧིན་སྒོར་ཡང་མང་ཙམ་དགོས་རབས་འདུག་དེ་ན་སློབ་གཉེར་བ་ཞིག་ལ་དཀའ་ངལ་རེད།
བདེ་མོ་གྱིས།
བོད་ཤ་ཁག་རུས་གསུམ་ཕེབས་པར་དགའ་བསུ་ཞུ། ང་ཚོའི་ཡིག་ཆ་དེ་བོད་ནང་དུ་གཙོ་བོར་དམིགས་ཡོད་པས་ཁྱོད་ཀྱི་ཕྱག་ཏུ་རེག་ཚེ་གང་མགྱོགས་ཀྱིས་རྒྱུད་ལམ་གང་ཞིག་ནས་བོད་ནང་དུ་བསྐུར་གནང་ཡོད་མཁྱེན།
ངས་གང་མགྱོགས་གང་ཡིག་ཆ་འདི་ཆ་ཚང་ཡོད་སའི་ཁ་བྱང་ཞིག་རྣམས་པ་ཚོར་མཁོ་སྤྲོད་བྱེད་ངེས་ཡིན། ང་ཚོ་ཚང་མས་མཉམ་དུ་ལས་འགུལ་སྤེལ། བོད་རྒྱལ་ལོ།
བདེན་པ་རྒྱལ་ལོ།
ཁ་ཞེ་དོན་དག་དུ་འགྲོ་བར་རེ་བ་དང་རྒྱབ་སྐྱོར་ཡོད།