མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་འགན་འདི་དམིཌ་བསལ་ཞིག་རེད།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་འཇམ་དཔལ་ཆོས་བཟང་ལགས་གཞུང་ཞབས་འདེམས་བསྐོ་ཁང་ལྷན་ཁང་དང་འོས་བསྡུ་ལྷན་ཁང་གཉིས་ཀྱི་འགན་འཛིན་གཅིག་ལྕོགས་ཏུ་བསྐོས་ཡོད་པ་དང་། ཁ་སང་གཟའ་ཟླ་བ་ནས་བཟུང་འོས་བསྡུ་ལྷན་ཁང་ནས་ཕྱག་ལས་དངོས་སུ་མགོ་བརྩམས་ཡོད་འདུག

འདི་ག་གསར་ཁང་གིས་ཁོང་གི་ལས་འགན་གསར་བའི་སྐོར་ལ་སྐད་ཆ་དྲིས་པར་ཁོང་གིས་གསུངས་དོན། ང་རང་འདིར་ཡོང་ནས་ཉི་མ་གཅིག་མ་གཏོགས་སོང་ཡོད་པ་མ་རེད། ཁ་སང་དེ་རིང་རྩིས་སྤྲོད་རྩིས་ལེན་བྱེད་བཞིན་པའི་སྒང་ཡིན། ད་དུང་ལས་ཀ་དངོས་གཞིའི་ཐོག་ལ་གོམ་པ་རྒྱབ་ཡོད་པ་མ་རེད། དེ་འདྲ་སོང་ཙང་། རྗེས་ཕྱོགས་ལས་ཀ་ག་འདྲ་བྱེད་དགོས་ཀྱིན་འདུག་དེ་བོད་གཞུང་གི་སྒྲིག་ཁྲིམས་ལྟར་ལས་དགོས་པ་རེད་མ་གཏོགས། ངས་ལས་འཆར་གསར་བ་ཞིག་བཀོད་ནས་འདི་བྱེད་ཀྱི་ཡིན། ད་ལྟའི་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ལས་སྟངས་འདི་འགྲིག་གི་མི་འདུག་ཅེས་ནས་བསྒྱུར་བཅོས་བཏང་ཆོག་གི་མ་རེད། སྔོན་མ་ ༡༩༨༣ རྗེས་ནས་ལོ་གསུམ་ལ་ལས་དོན་འདིའི་སྐོར་ལ་ལས་ཀ་བྱས་མྱོང་ཡོད། སྐབས་དེར་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ལབ་གི་མ་རེད། ལས་བྱེད་བདག་གཉེར་ཁང་ལབ་གི་རེད། སྐབས་དེ་དུས་ཀྱི་ལས་ཀ་བྱས་སྟངས་དང་བསྡུར་ན་ད་ལྟ་འགྱུར་བ་ཞེད་པོ་འགྲོ་ཡོད་པ་རེད། ཡིན་ནའང་། རྩ་བའི་གཞི་རྩ་གཅིག་པ་ཡིན་སྟབས། ལས་ཀ་བྱེད་སྟངས་ཀྱི་ཐད་ནས་ཏོག་ཙམ་ཧ་གོ་གི་ཡོད་པ་རེད། ཅེས་དང་། བརྒྱད་ཅུ་གྱ་གྲངས་སྐབས་ཀྱི་ལས་བྱེད་བདག་གཉེར་ཁང་དང་ད་ལྟའི་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གཉིས་ལ་ཁྱད་པར་ག་རེ་ཡོད་མེད་སྐོར་དྲིས་པར་ཁོང་གིས་གསུངས་དོན། སྐབས་དེ་དུས་ལས་བྱེད་བདག་གཉེར་ཁང་གི་ལས་ཀ་དེ་རང་དབང་ཟེར་ན་མི་འདུག  ད་ལྟ་ནང་བཞིན་ལས་ཀ་ག་རེ་བྱེད་དགོས་ཀྱང་ལས་བྱེད་བདག་གཉེར་ཁང་རང་ངོས་ནས་ཐག་བཅད་ན་འགྲིག་གི་ཡོད་པ་རེད། ད་ལྟ་ནང་བཞིན་སྤྱི་འཐུས་ལྷན་ཁང་དང་ཁོང་ཚོར་ཞུ་དགོས་ཀྱིན་ཡོད་པ་མ་རེད། ཁ་སང་དེ་རིང་ནང་བཞིན་མཐོ་སློབ་ཐོན་པ་མང་བོ་ཡང་ཡོད་པ་མ་རེད། ད་ལྟ་དེ་འདྲ་མ་རེད། གཅིག་ནས་བོད་གཞུང་གི་བཅའ་ཁྲིམས་ཡོད་པ་རེད། གཉིས་ནས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་རང་གི་སྒྲིག་གཞི་ཡོད་པ་རེད། སྒྲིག་གཞི་ལྟར་འགྲོ་རྒྱུ་མ་གཏོགས་ངས་བསྒྱུར་བཅོས་འདི་འདྲ་གཏོང་གི་ཡིན་ལབ་ན་འགྲིག་གི་ཡོད་པ་མ་རེད་ཟེར།

དེ་བཞིན་ཁོང་གིས། ད་སྐབས་ང་རང་ལས་ཁུངས་གཉིས་ཀའི་འགན་འཛིན་གཅིག་ལྕོགས་སུ་བསྐོས་ཡོད་པ་རེད། སྤྱིར་བཏང་འགན་གཅིག་ལྕོགས་ཡིན་ཡང་། ལས་ཁུངས་གཉིས་ཀ་ཁ་ཁ་རེད། ལས་ཀ་བྱེད་སྟངས་ཀྱི་ངོ་བོ་ཡང་ལོག་ཀ་རེད། དེ་འདྲ་ཡིན་པར་བརྟེན། ལས་ཀ་གཞན་པ་ལས་དམིགས་བསལ་འདྲ་བོ་ཞིག་རེད་ཟེར།
 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 5

  1. བདེ་བ་ཅན། says:
    ལོ་ 17 སྔོན།

    དྲ་གྲོགས་དབང་ལྡན་མཚོ་མོ་ཞུ་བ་ལགས། ཁྱེད་རང་གི་གསུང་སྟངས་འདི་མཚམས་པོ་མི་འདུག གལ་སྲིད་ཁོང་ལྟ་བུར་ མི་ལོ་སུམ་ཅུ་ཉི་མ་འགྲོ་ ཐབས་བྱས་པ་རེད་ཅེས་ཞུས་ན་རྦད་དེ་གོ་ནོར་ཐེབས་པ་ཞེ་དྲག་རེད། རྩ་བའི་དུས་ཚོད་འདི་གཞན་ལ་འཕྱ་སྨོད་ཀྱང་བྱས་ཏེ་བསྡད་ཀྱང་དུས་ཚོད་རྫོགས་འགྲོ་གི་རེད། ཁོང་ནི་དེ་ལྟར་མིན་པར་བོད་གཞུང་ནས་ཨ་རིར་སློབ་སྦྱོང་ཐེངས་དང་པོ་བཏང་སྟེ་དངོས་སུ་ཕྱིར་ལོག་གིས་ད་བར་བཟའ་མི་བུ་ཕྲུག་ཚང་མ་ཕྱི་རྒྱལ་དོན་གཅོད་གང་དུ་ཕྱིན་ཡང་སྐྱབས་བཅོལ་མ་ ཞུས་པར་བཙན་བྱོལ་སྤྱི་ཚོགས་ནང་བསྡད་དེ་ལྷག་བསམ་དང་རང་ནུས་འདོན་སྤེལ་གྱིས་ཐེག་པ་རིམ་འཛེགས་ཀྱིས་ཞབས་ཕྱི་ཞུ་མཁན་ཞིག་རེད་ལ། ལོ་སུམ་ཅུ་དེའང་ཁོང་རང་ཉིད་དང་ང་ཚོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཞབས་འདེགས་བསྡད་པ་ཞིག་རེད། ད་ལྟ་ཁོང་གི་བཟུང་བའི་ཞབས་སྟེགས་འདི་གཉིས་ནི་བཙན་བྱོལ་བོད་གཞུང་གི་རང་དབང་ལྡན་པའི་ལས་ཁུངས་ ཁག་གསུམ་གྱི་ནང་ནས་གཉིས་ཡིན་པ་དང༌། ལས་ཁུངས་དེ་གཉིས་ཀྱི་ལས་དོན་གནས་སྟངས་ཆ་ནས་གནས་རིམ་དེར་མཚམས་པའི་མི་དེར་སྤྱི་ཚོགས་སྟེང་ལས་མེད་ལག་འཁྱེར་ཡོད་པ་གཅིག་པུས་མི་འགྲིག་པར་ངེས་པར་བཙན་བྱོལ་གཞུང་གི་སྒྲིག་འཛུགས་འོག་ལོ་མང་ལས་དོན་སྣེ་མང་ཐད་ཞབས་ཞུ་གྲུབ་མྱོང་བའི་གཞུང་ཞབས་རྒན་གྲས་ཀྱིས་མ་གཏོགས་བཟུང་མ་ཐུབ་པའི་ཞབས་སྟེགས་ཤིག་ཡིན་པས་རེད། དེར་ལག་འཁྱེར་གཅིག་པུ་བསྡུར་ས་མེད་ལེ་རེད་དོ། སྤྱི་ཚོགས་སྟེང་ལས་མེད་ལྷག་དོན་ཡོད་མ་རེད། ཚང་མས་ལས་ཀ་སྟབས་བདེ་བ་དང་ཡག་པ་ཁོ་ན་བསམ་བསྡད་ཡོད་སྟབས་རང་བཞིན་དུ་ལས་མེད་ལྷག་པ་ལས། ལས་ཀ་བྱས་ཚེ་ཚང་མར་ལས་ཀ་བྱ་ཐུབ་པ་ཞིག་རེད། གླ་ཡོད་ལ་མིང་ཡོད་པ། དཀའ་ལས་ཁག་པོ་མེད་པ་དེ་འདྲ་རྐྱང་རྐྱང་བསམ་མཁན་མང་དུ་ཕྱིན་ཚེ་ལས་མེད་མང་དུ་འགྲོ་རྒྱུ་འདི་སྤྱི་ཚོགས་ཀྱི་ཆོས་ཉིད་རེད། དེ་འདྲ་མ་རེད་དམ། དེ་ངའི་བསམ་་ཚུལ་ཡིན། ཐུགས་ལ་ཕོག་ན་དགོངས་པ་མ་འཚོམ་རོགས་གནང༌༎

    Reply
  2. དབང་ལྡན་མཚོ་མོ། says:
    ལོ་ 17 སྔོན།

    མི་ལོ་སུམ་ཅུ་རིང་ལ་ཉི་མ་འགྲོ་ཐབས་བྱས་ནས་བསྡད་པ་རེད།
    ད་དུང་མུ་མཐུད་ནས་ཉི་མ་གང་ཆོད་བྱས་བསྡད་འདོད་འདུག་གམ།
    ལས་མེད་མི་ལྷག་མང་པོ་ཡོད་པ་མཐོང་གསལ་རེད།

    Reply
  3. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    རྒད་པོ་དེས་མདའ་གཅིག་གིས་ཤྭ་བ་གཉིས་གསོད་ན་འདོད་ཀོ་ཁུ།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་པ་ཚང་གིས་ལས་སྣེ་རྐུབ་སྟེགས་དེ་དག་ལ་མི་ཡི་མ་འདང་བར་བསྡད་ཡོད་པ་རེད་དམ། ཡང་ན་ཁོང་ཉིད་ལ་མི་གཅིག་གིས་ལས་སྣེ་གཉིས་ཀ་འཐུས་ཤོར་མི་འགྲོ་བའི་ནུས་པ་ཡོད་པ་རེད་དམ་སྙམ་ཞོར། ཡིད་ལ་འཕངས་སེམས་ཤིག་ཀྱང་སྐྱེ་སོང་།

    Reply
  5. རིག་པའི་རལ་གྲི། says:
    ལོ་ 17 སྔོན།

    རྒན་འཇམ་དཔལ་ཆོས་བཟང་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡིན། མ་འོང་བའི་སྤྱི་འཐུས་དང་བཀའ་བློན་བསམ་པ་ནང་བཞིན་ཡོང་ཐུབ་པའི་རེ་བ་ཤུག་ཆེ་ཡོད། རྒན་གྱི་གོ་སྐབས་འདི་ཟིན་པ་ལ་གུས་ཀྱིས་བཀའ་དྲིན་ཆེ་ཞུ་བགྱི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese