མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་རི་སིའི་ཧི་མ་ལ་ཡའི་དུས་སྟོན་ཐེངས་དགུ་པ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཉིན་ཐུང་ཤིང་མཚན་རིང་ལ། ཉི་འོད་དཀོན་པའི་ཕ་རི་སིའི་དགུན་ཟླ་རིང་མོ་མགོ་འཛུགས་ལ་ཉེ་སྐབས་འདིར། མི་ཚང་མས་ལོ་འདིའི་མཐའ་མཇུག་གི་ཉི་འོད་ལ་ལོངས་སུ་སྤྱོད་སླད་དུས་ཁོམ་དང་གཟའ་མཇུག་གི་གུང་གསེང་རྣམས་ཕྱི་ལོགས་ནས་གཏོང་བར་བྲེལ་བྲེལ་འཚུབ་འཚུབ་ངང་ཡོད།

དུས་ཚོད་འདིར་ཡུལ་མི་ཚོ་གྲོང་ཁྱེར་ཕྱི་ནང་གི་གླིང་ག་གང་རུང་ནང་ཕྱིན་ནས་ཉིན་གང་བོར་སྐྱིད་པོ་གཏོང་ཞོར་ཉི་མར་ལྡེ་རྒྱུ་ནི་འཚོ་བའི་རྒྱུན་སྲོལ་ལྟ་བུར་ཆགས་ཡོད། ཡུལ་མི་ཚོས་ཉི་འོད་ལ་ལོངས་སུ་སྤྱོད་དུས་འདི་རང་དབང་ཅན་གྱི་ཚོགས་སྡེ་འགའ་ལ་མཚོན་ན་རྩ་ཆེ་བའི་གོ་སྐབས་ཤིག་ཡིན་ཞིང་། ཁོ་ཚོས་གོ་སྐབས་འདི་བླངས་ནས་ལོ་ལྟར་མི་ཚོགས་འདུ་འཛོམས་ཆེ་སའི་གླིང་གའི་ནང་བྱེད་སྒོ་འདྲ་མིན་སྤེལ་བཞིན་ཡོད་ལ། རྒྱལ་ས་ཕ་རི་སིའི་ནང་རྟེན་གཞི་བྱས་པའི་བོད་ཀྱི་ཁང་པ་ཡང་ཚོགས་སྡེ་དེ་དག་གྲས་ཀྱི་གཅིག་ཡིན། བོད་ཀྱི་ཁང་པས་ལོ་ལྟར་དུས་ཚིགས་འདིར་ཧྥ་རན་སིའི་ཡུལ་མི་ཚོར་བོད་ཀྱི་རིག་གཞུང་ངོ་སྤྲོད་དང་། ཞོར་དུ་དཔལ་འབྱོར་འདུ་འགོད་གནང་ཆེད་ཧི་མ་ལ་ཡའི་དུས་སྟོན་ཞེས་པ་ཞིག་གོ་སྒྲིག་གནང་གིན་ཡོད་ལ། ད་ལོ་ནི་དུས་སྟོན་གོ་སྒྲིག་གནང་ཐེངས་དགུ་པ་དེ་ཡིན་འདུག

 ཧི་མ་ལ་ཡའི་དུས་སྟོན་ཚུགས་ཡུལ་སྟེ། Bois-du Vinnencen ནི་གྲོང་ཁྱེར་ཕ་རི་སིའི་ནང་གི་གླིང་ཁ་ཆེ་ཤོས་དེ་ཡིན། གླིང་གའི་ནང་རང་བྱུང་ཁམས་ཀྱི་མཛེས་ཉམས་དོད་པའི་སྤང་ཐང་དང་ཤིང་ནགས་རྒྱ་ཆེ་ཙམ་ཡོད་པ་མ་ཟད། གླིང་གའི་དཀྱིལ་དུ་མཚོ་གྲུ་གཏོང་སའི་མཚེའུ་ཞིག་ཡོད་ལ། རྟ་ཞོན་ནས་མཚེའུ་སྐོར་དུ་འགྲོ་བའི་བྱེད་སྒོ་སྤེལ་བཞིན་པ་དེས་སྤྲོ་འཆམ་པ་དང་སྐྱིད་པོ་གཏོང་བར་ཡོང་མཁན་ཚོར་རང་བྱུང་ཁམས་དང་ཐག་ཉེ་བའི་ཚོར་བ་སྣོན་མ་ཞིག་སྤྲོད་ཀྱིན་ཡོད། དེར་བརྟེན་གླིང་ག་འདི་གླིང་ག་གཞན་དང་བསྡུར་ན་མི་ཚོགས་འདུ་འཛོམས་ཆེ་ས་དེ་ཆགས་ཡོད།

ད་ལོའི་ཧི་མ་ལ་ཡའི་དུས་སྟོན་དེ་ཟླ་འདིའི་ཕྱི་ཚེས་ ༣ དང་ ༤ ཉིན་སྟེ་རེས་གཟའ་སྤེན་པ་དང་ཉི་མའི་ཉིན་འཚོགས་ཡོད་ལ། བོད་མི་སྒེར་བ་དང་སྐྱིད་སྡུག་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ། ཆོས་ཚོགས་ཁག་ཅིག་གིས་རྒྱུན་ལྡན་ལྟར་དུས་སྟོན་ནང་བོད་ཀྱི་རིག་དངོས་ཐོན་རྫས་ཚོང་འགྲེམ་གྱི་ཆ་ཤས་བླངས་ཤིང་། ཧྥ་རན་སིའི་ཡུལ་མི་ཁག་ཅིག་གིས་བོད་ཀྱི་གཡག་གཉིས་དང་འབྲོག་ཁྱི་འགའ་དངོས་སུ་དུས་སྟོན་སྟེང་འཁྲིད་ཡོང་ནས་གཡག་ལ་ཁལ་འགེལ་སྟངས་དང་། འབྲོག་ཁྱིས་སྦྲ་སྒོ་སྲུང་སྟངས་ཐད་ངོ་སྤྲོད་བྱས། བོད་ཁང་དྲུང་ཆེ་དབང་པོ་ལགས་ཀྱིས་དུས་སྟོན་ངོ་སྤྲོད་གནང་བ་ལྟར་ན། བོད་ཁང་གིས་ལོ་ལྟར་འདི་འདྲའི་དུས་སྟོན་ཞིག་གོ་སྒྲིག་གནང་དོན་གཙོ་བོ་ཧྥ་རན་སིའི་ཡུལ་མི་དཀྱུས་མ་ཚོར་ཧི་མ་ལ་ཡའི་རིག་གནས་དང་། དམིགས་བསལ་བོད་ཀྱི་ཆོས་དང་རིག་གཞུང་། གནས་བབ་བཅས་ངོ་སྤྲོད་ཡོང་ཐབས་ཆེད་ཡིན་ཞིང་། ཞོར་དུ་བོད་ཁང་གིས་ཟ་ཁང་དང་ཚོང་ཁང་། རོལ་དབྱངས་མཚན་ཚོགས་སོགས་བསྡུས་ནས་དཔལ་འབྱོར་འདུ་འགོད་ཅུང་ཙམ་བྱེད་ཆེད་ཡིན་འདུག

ད་ལོའི་དུས་སྟོན་སྐབས་བོད་ཁང་གིས་བྷེལ་རྗམ་བོད་རིགས་ཚོགས་པའི་རིག་གཞུང་འཁྲབ་སྟོན་པ་དང་། ཧྥ་རན་སིར་གནས་བཞུགས་རྒྱ་གར་དང་བལ་བོའི་རིག་གཞུང་འཁྲབ་སྟོན་ཚོགས་པ་ཁག་ཅིག་ཆེད་དུ་གདན་དྲངས་ནས་ཡུལ་ལུང་སོ་སོའི་རིག་གཞུང་འཁྲབ་སྟོན་གནང་ཡོད་འདུག་ལ། ཧྥ་རན་སིའི་རྩོམ་པ་པོ་དང་གསར་འགོད་པ་ཨེ་རན་ཧྥུ་རན་ཁོས་༼ ཧྥ་རན་སིའི་ཡུལ་མི་དང་བོད་མིའི་མཚུངས་ཆ། ༽ཞེས་པ་དང་། ཉམས་ཞིབ་པ་ཁེ་རོན་ལེན་བན་སོན་གྱིས་༼ བོད་རྒྱའི་གནས་བབ། ༽ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གཏམ་བཤད་གནང་ཡོད་འདུག

དེ་བཞིན་ལྷ་སའི་རྨི་ལམ་དང་ཨ་མ་ཨ་བདེའི་ལོ་རྒྱུས་ཀྱིས་མཚོན་པའི་བོད་སྐོར་གྱི་གློག་བརྙན་ཁག་ལྔ་གཟིགས་འབུལ་ཞུས་ཡོད་པ་མ་ཟད། བོད་གཞུང་འགྲེམ་སྟོན་ཁང་གི་ལོ་རྒྱུས་འདྲ་རིས་ཁག་ཧྥ་རན་སིའི་སྐད་ཡིག་ནང་བསྒྱུར་ནས་འགྲེམས་སྟོན་བྱས་ཡོད་འདུག

ཧྥ་རན་སིའི་ཡུལ་མི་ལྕམ་ཨེ་ཟ་རྦེད་ལགས་ཀྱིས་དུས་སྟོན་ཐད་རང་གི་བསམ་ཚུལ་གསུངས་དོན། ༼ ང་རང་ད་ལོ་བརྩིས་པའི་དུས་སྟོན་འདིར་ཐེངས་གསུམ་བཞི་ཙམ་ཡོང་མྱོང་ཡོད། དུས་སྟོན་འདི་ངོ་མས་ང་ཚོ་ལ་ཕན་ཐོགས་པོ་ཞེ་དྲག་འདུག བོད་དང་བོད་མི། བོད་ཀྱི་གནས་སྟངས་ལ་རྒྱུས་ལོན་བྱེད་པར་ཕན་ཐོགས་པོ་ཞེ་དྲག་འདུག ང་རང་བོད་ལ་འགྲོ་མྱོང་མེད། དུས་སྟོན་འདི་བརྒྱུད་ནས་ངས་ཐེངས་དང་པོར་བོད་ཀྱི་གཡག་དང་འབྲོག་ཁྱི་མཐོང་སོང་ལ། ངས་བོད་ཀྱི་ཤོ་རྩེད་སྟངས་དང་ཕྱུ་བ་གྱོན་སྟངས་ཤེས་སོང་། མ་ཟད་རང་གི་མིང་བོད་ཡིག་ནང་འབྲི་ཚུལ་ཀྱང་ཤེས་སོང་། སོང་ཙང་དུས་སྟོན་འདི་ང་ཚོ་ལ་ཕན་ཐོགས་འདུག ང་དུས་སྟོན་འདིའི་རིགས་ལ་དགའ་བོ་ཞེ་དྲག་ཡོད་།༽ ཅེས་དང་། ཧྥ་རན་སིར་གནས་སྡོད་བོད་མི་རྒྱལ་མཚན་ལགས་ཀྱིས་༼ ང་རང་ཧྥ་རན་སིའི་བོད་མི་རྙིང་ཤོས་གྲས་རེད། དུས་སྟོན་འདི་འདྲ་ཞིག་གོ་སྒྲིག་གནང་བ་དེ་ཧ་ལས་པའི་ཡག་པོ་རེད་བསམ་གི མགོ་སེར་པོ་ཚོ་གཅིག་པུ་མ་རེད། ང་ཚོ་བོད་པ་ཚོ་ལའང་ཕན་ཐོགས་འདུག འདི་འདྲའི་སྐབས་སུ་བོད་མི་ཚོ་མཉམ་དུ་འཛོམས་ནས་ཕན་ཚུན་ངོ་ཤེས་བྱེད་པ་དང་། ལྷག་པར་དུ་བོད་ཕྲུག་ཆུང་ཆུང་དེ་ཚོ་མཉམ་དུ་འཛོམས་ནས་རྩེད་མོ་ཙམ་ལས་རྩེ་མ་ཐུབ་ནའང་ཁོ་ཚོའི་སེམས་ནང་ལ་ང་ཚོ་བོད་པ་ཞེས་པའི་བག་ཆགས་ཤིག་འཇོག་ཐུབ་པར་ཕན་ཐོགས་ཡོད་པ་རེད། འདི་གལ་ཆེན་པོ་རེད་བསམ་གི་འདུག ༽ཅེས་དུས་སྟོན་འདིས་ཧྥ་རན་སིར་གནས་སྡོད་བོད་མི་དང་བོད་ཕྲུག་ཚོར་ཐོགས་ཆེ་ཚུལ་གསུངས་སོང་།

འོན་ཀྱང་། ཧི་མ་ལ་ཡའི་དུས་སྟོན་འདི་ཕྱི་ལོ་ ༢༠༠༠ ལོ་ནས་མགོ་འཛུགས་ཀྱིས་ལོ་ལྟར་འཚོགས་བཞིན་ཡོད་ནའང་། ༢༠༠༧ ལོའི་དུས་སྟོན་སྐབས་ཀྱི་འགྲོ་སོང་དང་ཡོང་སྒོ་དོ་མ་མཉམ་པས་ ༢༠༠༨ ལོར་དུས་སྟོན་མུ་མཐུད་ཚུགས་ཐུབ་མེད་ལ། འདིའི་སྐོར་བོད་ཁང་དྲུང་ཆེ་དབང་པོ་ལགས་ལ་བཀའ་འདྲི་ཞུས་པར་ཁོང་གིས་༼ སྤྱིར་བཏང་དུས་སྟོན་འདིའི་སྐབས་དཔལ་འབྱོར་འདུ་འགོད་ཡོང་ཐབས་ལ་འབད་བརྩོན་བྱེད་གིན་ཡོད་པ་རེད། ༢༠༠༦ ལོ་དང་༢༠༠༧ ལོ་གཉིས་ལ་དུས་སྟོན་སྐབས་དཔལ་འབྱོར་ཁ་འདུམ་བྱུང་ཐུབ་ཡོད་པ་མ་རེད། དེ་ག་ནང་བཞིན་ད་ལོ་ཡང་ཁག་སེ་འདུག ཡིན་ནའང་འདིའི་དམིགས་ཡུལ་གཙོ་བོ་བོད་ཀྱི་རིག་གཞུང་ཡུལ་མི་དཀྱུས་མར་ངོ་སྤྲོད་བྱེད་རྒྱུ་དེ་རེད། དེ་གལ་ཆེན་པོ་རེད། སོང་ཙང་དཔལ་འབྱོར་གཅིག་པུའི་ཐོག་ལ་བསམ་བློ་མ་བཏང་བར་དུས་སྟོན་འདི་མུ་མཐུད་རྒྱུར་འབད་བརྩོན་བྱས་པ་ཡིན་ལ། མ་འོངས་པར་ཡང་མུ་མཐུད་ནས་འཚོག་ཐུབ་པའི་རེ་བ་རྒྱག་གིན་ཡོད། ༽ཅེས་གསུངས།

ཧྥ་རན་སིའི་ས་གནས་གསར་འགོད་པ། ཟླ་བ་ཚེ་རིང་གིས་སྤེལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཟླ་གྱོང་ལགས་ཀྱིས་ས་གནས་ནས་གསར་འགྱུར་མཁོ་གཏོང་གནང་བར་ཐུགས་རྗེ་ཆེ་ཞུ། བསེ་རུས་དག་འདེད་བྱས་པར་ཞེ་དྲག་ཞེ་དྲག་ཉན་དགོས་ནི་མ་རེད། ཁོ་ལའང་ཡིག་ནོར་མང་པོ་ཡོད་པ་རེད། ཧ་ཧ་ཧ

    Reply
  2. དྲ་རྒྱའི་དོ་དམ་པ། says:
    ལོ་ 17 སྔོན།

    བསེ་རུ་ལགས། གཏགས་ནོར་དང་ཡིག་ནོར་གཉིས་བཅོས་ཟིན། དེའི་འོག་གི་ཞེ་དྲག་གི་དྲག་དེ་ལ་ས་མཐའ་དགོས་དོན་ཡོད་དམ། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུ། ཞེ་དྲག་ཅེས་བྲིས་ཡོད་པ་རེད།

    Reply
  3. བསེ་རུ། says:
    ལོ་ 17 སྔོན།

    ང་ཡིས་མཐོང་བའི་ཡིག་ནོར།

    སྐྱོད་པོ། སྐྱིད་པོ།
    ཉི་མར་ལྡེབ་རྒྱུ། ཉི་མར་ལྡེ་རྒྱ།
    ཞེ་དྲག ཞེ་དྲགས།

    ས་གནས་གསར་འགོད་པས་དེ་རིང་གཞི་ནས་འདི་ལྟར་བསྒྲགས་དུས་དམིགས་བསལ་འཚམས་འདྲི་ཡོད་ལ་སྐུ་གཟུགས་བདེ་བར་སྨོན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese