སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་ཉེ་ཆར་དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ཀྱིས་ཁོང་ཉིད་སྤྱི་འཐུས་ནས་རྩ་དགོངས་ཞུ་དགོས་པའི་ཟུར་རྒྱན་གྲོས་ཆོད་ཅིག་བཞག་པ་དེར་ངོས་ལེན་མེད་ཅེས་དབུས་གཙང་རྒྱུན་ལས་ཁང་ལ་འཕྲིན་ལན་ཅིག་བཏང་འདུག
ཕྱི་ཚེས་ ༧ ཉིན་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་དབུས་གཙང་རྒྱུན་ལས་ལ་འཕྲིན་ལན་ཅིག་བཏང་བའི་ནང་བཀོད་དོན། ཕྱི་ལོ་ ༢༠༠༩ ཟླ ༩ ཚེས་ ༢༨ ཉིན་འཁོད་དེ་ནས་ཕྲན་གྱི་མིང་ཐོག་སྩལ་བའི་ཕྱག་བྲིས་ལག་སོན་བྱུང་། དེ་ནང་ “ཟུན་རྒྱན་གྲོས་ཆོད་ལ་ཐུགས་སྣང་དང་སྦྲགས་ཕྱག་ལེན་གནང་ཕྱོགས་ཡོང་བ་ཞུ་རྒྱུ་དགོངས་འཇགས་ཞུ།” ཞེས་གསལ་བ་དང་། ཟུར་རྒྱན་གྲོས་ཆོད་ཀྱི་ནང་གསེས་དོན་ཚན་གཉིས་བཅས་ཐད་འགྲེལ་བརྗོད་རིང་པོ་ཞུ་གལ་མ་མཐོང་། བཅའ་ཁྲིམས་ནང་སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་ཐབས་ཆེད་དོན་ཚན་གཅིག་ལས་འཁོལ་མེད་ཅིང་། དོན་ཚད་ང་བདུན་པའི་ནང་གསེས་༢༽ པ་ནང་། “སྤྱི་འཐུས་སུ་འོས་འདེམས་བྱུང་བའི་སྐྱེས་བོ་གང་ཞིག་བཅའ་ཁྲིམས་འདིའི་དོན་ཚན་སོ་བརྒྱད་པར་གསལ་བའི་སྤྱི་འཐུས་འོས་ཆོས་གང་རུང་མ་ཚང་བར་གྱུར་པའམ། ཡང་ན་རང་ཉིད་འདེམས་བྱེད་མི་མང་གི་མང་མོས་མེད་པའི་གནས་ཚུལ་ར་འཕྲོད་ཀྱིས་སྤྱི་འཐུས་ལྷན་ཚོགས་ནས་འཕོ་འགྱུར་བྱ་རྒྱུར་མང་མོས་ཐག་གཅོད་བྱུང་བ་བཅས་ཀྱི་སྐབས་རང་ཉིད་སྤྱི་འཐུས་ནས་འཕོ་དགོས། ”ཞེས་གསལ་ཡོད། ཅེས་དང་།
ཡང་ཁོང་གིས། “དབུས་གཙང་”ཞེས་པའི་ཐ་སྙད་འཁྱེར་བ་ཙམ་གྱིས་དབུང་གཙང་ཆོལ་ཁའི་སྤྱིའི་ཚབ་ནམ་ཡང་མཚོན་མི་ཐུབ་པ་དང་། ལྷག་པར་འདས་པའི་དུས་ཚོད་ནང་མངའ་རིས་སྤྱི་མཐུན་ཚོགས་པ་དང་། ད་ལྟའི་དབུས་གཙང་ཚོགས་པ་གཉིས་དབར་བགྲོ་གླེང་བྱུང་སྐབས་གནད་དོན་འདི་དག་གསལ་བོ་བཟོས་ཟིན་འདུག ཆོལ་ཁ་འདིའི་འདེམས་བྱེད་མི་མང་ནང་། དབུས་པ་དང་། གཙང་པ། སྟོད་པ། མངའ་རིས་བ་བཅས་བཞི་ཡོད། ད་སྐབས་གྲོས་ཆོད་འཇོག་མཁན་གྱི་ཚོགས་པ་འདིའི་ཚོགས་མི་དང་། ལྷག་པར་ཉེ་ལམ་ཚོགས་པའི་འགན་འཛིན་ལྷན་ཚོགས་སུ་ཕེབས་མིའི་ཁོངས་སྤྱི་ལྷན་སྐབས་བཅུ་བཞི་པའི་འོས་འདེམས་སྐབས་ཕྲན་འདེམས་བྱར་རྒྱབ་སྐྱོར་བྱ་མཁན་ཉུང་ཤས་ཙམ་ལས་མེད་ཅེས་བརྗོད་ན་མི་འགྲིགས་པ་རྩ་བ་ཉིད་ནས་མེད། དེར་བརྟེན། ༡༽ཁྱེད་ཚོར་ཕྲན་སྤྱི་འཐུས་ནས་རྩ་དགོངས་བྱ་དགོས་པའི་གྲོས་ཆོད་འཇོག་རྒྱུའི་བཟང་སྤྱོད་ཀྱི་ནུས་པ་གང་ནས་བྱུང་ངམ། ༢༽གོང་གསལ་བཅའ་ཁྲིམས་དགོངས་དོན་ཕྲན་དབུས་གཙང་ཆོལ་ཁའི་མི་མང་གི་མང་མོས་མེད་པ་ར་འཕྲོད་པའི་གནས་ཚུལ་ཐབས་ལམ་གང་གིས་བརྒྱུད་གནང་ཡོད་དམ། ༣༽ཕྲན་སྤྱི་འཐུས་ནས་འཕོ་དགོས་པར་ཟུར་རྒྱན་གྲོས་ཆོད་འཇོག་རྒྱུར་འདེམས་བྱེད་མི་མང་གི་མང་མོས་ཐག་གཅོད་བྱུང་བའི་ར་འཕྲོད་དཔང་རྟགས་གང་ཡོད་དམ། ༤༽ད་རེས་འགན་འཛིན་ལྷན་ཚོགས་སུ་ས་གནས་མིང་ཁུར་གྱིས་ཕེབས་མི་རྣམས་ནས་ས་གནས་དེའི་དབུས་གཙང་ཆོལ་ཁའི་མི་མང་གི་ངོ་ཚབ་མཚོན་པའི་ཁས་ལེན་བྱེད་ཐུབ་བམ་ཅེས་དྲི་བ་བཞི་དྲིས་འདུག
དེ་བཞིན་ཁོང་གིས། སྤྱིར་བོད་དོན་གཉན་འཕྲེང་ཅན་དུ་གནས་བཞིན་པ་དང་། བཙན་བྱོལ་སྤྱི་ཚོགས་ནང་ཆིག་སྒྲིལ་དང་ལྷིང་འཇགས་དགོས་གལ་ལ་བསམ་ཞིབ་ཀྱིས་རྟག་ཏུ་ལབ་གླེང་མི་དགོས་པ་གཙོ་དོན་བྱ་མཁན་ཞིག་ཡིན། འོན་ཀྱང་། གླེང་དགོས་ན་གླེང་རྒྱུ་མེད་མཁན་ཞིག་མིན་པ་མཁྱེན་དགོས་པ་དང་། ཟུར་རྒྱན་གྲོས་ཆོད་ལ་ངོས་ལེན་མེད་ཅེས་འཕྲིན་ལན་ནང་བཀོད་འདུག
དྲ་དཔོན་ལགས་ཀྱིས་གསུངས་པ་དེ་དངོས་ནས་མཚམས་པོ་ཞིག་འདུག་
མི་ཉག་སྐལ་བཟང་ཅེས་མི་འབོད་པར་མི་ངན་སྐལ་བཟང་ཅེས་འབོད་ན་ཁོང་གིས་བྲིས་པའི་ཟིན་བྲིས་དང་མཚམས་པ་ཞིག་ལ་ཚོད་མེད་པ་ཞིག་འདུག་པས་གུས་པས་དེའི་ཐད་རྒྱབ་སྐྱོར་གྱི་འོས་ཤོག་གཡུག་དགོས་བྱུང་ཡང་ཨང་དང་པོས་སླེབས་པ་ཞིག་བྱེད་ཀྱི་ཡིན། དྲ་དཔོན་ནི་དངོས་གནས་དྲ་དཔོན་རང་རེད་འདུག་དྲ་རྒྱའི་ཐོག་ཏུ་མི་ངན་སྐལ་བཟང་ཟེར་བའི་དྲ་རྒྱའི་ནད་འབུ་དེ་ཏག་ཏག་ཟིན་འདུག་ཧཧཧཧཧཧ
སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ད་ལྟ་ཁྱེད་ཀྱི་མཚན་ཐོག་ཏུ་་་་་སྤྱི་འཐུས་་་་ཞེས་ཡོད་པའི་དོན་སྙིང་རྟོག་གི་ཨེ་ཡོད། གལ་ཏེ་རྟོག་ན་གྲོལ་ཚོགས་ཐོག་གི་བཀའ་མོལ་་་་ང་མངའ་རིས་མི་མང་གིས་འོས་འདེམས་པྱས་པ་ལས་དབུས་གཙང་མི་མང་གི་འོས་འདེམས་བྱས་པ་མིན།་་་་ཞེས་པའི་གོ་དོན་གང་ཡིན་ནམ། གང་ཡིན་ཟེར་ན་འོས་འདེམས་སྐབས་ཆོལ་ཁ་གསུམ་དང་ཆོས་རྒྱུད་ཁག་དབྱེ་བ་ལས། དབུས་གཙང་ཆོལ་ཁའི་ནང་ དབུས་པ་དང་། གཙང་པ། སྟོད་པ། མངའ་རིས་བ་བཅས་བཞི་ཁག་སོ་སོར་དབྱེ་ནས་འོས་ཤོག་བླུགས་སྲོལ་གོ་ཐོས་མ་བྱུང་། དེ་ལྟར་གསུང་ན་མི་མང་གི་མཐུན་སྒྲིལ་ལ་གནོད་གཞིར་མ་གྱུར་རམ།
མ་གཞི་ནས་ངས་བལྟས་ན། ད་ལྟའི་ སྤྱི་འཐུས་ཚོགས་གཙོར་ཀླད་སྐྱོན་ཡོད་དམ་བསམ། གང་ལ་ཞེས་ན། གྲོས་ཚོགས་ཐོག་ཚོགས་འདུ་བཏང་འཛིན་གྱི་དབང་ཆ་ཡོང་རྫོགས་ཚོགས་གཙོའི་ཕྱག་ན་ཡོད་པ་ཚང་མས་མཁྱེན་གསལ་རེད། འོན་ཀྱང་རྩོད་གླེང་བྱུང་ནས་མི་ཚང་མ་གཅིག་རྗེས་གཉིས་མཐུད་ངང་ཐ་མ་མི་གྲངས་ཉི་ཤུ་རྩ་བརྒྱད་ཡོད་སྐབས་་་་་་དྲན་བཀུལ་ལྟར་མི་གཅིག་ཡང་བསྐྱར་ཕྱིར་འཐེན་བྱས་ན་གྲོལ་ཚོགས་མཇུག་སྐྱོང་མི་ཐུབ་ཞེས་གསུང་པ་དེ། སྐབས་དེ་དུས་ཀྱི་ཚོགས་གཙོའི་ཀུན་སློང་རྟོག་མི་ཐུབ་ཀྱང་། གྲོས་ཚོགས་གཏོར་ཤིགས་ཀྱི་རྫས་མེ་སྤར་པ་ལྟ་བུ་མཐོང་བྱུང་།
དེ་རིང་ནས་ངས་ཀརྨ་ཆོས་འཕེལ་ལ་༼སྒེར་འཐུས་ཀརྨ་ཆོས་འཕེལ༽ཞེས་མིང་གི་ཆོ་ལོ་འདི་ཕུལ་བ་ཡིན།
ང་ཚོས་འདི་ལྟར་ཀརྨ་ཆོས་འཕེལ་གྱི་གནས་ཚུལ་མང་པོ་ཞིག་སྤྱི་སྡོམ་བྱས་ཏེ་མི་མང་ལ་གོ་རྟོགས་གསར་བ་ཞིག་ཡོངས་བར་གདོན་མི་ཟ་བས།ད་དུང་རྩོམ་པ་པོ་གང་མང་གིས་
བསམ་ཚུལ་མང་པོ་འབྲི་རོགས་ཞུ།
ནོར་བཅོས། སྤྱི་འཐུས་ཀརྨ་ཆོས་འཕེལ།
བོད་མི་རིགས་ལ་དུངས་བའི་ཤ་རུས་གཅིག་པའི་སྤུན་ཟླ་ཚོ་ལགས། ཀརྨ་པ་ཆོས་འཕེལ་ལ་རོགས་པོ་ཞིག་གནང་དང་། ཁོང་སྤྱི་འཐུས་ནས་དགོངས་པ་ཞུ་རོགས་བྱས་ཏེ། ལྡི་ལིར་ཆང་བཞེས་མཁན་དང་ཉལ་ཐ་བཞེས་མཁན་རྣམས་ལ་དམིགས་བསལ་གྱི་གཟིམས་ཆུང་ཞིག་ཡོད་འདུག དེར་བཞུགས་སུ་གསོལ་བའི་དུས་ལ་བབས་འདུག
དྲྭ་གྲོགས་འགའ་རེས་བསམ་བཞིན་བྱེད་ཀྱིན་པའམ།
ཁ་ཤས་ཀྱིས་སྤྱི་དོན་དང་དྲང་པོ་ཞེས་མི་ལ་སྨད་བྱེད་དུ་བགྲང་ནས།
རང་ཉིད་གང་ལ་སླེབས་ཀྱིན་པ་དང་།
རང་གིས་གང་ཞིག་བཤད་ཀྱིན་པའང་ཤེས་ཀྱི་ཡོད་ཚོད་མི་འདུག
བོད་ཀྱི་ཆབ་སྲིད་སྐོར་ནས་བཤད་ན་བོད་གཞུང་གི་གཅའ་ཁྲིམས་རིན་པོ་ལ་གོ་རྟོགས་གང་ཡོད་པ་བྱོས་ནས་ཤོད་དང་ཁྲེལ་མ་དགོས་ཙམ་ཡོད་ངེས།
དེ་མིན་གཅའ་ཁྲིམས་ཀྱིས་ཅི་ཞིག་བཤད་ཀྱིན་པ་མི་ཤེས་ཀྱང་མིའི་བཤད་ཡམས་དང་འུར་སྒྲོགས་ཁོ་ནས་ལབ་གླེང་མ་བྱས་ན་དེའང་དགེ་བ་ཞིག་རེད་བསམ།
གཞན་ཟེར་རྗེས་ཟློས་བྱེད་དུས།།
བྲག་ནག་སྐམ་པོ་འདྲ་བ།།
རང་སེམས་རང་གིས་རིག་དུས།།
སྐྱག་པའི་མི་ཞིག་འདྲ་བ།།
ཟིན་བྲིས་པ་འགའ་ལ
ངས་ཀརྨ་ཆོས་འཕེལ་ལ་འདྲི་རྒྱུར། ཁྱེད་དབུས་གཙང་གི་མི་མང་གིས་འདེམས་བསྐོ་བྱས་པ་མིན་པ་འདྲ་ཞིག་བཤད་ཀྱིན་འདུག་ག དེ་འདྲ་ཞིག་ཡིན་ན་ཆོལ་ཁའི་སྤྱི་འཐུས་ལ་མདོ་སྟོད་སྨད་གཉིས་དང་། དབུས་གཙང་ལས་གཞན་ཞིག་གི་འཐུས་མི་ཡོང་སྟངས་ཡོད་དམ། འདི་བཅའ་ཁྲིམས་ནང་ན་གསལ་ཁ་ཡོད་དམ། དབུས་གཙང་ལས་ཟུར་ཏུ་མངའ་རི་ལ་སྤྱི་འཐུས་འདེམས་རྒྱུའི་ཐོང་ཐང་བཅའ་ཁྲིམས་རིན་པོ་ཆེས་གནང་ཡོད་དམ།
རང་མདོག་ཕྱི་ལ་མ་སྟོན་སྤུན་ཟླ་ཚོ།
ཆིལ་སྒྲིལ་ཚིགས་སྟོང་མ་བཤད་སྤུན་ཟླ་ཚོ།
རང་གི་དགྲ་བོ་མ་ནོར་སྤུན་ཟླ་ཚོ།
དགྲ་བོའི་སྐྲུག་ཤིང་རྒྱབ་ཡོང་སྱུན་ཟླ་ཚོ།།
རང་ཉིད་བོད་པ་ཡིན་པ་མ་བརྗེད་རོགས།
བོད་ལ་རང་བཙན་མེད་པ་མ་བརྗེད་རོགས།
རང་ཉིད་་ཡུལ་གྱ་ཡིན་པ་མ་བརྗེད་རོགས།
གཞིས་བཞུགས་སྤུན་ཟླས་བློས་གཏང་མ་བརྗེད་རོགས།
ང་ཚོ་ཚང་མ་བཙན་པོའི་གདུང་རྒྱུད་ཡིན།།
ང་ཚོ་ཚང་མ་གངས་རིའི་བུ་ཕྲུག་ཡིན།
ང་ཚོ་ཚང་མ་རྩམ་ཟན་གཅིག་པ་ཡིན།
ང་ཚོ་ཚང་མ་ཤ་འབྲེས་རུས་འབྲེས་ཡིན།།
ཀརྨ་ཆོས་འཕེལ་ལགས་ཀྱིས་”གླེང་དགོས་ན་གླེང་རྒྱུ་མེད་མཁན་ཞིག་མིན་པ་མཁྱེན་དགོས་” ཞེས་གསུངས་པ་ལྟར། ངས་ཀྱང་དངོས་བྱུང་གི་གནས་ཚུལ་འདི་འདྲ་ཞིག་གླེང་དགོས་བྱུང་།
གང་ཟག་སྒེར་ལ་མཚོན་ན། ཀརྨ་ཆོས་འཕེལ་ཟེར་བ་དེར་བཟང་ངན་གཉིས་ཀ་བཤད་དགོས་དོན་མ་དམིགས་ཀྱང་། བོད་སྲིད་པའི་གཏམ་དཔེ་ལ།
བཟང་བོར་བཟང་གི་མ་ཟེར་ན་བཟང་བོས་ཐང་ཆད།
ངན་པར་ངན་གི་མ་ཟེར་ན་ངན་པ་ངོར་སྡང་། ཞེས་པའི་དཔེ་ལྟར། ཀརྨ་ཆོས་འཕེལ་གྱི་ངན་པ་ངོར་སྡང་གི་སྤྱོད་ངན་དེ་བཟོད་མ་ཐུབ་པར། སྐད་ཆ་འདི་བཤད་པ་ཡིན།
ཉིན་ཞིག་ང་ལྡིལིར་བོད་སྒར་བསམ་ཡས་གླིང་དུ་ཕྱིན་པ་ཡིན། སྐབས་དེར་ངའི་གྲོགས་པོ་ཞིག་ལྡིལི་གནམ་ཐང་ནས་ཡོང་གི་ཡོད་སྟབས། མཚན་མོའི་ཆུ་ཚོད་བཅུ་གཉིས་ཡོལ་རྗེས། ང་མགྲོན་ཁང་ནས་ཕྱི་ལ་སོང་སྟེ་<<ཛམབྷ་ལྷ།>> མགྲོན་ཁང་གི་ཟུར་དུ་ཐོན་པ་ན། མི་རྒན་ཞིག་ར་བཟི་ནས་དེ་གར་ལྷག་འདུག ངས་བསམ་པར་དེ་སྔོན་རྡ་རམ་ས་ལར་ཡོད་པའི་ར་བཟི་རྒད་པོ་ཡོངས་གྲགས་སུ་བྷ་ལོས་ཟེར་བའི་དུས་རྒྱུན་ར་བཟི་ནས་འཁྱམ་འདུག་མཁན་ཞིག་ཡོད་པ་དེ་ཡིན་ཤག་བྱས་པ་ཡིན། འོན་ཀྱང་། ང་ག་ལེར་ཁོང་གི་གམ་དུ་བཅར་བ་ན། མི་རྒན་དེ་ངས་བཤད་པའི་བྷ་ལོས་ཟེར་བ་དེ་རེད་མི་འདུག་རུང་། ཁོང་ནི་བོད་པ་ཞིག་ཡིན་པ་གསལ་བོ་རེད། སྐབས་དེར་ཆེས་ཉན་ཁ་ཆེན་པོ་ཞིག་ཡོད་པ་ནི། མི་རྒན་ར་བཟི་དེ་ར་བཟི་ནས་རང་ལམ་མི་ཟིན་པའི་སྟབས་ཀྱིས། བོད་སྒར་བསམ་ཡས་གླེང་གི་ཉེ་ཟུར་གྱི་གཞུང་ལམ་ཆེན་མོར་ཕྱོགས་ཏེ་ཕྱིན་སོང་། ངས་ད་དུང་ཁོང་སུ་ཞིག་ཡིན་མིན་མ་ཤེས་རུང་། བོད་པ་ཞིག་ཡིན་པའི་ཆ་ནས་སྣང་མེད་དུ་འཇོག་མ་ཕོད་པར་ག་ལེར་ཁོང་གི་རྗེས་དེད་ནས་སོང་བ་ཡིན། མཚམ་ཞིག་རླངས་འཁོར་ཆུང་ཆུང་ཞིག་ཡོང་ནས་མི་རྒན་ར་བཟི་དེའི་མདུན་དུ་བཀག་སོང་། རླངས་འཁོར་དེའི་ཁ་ལོ་བ་ཡང་བོད་པ་ཞིག་རེད་འདུག་ལ། ཁ་ལོ་བ་དེས་མི་རྒན་ར་བཟི་དེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་ཟེར་བ་དེ་ཡིན་པ་ཤེས་འདུག ཁོང་གིས་དེ་མུར་ཕོ་སར་གཟུགས་ཐུང་ཞིང་སྐྲ་རིང་བོར་བཞག་པའི་བོད་པ་ཞིག་ལ་སྐད་བཏང་སྟེ། མི་རྒན་ར་བཟི་དེ་བོད་སྒར་བསམ་ཡས་གླིང་གི་བུད་མེད་གཞུང་ཞབས་པ། མིང་ལ་གསེར་སྒྲོན་ཟེར་བ་དེར་རྩིས་སྤྲོད་བྱས་སོང་། བུད་མེད་གསེར་སྒྲོན་ཟེར་བ་དེས་ཀྱང་བོད་ཀྱི་གཞོན་ནུའི་སྡོད་ཁང་དུ་ཡོད་པའི་སློབ་བུ་ཞིག་ལ་སྐད་བཏང་སྟེ། མི་རྒན་ར་བཟི་དེ་ཁོ་ལ་རྩིས་སྤྲོད་བྱས་སོང་། རྗེས་ཕྱོགས་ཤེས་གསལ་ལྟར་ན། རླངས་འཁོར་ཆུང་ཆུང་དེའི་ཁ་ལོ་བ་དེ་ཨ་མདོ་ལྷག་པ་ལྰ་ཟེར་བ་དེ་རེད་འདུག་པ་དང་། ཕོ་སར་སྐྲ་རིང་དེ་ནི་ཤེས་ལྡན་ཟེར་བ་དེ་རེད་འདུག བོད་ཀྱི་གཞོན་ནུའི་སྡོད་ཁང་ནས་ཡོང་བའི་ཕོ་སར་དེ་མི་རྒན་དེའི་བུ་ཡིན་རབས་བཤད་ཀྱིན་འདུག འོན་ཀྱང་ངས་གནས་ཚུལ་འདི་རིགས་གསང་དགོས་པའི་དོན་ཡེ་ནས་མ་མཐོང་ཡང་། རྗེས་ཕྱོགས་གཞུང་ཞབས་པ་རྒན་མོ་གསེར་སྒྲོན་གྱིས། གནས་ཚུལ་འདི་ངེས་པར་དུ་གསང་དགོས་ཚུལ་བརྗོད་པ་ལྟར། ངས་ད་བར་དུ་བཤད་མེད། འོན་ཀྱང་། དེ་རིང་”གླེང་དགོས་ན་གླེང་རྒྱུ་མེད་མཁན་ཞིག་མིན་པ་མཁྱེན་དགོས་” ཞེས་པའི་ལན་དུ་སྐད་ཆའི་ཟུར་ཙམ་ཞིག་གླེང་བ་ཡིན།
རྒྱལ་བ་དོན་གྲུབ་ནི་ངའི་མིང་ངོ་མ་ཡིན། ཁྱོད་ལ་ཚོད་དཔག་གི་ནུས་པ་དེ་ཙམ་ལས་མེད་ན་རེ་ཞིག་ཁ་རོགས་བསྡད་ན་དགའ་ཡོང་།
གོང་གི་རྒྱལ་བ་དོན་འགྲུབ་ཅན་འདིས་བཤད་སྟངས་ལ་བལྟས་ན་སྨོན་ལམ་མཐར་ཕྱིན་ནམ། གཡུང་དྲུང་རྒྱལ་མཚན། བེ་རི་འཇིགས་མེད་གསུམ་གང་རུང་ལས་མ་འདས། གྲོགས་པ་ལགས་ཤོག་བུས་མེ་འགོག་མི་ཐུབ་པའི་དཔེ་བཞིན་ཁྱེད་ནས་ཀརྨ་ཆོས་འཕེལ་གྱི་རྐུབ་ཀྱི་སྐྱག་པ་གཙང་མ་བཟོ་ཐུབ་ཀྱི་མ་རེད། བཅའ་ཁྲིམས་རིན་པོ་ཆེ་ལུང་འདྲེན་དང་བེད་ལོག་ཏུ་མ་སྤྱད་ན་ཡག་གི་རེད་བསམ།
དྲ་གྲོགས་ཚོ། ད་ང་ཚོའི་མྱི་འདི་ཚོས་ག་རེ་བཤད་ཀྱི་ཡོད་རེད། ཨ་ཁ། ཕ་ཨ་མྱེས་དང་མ་སྲུ་མོ་རྣམས་དམར་གསོད་གཏོང་མཁན། སྤུན་མིང་སྲིང་རྣམས་མནར་གཅོད་དྲག་གནོན་འོག་བཙིར་མཁན། ཕ་ས་གོར་མོ་བཙན་འཕྲོག་བྱེད་མཁན། གངས་ཅན་མགོན་པོ་མི་ཡུལ་དུ་ཕུད་མཁན། རང་དབང་རང་བཙན་རྨེག་མེད་དུ་གཏོང་མཁན། དགྲ་བོ་རྒྱ་འདྲེ་ཤན་པ་ལག་དམར་ལ་ཚིག་ངན་ཞིག་བཤད་ན་ཕོག་ཐུག་ཤོར་དོགས་དང་། བོད་རང་བཙན་གྱི་ལྟ་གྲུབ་གཙང་མ་འཛིན་མཁན་གྱི་བོད་མི་ཞིག་མཐོང་ཚེ་ཐན་ལྟར་དུ་བལྟས་ནས་བོད་མི་ནང་ཁུལ་དུ་ད་བར་ཚིག་མཛོད་དང་དམངས་ཁྲོད་སོགས་ཀྱི་ཚིག་ངན་སྡུག་རི་སྡུག་ཚད་བསྒྲུགས་ནས་ནང་ཁུལ་དམའ་འབེབས་དང་། མཐོ་བཤད་དམའ་བཤད་བྱེད་བཞིན་པ་འདི་ཅི་ཞིག་གིས་ཉེས་པ་ཡིན་ནམ།
གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་ལགས་སོགས་རང་རེའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མཐོ་ཤོས་ཀྱི་དབང་འཛིན་པ་གྲོས་ཚོགས་འཐུས་མི་རྣམས་ལ་དམའ་འབེབས་བྱེད་བཞིན་པ་འདི་ནི་རང་ཤ་བཅད་ནས་ཁྱི་སྔུན་ལ་གཡུག་པ་ནང་བཞིན་ཆགས་མི་འདུག་གམ། ད་ལན་གྲོས་ཚོགས་སུ་གཏམ་བཤད་བྱས་པ་ལ་བརྟེན་ནས་དབུས་གཙང་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱིས་སྤྱི་འཐུས་ཀརྨ་ཆོས་འཕེལ་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་དགོས་སྐོར་གྱི་ཟུར་རྒྱན་གྲོས་ཆོད་བཞག་པས་མ་ཚད་དེ་ལ་ཡིག་ལན་དགོས་སྐོར་བཤད་པར་བརྟེན། ཁྱི་རྒན་གད་ཁུག་ལ་གཅར་ན། མཆེ་བ་མ་བཏོན་རང་བཏོན་ཞེས་པའི་དཔེ་ལྟར་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལུང་འདྲེན་གྱིས་རང་གི་བསམ་འདུན་མཚོན་པའི་ཡིག་ལན་ཞིག་མ་སྤྲད་རང་སྤྲད་དུ་ཆགས་བཅུག་པ་རེད་འདུག ང་ཚོས་སྤྱི་འཐུས་ཚོགས་ཟུར་ཞིག་ལ་འདི་ལྟར་བཤད་ཀྱིན་བསྡད་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཡི་འགོ་གཙོ་ཐེབས་ཆག་ཞིག་ལས་མེད་པ་འདི་རང་གཞན་ཚང་མ་དང་དམིགས་བསལ་འདེམས་བྱེད་མི་མང་རྣམས་ཀྱི་ངོ་ཚ་ཞིག་ཀྱང་ཆགས་ཡོད། ད་ལན་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ཡིག་ལན་གནང་བ་དེའི་ནང་འཁོད་《བཙན་བྱོལ་སྤྱི་ཚོགས་ནང་ཆིག་སྒྲིལ་དང་ལྷིང་འཇགས་དགོས་གལ་ལ་བསམ་ཞིབ་ཀྱིས་རྟག་ཏུ་ལབ་གླེང་མི་དགོས་པ་གཙོ་དོན་བྱ་མཁན་ཞིག་ཡིན། འོན་ཀྱང་། གླེང་དགོས་ན་གླེང་རྒྱུ་མེད་མཁན་ཞིག་མིན་པ་མཁྱེན་དགོས་པ་དང་།》ཞེས་པ་འདིའི་ཐད་དྲ་གྲོགས་རྣམས་ཀྱིས་དཀྲོག་གཏམ་དཀྲུག་ཤིང་ཡིན་སྐོར་སོགས་མང་པོ་ཞིག་བཤད་འདུག་ཀྱང་ཁོང་གིས་བཤད་པ་ནི་དངོས་བདེན་ཞིག་རེད་དྲན་གྱི་ཡོད། གངས་ལགས་ཤེ་ན། ད་བར་རང་རེའི་སྤྱི་ཚོགས་ནང་གནད་དོན་ཤེས་ལ་མ་ཤེས་ལ་དང་མགོ་འཚོས་ལ་མ་འཚོས་ལ། གཞན་ཟེར་གྱི་རྗེས་སུ་འབྲངས་བ་བཅས་ལ་བརྟེན་ནས་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་སྐོར་ལ་ངན་མིང་སྣ་ཚོགས་བཏགས་ཏེ་བཤད་རྒྱུ་ཅི་རྙེད་བྱས་དང་བྱེད་བཞིན་པ་ནི་ཡོངས་གྲགས་ཡིན་ནའང་། རྒྱུས་ལོན་བྱས་པ་ལྟར་ན་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ད་བར་དེའི་ཐད་ཇ་སྟོན་ཆང་སྟོན་བཤམ་ནས་ཕུ་རྒྱུག་མདའ་རྒྱུག་དང་། ཡར་རྒྱུག་མར་རྒྱུག ཕར་བཤད་ཚུར་བཤད་ཉིན་གཅིག་བྱས་རབས་མེད་ཀྱང་འདི་ལྟ་བུས་ཨུ་ཚུགས་མཐའ་བཀར་བྱས་ཚེ་མི་རོ་སྐམ་པོ་ཆུ་ལ་སྦང་ནས་ལོ་རྒན་དྲུག་ཅུའི་ཁོག་རྩིས་ཤིག་མ་བརྒྱབ་ཀ་མེད་རང་བཞིན་གྱིས་ཆགས་རྒྱུ་ཡིན་པ་ལ་བསམ་ནས་བཤད་པ་ཞིག་རེད་དྲན་གྱི་འདུག སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ད་ལན་གྱི་གྲོས་ཚོགས་ནང་ཞི་རྒྱས་དབང་དྲག་གི་བཤད་ལུགས་བཤད་སྟངས་ཇི་ལྟར་ཡང་། གནད་དོན་གཙོ་བོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དུ་གསལ་ཁ་ཡོད་པ་ཨ་རི་དང་ཡུ་རོབ་ཏུ་སྤྱི་འཐུས་ཀྱི་ས་མིག་ཟུར་བཅད་ཡོད་པ་ཕུད་ཕྱི་རྒྱལ་ཡུལ་གྲུ་གཞན་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་འོས་བླུག་མི་ཆོག་པ་མིན་སྐོར་དང་། ས་གནས་དེ་དག་ཏུ་གནས་པའི་བོད་མི་རྣམས་ཀྱིས་མང་གཙོའི་ཁེ་དབང་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ལེན་ཆོག་པ། དེ་ཡང་ཆོལ་ཁ་དང་ཆོལ་ལུགས་ཀྱི་སྤྱི་འཐུས་འོས་བླུག་ཆོག་པའི་ཐོབ་ཐང་ཡོད་སྐོར་བཤད་འདུག་པས་དེ་ཙམ་ལ་བརྟེན་ནས་དབུས་གཙང་མི་མང་གི་མངོན་འདོད་དང་ཡོངས་སུ་མི་མཐུན་པ་ཡིན་ཞེས་བཤད་ན་ཧམ་པ་ཆེ་དྲགས་པ་མིན་འགྲོ། ད་དུང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་ཞེ་དྲུག་པ་སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང་དང། དོན་ཚན་ང་བརྒྱད་པའི་ནང་གསེས་གཉིས་པའི་དགོངས་དོན་རྣམས་ནི་དབུས་གཙང་དབུས་རྒྱུན་གྱིས་མ་ཤེས་པ་ཡིན་རྒྱུ་མ་རེད། དབུས་རྒྱུན་གྱི་ཚོགས་གཙོ་ནི་སྤྱི་འཐུས་ཤིག་ཡིན་པས་སོ།། ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་སྤྱི་འཐུས་ཤིག་ལ་འོས་ཆོས་ཚང་མིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་སོ་བརྒྱད་པའི་ནང་གསལ་པོ་ཡོད་དང་ཡོད་བཞིན་པ་དེར་བལྟ་དགོས་པ་ལས་ང་དང་ངའི་འདོད་པ་དང་མི་མཐུན་པའི་གཏམ་བཤད་བྱས་སོང་ཟེར་བ་ཙམ་གྱིས་སྤྱི་འཐུས་ནས་ཕུད་ཆོག་ཆོག་ཅིག་རྩ་བ་ནས་མེད་པ་མཁྱེན་དགོས་རྒྱུ་གལ་ཆེ་དོན་ཆེན་ཞིག་རེད་སྙམ། མ་གཞི་མཁྲིས་ནད་ཅན་གྱི་མིག་ངོར་དུང་དཀར་ལ་སེར་པོ་མ་གཏོགས་མི་མཐོང་བ་བཞིན་གནས་ལུགས་བདེན་པ་ཇི་ལྟར་བཤད་ཀྱང་ཉན་འཇོག་མེད་མཁན་དང། མི་འདོད་མཁན་རྣམས་ལ་ཞུས་ནའང་ཕན་མི་ཐོགས་ལ་ཞུ་དགོས་ཀྱང་མེད་ནའང་། གཟུ་བོར་གནས་པའི་དྲ་གྲོགས་རྣམས་པའི་མཁྱེན་རྟོགས་ཆེད་ཁྱེད་རྣམས་ཀྱིས་གོང་དུ་གླེང་སློང་འགའ་བྱས་འདུག་པའི་ཐད་ངས་བརྩད་གཅོད་བྱས་པ་གཤམ་གསལ།
སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་ནི་ད་ལྟའི་བོད་མི་མང་སྤྱི་འཐུས་བཞི་བཅུ་ཞེ་གསུམ་གྱི་ཁྲོད་ནས་བོད་དབྱིན་ཧིན་གསུམ་དང་། གནའ་དེང་གི་ཤེས་ཡོན་ཟུང་དུ་འབྲེལ་བའི་སློབ་སྦྱོང་ཡག་ཤོས་ཤིག་རེད་འདུག
ཁོང་ནི་གཞིས་བྱེས་བོད་མིའི་ཆབ་སྲིད་ཀྱི་གཞི་རྩའི་ཐོབ་ཐང་རང་བཙན་གྱི་ལྟ་གྲུབ་ཡོད་ལ་རང་ཚུགས་བརྟན་པོ་ཡོད་མཁན་ཞིག་རེད་འདུག
ཁོང་གིས་ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གཏན་སློབ་ཀྱི་སློབ་དགེ་དང་སློབ་སྤྱི། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ། སྐབས་བཞིའི་རིང་བོད་མི་མང་སྤྱི་འཐུས་དང། སྤྱི་འཐུས་ཚོགས་གཙོ་སོགས་ཀྱི་འགན་བཞེས་ཏེ་སྐབས་བབ་ཀྱི་ཕྱག་ལས་ཁག་གང་ལེགས་བྱུང་འདུག
དམིགས་བསལ་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གནང་རིང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་རྒྱལ་ཁའི་ངང་བསྐྱངས་ཐུབ་པ་དང་།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་སྐེགས་དངོས་གཞིའི་ཆེས་མཐོའི་བརྟན་བཞུགས་ཚོགས་ཆུང་གི་མཛད་འགན་ལེགས་གྲུབ་བྱུང་བ།
ལོ་རྒྱུས་རང་བཞིན་ལྡན་པའི་དམིགས་བསལ་ཚོགས་ཆེན་གྱི་གཙོ་སྐྱོང་གནང་བ།
ན་ནིང་བོད་ནང་ཛ་དྲག་གི་གནས་ཚུལ་བྱུང་སྐབས་ཕྱི་ཟླ་གསུམ་པའི་ནང་ཡུ་རོབ་གྲོས་ཚོགས་སུ་ཆེད་ཕེབས་ཀྱིས་བོད་ནང་གི་ཛ་དྲག་གནས་ཚུལ་སྐོར་གསལ་བཤད་གནང་བ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༢ པའི་ནང་ཡུ་རོབ་གྲོས་ཚོགས་སུ་ཆིབས་བསྒྱུར་གདན་འདྲེན་ཞུ་ཐུབ་པ་བྱུང་ཡོད་པ་མ་ཟད། སྐབས་དེར་སུད་སི་ཇི་ནི་ཝར་དུ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མི་ཡི་ཐོབ་ཐང་ལྷན་ཚོགས་སུ་བོད་དོན་སྐོར་གསལ་བཤད་གནང་ཐུབ་པ།
རྒྱུན་དུ་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་གནད་དོན་ལ་ཐུགས་ཁུར་ཆེ་བཞེས་གནང་བ་དང་ཆབ་སྲིད་དང་འབྲེལ་བའི་བཀའ་མོལ་རྣམས་ལ་ཕྱི་ནང་གནད་ཡོད་མི་སྣ་ཁག་གིས་གདེང་འཇོག་ཆེན་པོ་གནང་བཞིན་པ་སོགས་རེད་འདུག
ཡང་འཛར་བ་འཛེར་བ་ཅན་དན་ཤིང་ལ་ཡོད། ནར་བ་ནོར་བ་རིན་ཆེན་མི་ལ་ཡོད་ཟེར་བ་ལྟར་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་ལོ་རྒྱུས་ནང་ནོར་འཁྲུལ་རྩ་བ་ནས་བྱུང་མེད་པ་ངས་གང་ཡང་བཤད་ཀྱི་མེད་ཀྱང་ཁག་ཅིག་གིས་གོང་དུ་ཁོང་གི་བྱ་སྤྱོད་དང་འབྲེལ་བའི་སྐོར་ཡང་བྲིས་འདུག་པའི་ནང་གསེས་ལོ་ཤས་སྔོན་ཁོང་འཇར་མན་གྱི་གནམ་ཐང་ཞིག་ཏུ་ལྷག་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཞིག་ལ་བཅར་མ་ཐུབ་པ་དེའི་སྐོར་རྡ་རམ་ས་ལ་ནས་ཚགས་པར་ཉི་ཚེ་བ་སོགས་ཁག་འགའི་ནང་སྐབས་དེར་ཁོ་ཚོས་གསར་འགོད་པ་ཕ་གིར་ཡོད་པ་ལྟ་བུ་སོགས་ཀྱིས་ཁོང་ར་བཟི་ནས་ལྷག་ཚུལ་དང། དེ་དག་སྤྱི་ཚོགས་ཐོག་ཕུ་བཤད་མདའ་བཤད་མང་པོ་བྱས་ནས་ཕུང་དཀྲུག་བསླངས་ཡོད་ནའང་དོན་དངོས་ཁོང་གི་བཟང་སྤྱོད་ལ་ཐེ་ཚོམ་མེད་ཚུལ་དང་ཁོང་ལ་ཡིག་ཆ་ཞིག་གིས་དཀའ་ངལ་འཕྲད་ཡོད་ཚུལ། དེ་ཡང་སྐབས་དེའི་དོ་དམ་པ་སོགས་ཀྱི་ནོར་འཁྲུལ་བྱུང་བ་ལ་དགོངས་སེལ་དང་བཅས་ལྡི་ལི་དོན་ཁང་བརྒྱུད་འཇར་མན་གཞུང་ཚབ་ཁང་ནས་གསལ་བཤད་གནང་སྟེ་གཙང་སེལ་བྱུང་ཟིན་ཡོད་ནའང་ད་དུང་ཨུ་ཚུགས་མཐའ་བསྐྱེལ་གྱིས་རྙོག་མ་གཏིང་སློང་བྱེད་བཞིན་པ་ནི་མདའ་མོ་འཕེན་འདོད་མིན་པར་གཞུ་མོ་བཅག་འདོད་ཀྱི་དཔེ་ལྟར་ཆེད་དུ་དམིགས་ནས་རང་རེའི་སྤྱི་ཚོགས་ཐོག་དཀྲུག་ཤིང་རྒྱག་འདོད་པ་ཡིན་ན་ལས་ཡང་ཡང་གླེང་དགོས་དོན་གང་ཡང་མ་མཐོང།
མཐའ་དོན་ང་ཚོ་དྲ་ལམ་དུ་ཡོང་བཞིན་པ་ཚོས་དྲང་ཚུགས་ཐུབ་པའི་སྒོ་ནས་རྒྱུ་མཚན་དཔང་འཕེར་འོས་པའི་གནད་དོན་ལ་གཞི་བཅོལ་དགོས་པ་ལས་མི་རེ་གཉིས་ཀྱིས་ཡར་བཤད་མར་བཤད་བྱས་པ་ཙམ་གྱིས་ཁ་ཚོན་གཅོད་དཀའ་བ་ཡང་ཡིད་ལ་འཇགས་དགོས་འདུག ངས་འདིར་གང་བཤད་པ་ཚང་མ་ང་རང་རང་གིས་ཤེས་རྟོགས་དང་འགན་ཁུར་ཡོད་པ་ཤ་སྟག་ལས་ཚོགས་པ་སྐྱིད་སྡུག་འདི་དང་འདིས་གནོན་ཤུགས་སྤྲད་སོང། དེ་ཡིན་ས་རེད། དེ་ཡིན་ཚོད་འདུག ཕལ་ཆེར་མིན་འགྲོ། ཡིན་རྒྱུ་རེད། ངས་སྔོན་མ་གཅིག་གོ་མྱོང་། བླ་ཆེན་ག་གེ་མོས་གསུངས་སོང། མི་ཆེན་ཆེ་གེ་མོས་བཤད་སོང། རྒྱུ་འབྱོར་བ་ཅན་གྱིས་བླུས་སོང། དཔའ་དཔུང་བ་ཅན་གྱིས་སྡིགས་བྱུང། དེ་མ་བྱས་ཀ་མེད་ཆགས་སོང་ཟེར་བ་སོགས་གང་ཡང་མེད་པས་ཀུན་གྱིས་དེ་ལུགས་ཐུགས་འཇགས་གནང་བ་འཚལ།།
ཀརྨ་ཆོས་འཕེལ་ཟེར་པའི་མི་འདིས་ངོ་མ་རང་ཚོད་མི་ཟིན་གི
རྩོམ་པ་པོ་དག་གིས་བསམ་ཚུལ་མང་པོ་འབྲི་རོགས།
ནད་པས་བཤད་པ་ལ་བསྔགས་བརྗོད་ཡོད།
ད་ནི་མི་མང་གིས་ཚ་ནན་བྱེད་དགོས།གང་ཡིན་ཞེ་ན།མང་གཙོའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་འདུག
ངོ་མ།ཁ་བཤད་ཆུ་ཡི་ལྦུ་བ།།ལག་ལེན་གསེར་གྱི་ཐིགས་པ།།ཅིས་མི་བདེན།
༼གླེང་དགོས་ན་གླེང་རྒྱུ་མེད་མཁན་ཞིག་མིན་པ་མཁྱེན་དགོས།༽ཅེས་པ་འདི་ནི་ང་ཚོར་བསྟན་པའི་འཇིགས་སྐུལ་གྱི་འཕྲིན་ཅིག་ཡིན་མོད།ངོ་མ་འདི་ཉིས་སྟོང་བརྒྱད་ལོར་བོད་དོན་འཚོགས་ཆེན་སྐབས་སུ་གནམ་གྲུའི་ནང་བགས་མེད་ཀྱིས་དུད་ཆང་ལ་ལོངས་སྤྱོད་ཏེ་ཕྱིར་རྡ་རམ་ས་ལར་མ་ལོག་པར་བོད་དོན་འཚོགས་ཆེན་དབུས་ནས་རྫིག་ཉམས་ཀྱི་སྐད་ཆ་འདི་དག་ཁ་གཏད་ཀྱི་རྒྱ་དམར་སྲིད་གཞུང་ལ་རྒོལ་ཐུབ་ན་ཅི་འདྲའི་དཔའ་བ་ལ།
ཁམས་བཟང་། མདོ་སྟོད་དང། མདོ་སྨད། དབུས་གཙང་བཅས་བོད་ཆོལ་ཁ་གསུམ་གྱི་སྤྱི་འཐུས་སུ་ཞིག་ཡིན་ཀྱང་༸ གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་དགོངས་དང་། བཙན་བྱོལ་བོད་གཞུང་གི་མཛད་ཇུས། བོད་མི་རིགས་ཀྱི་མངོན་འདོད་བཅས་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཡག་པོ་ཞིག་སྒྲུབ་ཀྱིན་མེད་ཚེགངེས་པར་དུ་གྲོས་ཚོགས་ནས་རྩ་དགོངས་ཞུ་དགོས།
ད་རེས་དབུས་གཙང་རྒྱུན་ལས་ནས་གྲོས་ཆོད་གཅིག་བཞག་པ་དེ་ཡག་པོ་རེད་ལ་གྲོས་ཆོད་བཞག་པ་དེ་ངེས་པར་དུ་ལག་ལེན་དོན་འཁྱོལ་བྱེད་དགོས།
བོད་མི་རིགས་འདིར་མཚོན་ན་ཁམས་རིགས་དང་། ཨམ་རིགས། དབུས་རིགས་བཅས་བོད་རིགས་ཆོལ་ཁ་གསུམ་ལས་མེད་ལ་ལྷག་དོན་༸ བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸ གོང་ས་སྐྱབས་མགོན་ཆེན་པོའི་ཞབས་ཀྱི་པད་མོའི་ཐུགས་རྗེའི་བཀའ་དྲིན་གྱི་གྲིབ་བསིལ་འོག་ཏུ་དབུས་གཙང་ཆོལ་ཁ་གཅིག་ལས་སྟོད་པ་དང་། དབུས་པ། གཙང་པ། མངའ་རིས་པ། ལྷོ་ཁ་བ་སོགས་ཁ་བྲལ་གྱི་ཆོལ་ཁ་བཞི་དང་ལྔ་སོགས་སུ་གཏོང་འདོད་མེད་པ་དེ་༸ གོང་ས་རྒྱལ་བ་རིན་པོའི་ཐུགས་སགོངས་ཡིན་ལ་བོད་མི་རིགས་མངོན་འདོད་ཀྱང་ཡིན།
དེར་བརྟེན་ད་རེས་ངེས་པར་དབུས་གཙང་རྒྱུུན་ལས་ཀྱི་མགོ་འཁྲིད་དེ་རྒྱ་བལ་འབྲུག་སོགས་སུ་གནས་པའི་བོད་མིའི་གི་སྒར་ཚང་མར་སྤྱིའཐུས་གྲོས་ཚོགས་ནང་ལྷག་པའི་གནད་དོན་དེའི་དཔར་གཞི་བརྙན་འཕྲིན་འཁོར་ཐག་ནང་གཟིགས་པའི་རྗེས་སུ་དབུས་གཙང་རྒྱ་ཆེའི་མི་དམངས་ཡོངས་ཀྱི་ས་ཡིག་གམ་ས་རྟགས་བསྡུ་རུབ་བྱས་ཏེ་མི་དམངས་ཀྱི་མང་མོས་གང་བྱུང་བ་གཞིར་བཟུང་ལག་ལེན་བསྟར་དགོས
ལག་ཏེ་མི་དམངས་ཀྱི་མང་མོས་ལྟར་སྤྱི་འཐུས་སྐུ་ཞབས་ཀརྨ་ཆོས་འཕེལ་ལགས་གྲོས་ཚོགས་ནས་རྩ་དགོངས་གཏོང་རྒྱུའི་མང་མོས་བྱུང་ཚེ་དམརེས་དགོངས་ཞུ་གནང་དགོས། ལག་ཏེ་མི་དམངས་ཀྱིས་མུ་འཐུད་དེ་གྲོས་ཚོགས་སུ་ཕྱག་ལས་གནང་རྒྱུའི་མང་མོས་བྱུང་ཚེ་སྔར་བཞིན་ཕྱག་ལས་གནང་དགོས།
རྩ་ཁྲིམས་ཀྱི་དགོངས་དོན་ལྟར་ངེས་པར་དུ་རྒྱ་ཆེའི་མི་དམངས་ཀྱི་མང་མོས་ས་རྟགས་བསྡུ་རུབ་བྱས་ཏེ་མི་དམངས་ཀྱི་མངོན་འདོད་ལྟར་ལག་ལེན་དོན་འཁྱོལ་བྱེད་དགོས།
དེ་ནི་དམངས་གཙོའི་འགྲོ་ལུགས་དང་མཐུན་པ་རང་ཡིན་གང་ཡིན་ཟེར་ན་དམངས་གཙོ་ནི་མི་དམངས་ཀྱིས་གྲུབ་པ་དང། མི་དམངས་ཀྱི་ཡིན་པ། མི་དམངས་ཀྱི་ཆེད་དུ་ཡིན། དབྱིན་སྐད་ནང་། by the people, of the people, for the people ཟེར་བ་ལྟར་ཡོངས་སུ་མཐུན་པ་ཡིན།
གནམ་གྲུའི་ནང་གི་ཨ་རག་འདི་ཇི་འདྲའི་བཟི་ཁ་བཙན་པ་ལ།ལོ་གཅིག་འགོར་ཡང་ད་དུང་བཟི་ཁ་ཡལ་མི་འདུག
སྤྱི་དོན་བཤད་ཁུལ་གྱིས་སྐབས་འདིར་ཕུག་ལ་ཉར་བའི་རང་དོན་ཏེ་དངོས་སུ་བཤད་སོང་།ད་ནི་ཆོལ་ཁ་བཞི་རུ་གྱུར་སོང་།ད་དུང་ཁམས་པ་དང་ཨ་མདོའི་ས་གནས་རེ་རེའི་འཐུས་མི་ཚོས་བསམ་བཞིན་མི་ཡུལ་འདིར་གཡུལ་འཁྲུག་གིས་དཀྲུགས་ཐུར་ཏུ་བྱོན་པའི་ཀརྨ་ཆོས་འཕེལ་གྱིས་བྱེད་སྟངས་ཀྱི་ལམ་ལ་ཆས་ཚེ་ཆོལ་ཁ་བཅུ་ཕྲག་དང་བརྒྱ་ཕྲག་ཁ་ཤས་སུ་མི་འགྱུར་བའི་ངེས་པ་མེད་ལ།དེ་དུས་ཏྰ་ལའི་བླ་མས་མི་ལོ་ལྔ་བཅུ་ལྷག་གི་དཀའ་སྡུག་ཁྲོད་ནས་འཛམ་གླིང་ཞི་བདེ་དང་མཐོ་སྒང་གི་མི་རིགས་འདིའི་བདེ་སྡུག་ཆེད་དུ་ཉིན་མཚན་དབྱེར་མེད་གྱི་མཛད་འཕྲིན་བསྐྱངས་དང་སྐྱོངས་བཞིན་པ་འདི་དག་བསམ་བཞིན་ཆུ་ལ་བསྐྱུར་བ་དང་ཅིས་མི་མཚུངས།
མཐའགཏུགས་ན་ཕྱོགས་ཞེན་ཀྱང་ཀྱང་རེད། ཉེར་ཆར་སྤྱུ་མཐུས་གྲོས་ཚོགས་སྐབས་སུ་མཉོག་དྲ་བཤད་མཁན་དག་དང་འདི་ཆ་ཚང་མི་མང་གིས་ཤུགས་རྒྱག་ནས་ནས་མ་ཕུད་དགོས་ཁུ་ཡ་ཡུམ་དུམ་པ་འོ་ལེ།
ཚང་མས་མཁྱེན་གསལ་ལྟར། མང་གཙོའི་ཤེས་ཡོན་གྱིས་མ་འདང་བའི་མི་རིགས་ཤིག་གིས། མང་གཙོའི་ཤེས་ཡོན་གྱི་ཚད་མཐོན་པོར་བསྐྱོད་མཁན་གྱི་སྟངས་ཀ་བྱས་ན། སྟག་རྒོད་འཆང་རྗེས་སུ་ཁྱི་རྒན་འཆང་ན་རྐེད་པ་ཆག་པའི་དཔེ་ལྟར་འགྱུར་གྱིན་འདུག
ད་ལྟར་རང་རེའི་དཔུང་གཉེན་དང་མགོན་སྐྱབས་གཅིག་ཆོག་༧གོང་ས་མཆོག་གི་སྐུ་དྲིན་ཉག་གཅིག་གིས་བཙན་བྱོལ་བོད་གཞུང་འདི་བཙན་བྱོལ་སྐྱབས་བཅོལ་འདྲ་འདྲའི་ནང་གི་མ་འདྲ་བ་ཞིག་ཡོད་པ་རེད་མ་གཏོགས། གལ་སྲིད་ཁོང་ཞིང་གཞན་དུ་ཕེབས་ན་རང་རེའི་བཙན་བྱོལ་གཞུང་འདི་ཇི་ལྟར་ཆགས་ས་རེད། དོན་གནད་ཤིན་ཏུ་གལ་ཆུང་ཞིག་ཐོག་ནས། གནས་ཚུལ་ཚབ་ཇེ་ཆེར་བསྒྱུར་བཞིན་པ་འདིས་གསལ་བཤད་ཐུབ་ཀྱི་རེད།
ཕྲན་གྱིས་བསམ་ཚུལ་ལ། ད་ལྟའི་གནས་ཚུལ་འདི་ལས་རང་རེའི་བཙན་བྱོལ་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་གཙོ་བོ་ལྟ་བུ་སྤྱི་འཐུས་ལྷན་ཚོགས་སུ་འགྲོ་མཁན་གྱི་མི་རྣམས་ད་ལྟ་ནས་གྲབ་བསྒྲིགས་བྱེད་ནས་སྤྱི་འཐུས་འོས་ཆོས་ལྡན་མཁན་རྣམས་གསར་འགྱུར་བརྒྱུད་ལམ་ཁག་ནས་མིང་འདོན་མཛད་པ་དང་ད་ལྟའི་གནས་ཚུལ་འདི་སྣང་མེད་དུ་གཏོང་ཅིང་། ལོ་གཅིག་ལྷག་གི་རིང་ལས་མེད་པའི་སྤྱི་འཐུས་དེ་དག་གི་རྙོག་དྲ་དེ་སྐབས་འཚོལ་རིང་ལུགས་ཁ་ཤས་ལ་ཆོལ་ཁ་དང་། ཆོལ་ཁ་ནང་ཁུལ་དུ་འཐེན་ཁྱེར་བྱེད་པའི་གོ་སྐབས་ཤིག་མ་སྤྲད་ན་ལེགས་འདུག་སྙམས།
ད་ལྟའི་སྤྱི་འཐུས་ས་རྟགས་འགོད་མཁན་དང་། གྲོས་ཚོགས་ཕྱི་ལོག་དོན་མཁན་དེ་དག་རྣམས་ཀྱི་ཕུག་གི་ཆག་སྲིད་ཀྱི་བསམ་གནོ་མང་ཚོགས་ཀྱི་དཔག་པར་དཀའ་ལ། རྒྱབ་རྒྱང་ཡང་གང་ཡིན་སུས་ཀྱང་བཤད་ཚོད་མ་ཐིག
ལྷག་པར་དུ་སྤྱི་འཐུས་རྣམས་ཀྱི་གཏམ་མོལ་དང་། བཅར་དྲིའི་ལན་རྣམས་ལ་གཞིག་དང་། སྐྱུགས་བྲོ་བ་མང་པོ་མི་དོན་པའི་ཉེས་ཁ་མི་འདུག ད་ལྟར་རང་རེ་ལ་ཆོལ་ཁ་གསུམ་དང་། ཆོས་ལུགས་ལྔ་ལས་བྱུང་བའི་སྤྱི་འཐུས་ལ་རྙོག་དྲ་འདི་འདྲ་ཡོང་གི་ཡོད་ན། ཆོལ་ཁ་ལས་མངའ་རིས། སྟོད་པ་། ཆོས་ལུགས་ལས་ཇོ་ནང་དང་བོ་དོང་། ད་དུང་ཤུག་ལྡན་གྱི་ཚོགས་པའི་སྤྱི་འཐུས་ཤིག་མི་ཡོང་བའི་བཤད་ཚོད་སུས་ཐིག སྤྱི་འཐུས་རྣམས་པས་མི་མང་ལ་འཐེན་ཁྱེར་གྱི་ཤུགས་བསྣོན་རྒྱག་ན། འཐེན་ཁྱེར་གྱི་ཤུག་བསྣོན་མི་རྒྱག་མཁན་གྱི་བོད་མི་སུ་ལུས་ཡོད་རེད།
དོན་དག་གནད་ཀྱིས་སྒྲིལ་ན། ད་ལྟའི་གནས་དོན་ཆུང་ཚག་དེ་མང་ཚོགས་ཀྱི་ངོས་ནས་སྣང་མེད་དུ་གཏོང་ཐུབ་ན་ལེགས་ཤོས་མཐོང་།
ཡང་འདི་ན་ཕྱི་རྩོད་མེད་པར་ནང་རྩོད་ཅིག
སྐུ་ཞབས་རྭ་ལོ་ལགས། ཀརྨ་ཆོས་འཕེལ་ལགས་སྤྱི་འཐུས་ནང་གི་མཁས་ཤོས་ཡིན་ན་མཁས་རྟགས་སྟོན་སྟངས་ཤེས་དགོས། དེ་ལྟར་མིན་པར་སྤྱི་ཚོགས་ཕན་སྣ་གཅིག་ཀྱང་མི་ཐོགས་པའི་མཁས་པ་ཕྱོགས་རིས་པ་ཚོ་བོད་པ་ཚང་ལ་དགོས་ཅི་ཞིག་ཡོད།
ད་མི་ཤེས་ཀི མགོ་རྙོག་སོང་། སུ་རྐུན་མ་ཡིན་དང་། སུ་ཇག་པ་ཡིན་མི་ཤེས་ཀི བོད་ལ་ཤ་ཚ་ཡོད་མཁན་ཞིག་ཡིན་ན་གཏན་ནས་གོ་ན་མི་འདོད་པའི་སྐད་ཆ་དེ་ཚོ་མ་གསུངས་རོགས། དེ་འདྲ་གསུངས་མཁན་དག་ལ་གཏན་ནས་མི་མང་གིས་རྒྱབ་སྐྱོར་མ་གནོང་རོགས། བོད་ཟེར་བ་གཅིག་ལས་གཉིས་མེད་པར་འདོད་དགོས་པ་དེ་ལྟར་སྒྲུབ་དགོས་པའི་གཉེན་འཕྲེང་གི་སྐབས་འདི་འདྲ་ཞིག་ལ་ང་ཡིན་ཁྱེད་མིན་ཟེར་ནས་བོད་ནང་ཁུལ་ལ་རྩོད་པ་བྱེད་མཁན་དེ་དག་ནི། དངོས་ནས་ཧ་ལས་པ་རེད། སྐྱག་བྲོ དངོས་ནས་སེམས་པ་སྡུག ཤེས་ཡོན་ཅན་ཟེར་ན་འདི་འདྲ་ཞིག་ལ་ཟེར་གྱི་ཡོད་ན་ནི། ཤེས་ཡོན་ཞིག་སྤྱོང་དགོས་དོན་གཏན་ནས་མི་འདུག ར་རྫི་ལུག་རྫི་དག་གིས་བླ་མ་དང་གྲྭ་ཚང་གི་ཁ་ལ་ཉན་ནས་རང་་རང་གི་གང་ཐུབ་ཐུབ་རེ་བྱེད་ཀྱི་ཡོད་པ་རེད། གནམ་སྔོན་པོ་གན།
མི་ཉག་སྐལ་བཟང་ལགས་་་་་་་་་་་རེད་ཁྱེད་ཀྱི་མིང་ལ་མི་ཉག་སྐལ་བཟང་ཅེས་མི་འབོད་པར་མི་ངན་སྐལ་བཟང་ཅེས་འབོད་ན་ག་འདྲ་འདུག་
དྲ་གྲོགས་ཚོ། བཀུར་འོས་བོད་མི་མངས་ཀྱི་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས། ཞེས་མ་འབྲི་པར་་་་་་་་བཀུར་ན་མི་འོས་པའི་མངའ་རིས་སྤྱི་འཐུས་ཀརྨ་ཆོས་འཕེལ། ཞེས་འབྲི་ན་ཅི་འདྲ་འདུག
བཀུར་འོས་བོད་མི་མངས་ཀྱི་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས།
《ཙན་བྱོལ་སྤྱི་ཚོགས་ནང་ཆིག་སྒྲིལ་དང་ལྷིང་འཇགས་དགོས་གལ་ལ་བསམ་ཞིབ་ཀྱིས་རྟག་ཏུ་ལབ་གླེང་མི་དགོས་པ་གཙོ་དོན་བྱ་མཁན་ཞིག་ཡིན། འོན་ཀྱང་། གླེང་དགོས་ན་གླེང་རྒྱུ་མེད་མཁན་ཞིག་མིན་པ་མཁྱེན་དགོས་པ་དང་།》
ཞེས་པའི་སྐད་ཆ་འདི་ཁྱེད་ཀྱིས་བསམ་བཞིན་དུ་བཤད་པའི་སྐད་ཆ་རེད་དམ། གལ་ཏེ་ཡིན་ཚེ། ངོ་མ་ཞབས་འདྲེན་རང་རེད། ད་བར་བཙན་བྱོལ་གཞུང་དང་༸རྒྱལ་བ་རིན་པོ་ཆེའི་དྲིན་ལས་ཁྱེད་ལ་བཙན་བྱོལ་སྤྱི་ཚོགས་ནང་ཆེས་མཐོང་བཞིན་ཞུ་བཞིན་ཡོད་པ་འདིའི་འབྲས་བུ་འདི་རེད་དམ། ངོ་མ་ཞབས་འདྲེན་རེད། སྤྱི་འཐུས་ཀྱི་མིང་ཆེན་པོ་ཞིག་འཁུར་ནས་སྐད་ཆ་ཐབས་
སྐྱོ་བོ་འདི་ལྟ་བུ་ལས་བཤད་རྒྱུ་མེད་ན་གྲོས་ཚོགས་ཀྱི་རྐུབ་སྟེགས་ཀྱི་སྟེང་སྡོད་ནས་ཅི་བྱེད། ཁྱེད་དང་ཁྱེད་འདྲ་བའི་སྤྱི་འཐུས་
ཁ་ཤས་གྲོས་ཚོགས་ཀྱི་རྐུབ་སྟེགས་ཀྱི་སྟེང་མི་མངས་ཀྱི་མིང་འཁུར་ནས་མི་སྡོད་ནས་དགོས་པ་ཅི་ཡོད། གལ་ཏེ ངེད་ཚོ་ཉམ་
ཆུང་མི་མངས་རྣམས་ཀྱི་འདོད་དོན་འགྲུབ་མི་ཐུབ་ནའང་མི་མངས་ཀྱི་སེམས་ལ་འདོད་པ་མེད་པའི་བྱ་བ་དེའི་རིགས་རྩ་བ་
ནས་མ་གནང་རོགས།
དེང་གི་ཆར་བཙན་བྱོལ་སྤྱི་ཚོགས་ནང་གླེང་བཞིན་ཡོད་པ་ནི་ཁྱེད་ཚོའི་སྤྱི་འཐུས་རྣམས་ཀྱི་བྱེད་སྟངས་ཐབས་སྐྱོ་བོ་འདི་ཡིན་ལ། རྒྱ་ནག་ནང་དམར་པོའི་གཞུང་ཚུགས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་ཆེན་སྲུང་རྩི་ཞུ་བཞིན་ཡོད་ནའང། འདིར་ཁྱེད་ཚོའི་སྤྱི་འཐུས་རྣམས་ཀྱི་སྒེར་དོན་ཞིག་གི་ཕྱིར་འཐེན་ཁྱེར་བྱེད་བཞིན་དུ་གྲོས་ཚོགས་འཇུག་སྐྱོང་མི་ཐུབ་པ་འདི་ཞབས་འདྲེན་ནང་གི་ཞབས་འདྲེན་ཆེ་ཤོས་འདི་ཡིན། ཐ་ན་རང་དོན་ཁོ་ནའི་ཆེད་དུ་འབྲེལ་བའི་ངང་ཚོང་ལ་མགོ་བོ་ཐོམས་ནས་སྡོད་མཁན་གྱི་མན་ཇུ་ཀྲི་ལའི་མི་འདི་ཚོས་ཀྱང་ཁྱེད་ཚོའི་ཞབས་འདྲེན་ཞུས་པའི་ཞུས་རབས་རྣམས་གློག་བརྙན་ནང་གཟིགས་བཞིན་འདུག་པ་ཡ་མཚན་རེད། ངོ་མ་ཁྱེད་ཚོ་ཞབས་འདྲེན་ཞུས་པ་ལས་དགོངས་པ་ཞུ་ན་ཡག་ག་ ང་ཚོ་གཞོན་སྐྱེས་རྣམས་ཀྱི་ཁྱེད་ཚོ་ལས་དྲག་ཙམ་ཞིག་བྱེད་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།
དྲ་གྲོགས་ཚོ། བསམ་ཚུལ་ཐོ་རེ་བ་དེ་ཚོ་འོ་ཙི་རེད། མ་གཞི་ནས་ཁྱེད་ཚོ་སོང་ནས་སོ་སོའི་སེམས་ཀྱི་མིག་ལ་བརྟག་དཔྱད་ཅིག་གནང་རོགས། གདོང་གི་མིག་དེས་ལམ་ཁ་བརྙེད་གི་འདུག་མོད། སེམས་ཀྱི་མིག་དེས་ལམ་ཁ་བརྙེད་གི་མི་འདུག
ཞོར་དུ་ཞུ་རྒྱུར། ད་ལྟའི་གྲོས་ཚོགས་ནང་དུ་བཀུར་འོས་ཀརྨ་ཆོས་འཕེལ་ལས་ལྷག་པའི་མཁས་པ་སུ་ཡོད་དམ། ཚོགས་གཙོ་ནས་བཟུང་ང་ལ་བགྲང་རོགས། རྗེས་མ་འདི་དག་ཡོད་ཚད་ཆོལ་ཁའི་འཐེན་འཁྱེར་རེད་ཅེས་གླེང་ཕྱོགས་མ་བཟོ་རོགས། དོན་དག་ཡོད་ན་དོན་དག་གི་ངོས་ནས་སེལ་ཐུབ་གི་རེད།
ཁོང་ནི་དབུས་གཙང་མི་མང་གི་སྤྱི་འཐུས་སུ་བདམས་པ་ཞིག་ཡིན་ཀྱང་།
བཀུར་འོས་སྤྱི་འཐུས་མཆོག་གི་ཁ་སྔོན་གྱི་བཀའ་མོལ་གནང་སྟངས་ལ་བལྟས་ན།
ཁོང་གིས་ང་དབུས་གཙང་མི་མང་གིས་བདམས་པ་མ་རེད། མངའ་རིས་མི་མང་གིས་བདམས་པ་རེད་མདོག་མདོག་གསུངས་པ་དེ་ནི་བོད་མི་ནང་ཁུལ་ཁ་བྲལ་གཏོང་བྱེད་ཚིག་ལྟ་བུར་གྱུར་མི་འདུག་གམ། ཁོང་གིས་བཀའ་མོལ་དེ་ལྟར་གནང་ན།
དབུས་གཙང་མི་མང་གི་རྣ་བར་མི་འགྲོ་བ་ཙམ་མ་ཟད། མདོ་དབུས་ཁམས་གསུམ་གྱི་བོད་མི་ཚོའི་རྣ་བར་ཡང་འགྲོ་གི་མ་རེད་སྙམ།
གང་ལྟར། ཆོལ་ཁ་གསུམ་གྱི་སྤྱི་འཐུས་སུ་ཡིན་རུང་། སྤྱི་འཐུས་ཀྱི་ཞབས་སྟེགས་སུ་སླེབས་ཕྱིན་ཆད། ཆོལ་ཁ་དེ་དང་དེའི་མི་མང་གི་བདམས་པ་ཞིག་དངོས་བདེན་ཡིན་ཀྱང་། ལས་དོན་གནང་སྐབས། བོད་མི་རྩམ་གཟན་ཡོངས་ཀྱི་སྤྱི་མི་ཞིག་ཡིན་པའི་ཀུན་སློང་གི་ཐོག་ནས་ཕྱག་ལས་གནང་དགོས་པ་ཞིག་ལས། ངའི་ཆོལ་ཁ། ཁྱོད་ཀྱི་ཆོལ་ཁ། ཁོའི་ཆོལ་ཁ་ལྟ་བུའི་ལྐུགས་པའི་ཞེན་ཁོག་ལ་འཐམས་བསྡད་ན་ང་ཚོ་མི་མང་གི་བདེ་སྡུག་སྒྲུབ་མཁན་ཞིག་ཏུ་མ་འགྱུར་བར། མི་མང་གི་ཁུར་པོ་ཞིག་ཏུ་འགྱུར་ཉེན་ཡོད།།
སྤྱི་མཐུས་ཀརྨ་ཆོས་འཕེལ་མཆོག་གིས་ཀྱང་ལོ་མང་རིང་སྤྱི་མཐུས་ལས་ཁུར་ཞུས་པ་དང་། ཚོགས་གཙོའི་འགན་ཀྱང་ཁུར་ནའང་འདི་འཇོན་སོང་ཟེར་བ་ཞིག་གོ་མ་སོང་། དེའི་ཕྱིར་གཉན་འཕྲང་གི་དུས་ཚོད་འདིར་མི་མང་གི་རེ་འདོད་དང་མཐུན་པར་བཟང་སྤྱོད་ཀྱི་ཐོག་ནས་རེ་ཞིག་དགོངས་པ་ཞུས་ན་ཡག་ཤོས་རེད། དེ་འདྲའི་དབང་ཚད་དང་ནུས་པ་ཡོད་མེད་དེ་མི་མང་ནང་ཁུལ་ནས་ཐག་གཅོད་དགོས་པ་ལས་ཁོ་རང་གིས་ངས་དགོངས་པ་ཞུ་རྒྱུ་མིན། ཁྱོད་ཚོ་དེ་འདྲའི་ནུས་པ་ཡོད་པ་མ་རེད་ཅེས་སྡུག་སྐད་བརྒྱབ་ན་དེ་ཁྱད་མཚར་ཞིག་འདུག
༡ ཀརྨ་ཆོས་འཕེལ་གྱིས་དབུས་གཙང་ཆོལ་ཁའི་ཐ་སྙད་འཁྱེར་བ་ཙམ་གྱིས་དབུས་གཙང་ཆོལ་ཁ་སྤྱིའི་ཚབ་ནམ་ཡང་མཚོན་མི་ཐུབ་པར་བཤད་པ་འདི་དངོས་ཡོད་རང་རེད། ང་ཚོའི་སྤྱི་འཐུས་རྣམ་པའི་ནང་ཆོལ་ཁ་དང་ཆོས་རྒྱུད་བྱེ་བྲག་པའི་མཚན་གནས་རྗེས་འབྲེལ་གྱིས་གྲོས་ཚོགས་སུ་ཕེབས་ནས་ཆོལ་ཁ་དང་ཆོས་རྒྱུད་དེ་དང་དེའི་མི་མང་གི་བསམ་འདུན་དང་འབྲེལ་བ་མེད་པར་རང་སྒེར་གྱི་ལྟ་སྤྱོད་དབང་བཙན་པར་བྱས་ཏེ་དོན་མེད་ཀྱི་རྙོག་དྲ་དང་སྤྱི་དོན་འཐུས་ཤོར་ལ་གཏོང་མཁན་གྱི་རིགས་ཤིག་ཡོད། དེ་ནི་གོང་དུ་ཀརྨ་ཆོས་འཕེལ་གྱིས་ཆོལ་ཁའི་ཐ་སྙད་འཁྱེར་བ་ཙམ་གྱིས་ཆོལ་ཁ་དེའི་ཚབ་མཚོན་མི་ནུས་པར་བཤད་པའི་སྤྱི་འཐུས་དེ་ཚོའི་མཚན་གཞི་རེད།
འོན་ཀྱང་ཀརྨ་ཆོས་འཕེལ་གྱི་ཞེ་འདོད་ནི་ངས་བཤད་པ་འདི་ནང་བཞིན་ཞིག་མ་རེད། ཁོ་པའི་བཤད་སྟངས་དང་བསམ་སྟངས་ལྟར་བྱས་ན་དེ་སྔོན་ཁོ་པས་དབུས་གཙང་དང་མངའ་རིས་གཉིས་ཆོལ་ཁ་ལོགས་ཀ་ཞིག་ཡིན་པ་ལྟ་བུའམ་ཡང་ན་མངའ་རིས་དབུས་གཙང་གི་ཁོངས་སུ་མི་གཏོགས་པའི་ལྟ་བུའི་གནས་སྟངས་ཤིག་བཤད་མྱོང་བ་དེ་ཡང་བསྐྱར་ནན་ཏན་གྱིས་སྟོན་འདོད་པ་དེ་རེད། ཁོ་པར་གནད་དོན་འདིའི་ཐད་ཁུངས་འཕེར་དང་རྒྱུ་མཚན། སྤྱི་ཚོགས་སྤྱིའི་ངོས་འཛིན་གྱི་རྒྱབ་སྐྱོར་བཅས་ཅི་ཡང་སྟོན་དུ་མེད་ཀྱང་སྐད་ཆ་འདི་འདྲ་ཞིག་མ་བཤད་ན་རང་གི་རྐུབ་སྟེགས་དང་མིང་གྲགས་ཀྱི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས་ཁོ་པའི་སྐད་ཆ་འདི་སྤྱི་ཚོགས་ནང་འགྲོ་རྒྱུག་ཡོང་མིན་ལ་མི་ལྟོས་པར་ཚོད་ལྟ་ཐེངས་ཤིག་བྱས་པ་རེད། འོན་ཀྱང་དེ་སྔོན་ཁོ་པས་བཤད་མྱོང་བའི་སྐད་ཆ་དེར་ཆ་འཇོག་བྱེད་མཁན་ཞིག་མ་བྱུང་བའི་ཐོག་སྔོ་ལོའི་རྒྱལ་མཚན་འཕྱར་རྒྱུའི་མངོན་རྟགས་ཤིག་གསལ་པོར་ཐོན་སྟབས་ད་ལན་སྐད་ཆའི་ནང་དོན་དེ་རང་ཡིན་པ་ལ་བཤད་འགྲོས་ལ་མཉེན་ཆ་ཅུང་ཟད་སྟོན་རྒྱུའི་འབད་རྩོལ་བྱས་ཡོད།
༢སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་དབུས་པ་དང་། གཙང་པ། སྟོད་པ་དང་། མངའ་རིས་སོགས་དབུས་གཙང་ཆོལ་ཁའི་ཁོངས་གཏོགས་ཀྱི་ས་ཁུལ་བྱེ་བྲག་པ་དང་ཚོགས་སྡེ་བྱེ་བྲག་པ་ཇི་འདྲ་ཞིག་ནས་ལྟག་སྒོ་དང་དྲང་ལམ་གང་རུང་བརྒྱུད་དེ་དབུས་གཙང་ཆོལ་ཁའི་འཐུས་མི་བཅུའི་གྲས་སུ་འདེམས་ཐོན་བྱུང་བ་ཡིན་ན་ཁོ་པའམ་ཁོ་མོ་དབུས་གཙང་སྤྱི་འཐུས་ཡིན་པའི་ལྡོག་ཆ་ནས་ངོས་འཛིན་བྱེད་དགོས་པ་དང་། ཁོ་པའམ་ཁོ་མོའི་ངོས་ནས་ཀྱང་རང་ཉིད་དབུས་གཙང་སྤྱི་འཐུས་ཡིན་པའི་ལྡོག་ཆའི་ངོས་ནས་གྲོས་ཚོགས་ནང་འགྲེངས་དགོས་ངེས་ཡིན། ད་དུང་ཁོ་པའམ་ཁོ་མོར་མངའ་རིས་ཀྱི་ཡུལ་མིས་འོས་ཤོག་འཕངས་ཤིང་མངའ་རིས་ལས་གཞན་པའི་དབུས་གཙང་ཆོལ་ཁའི་ས་ཁུལ་གཞན་གྱི་ཡུལ་མི་གཅིག་གིས་ཀྱང་འོས་ཤོག་འཕངས་པ་བྱུང་མེད་པའི་དབང་དུ་བཏང་ཡང་ཁོ་པའམ་ཁོ་མོར་དབུས་གཙང་སྤྱི་འཐུས་ཞེས་མིང་འབོད་བྱེད་པ་ལས་མངའ་རིས་སྤྱི་འཐུས་ཞེས་མིང་འབོད་དང་ངོས་འཛིན་བྱེད་སྲོལ་མེད། འོན་ཀྱང་ཀརྨ་ཆོས་འཕེལ་གྱིས་ད་དུང་ཡང་གནད་དོན་འདིའི་ཐད་ནན་ཏན་གྱིས་བསྙོན་འདིང་བྱེད་ཀྱིན་འདུག
༣ཀརྨ་ཆོས་འཕེལ་གྱིས་དྲི་བ་བཞི་བཏང་ཡོད་པའི་ནང་ནས་ངེས་པར་དུ་ལན་འདེབས་དང་ཁུངས་སྐྱེལ་བྱེད་དགོས་པའི་དྲི་བ་གཅིག་ནི་[གོང་གསལ་བཅའ་ཁྲིམས་དགོངས་དོན་ཕྲན་དབུས་གཙང་ཆོལ་ཁའི་མི་མང་གི་མང་མོས་མེད་པ་ར་འཕྲོད་པའི་གནས་ཚུལ་ཐབས་ལམ་གང་གིས་བརྒྱུད་གནང་ཡོད་དམ།?]ཅེས་པ་འདི་ཡིན། ད་ལན་དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ནས་ཟུར་རྒྱན་གྲོས་ཆོད་བཞག་པ་ལྟར་སྤྱི་འཐུས་འདི་པར་དོན་དམ་དབུས་གཙང་ཆོལ་ཁའི་མི་མང་རྣམ་པས་འདོད་མོས་ཡོད་མིན་གྱི་རྣམ་འགྱུར་ཇི་འདྲ་ཞིག་སྟོན་མིན་ཐད་རྟོག་ཞིབ་འཐུས་གཙང་ཞིག་ངེས་པར་དུ་བྱེད་དགོས་ངེས་ཡིན། གལ་ཏེ་རྟོག་ཞིབ་ཀྱི་བརྒྱུད་རིམ་ཁྲོད་ནས་མི་མང་གི་བརྒྱ་ཆ་མང་ཤོས་ཀྱིས་ཁོ་པས་མུ་མཐུད་སྤྱི་འཐུས་ཀྱི་ལས་དོན་བསྒྲུབ་རྒྱུར་འདོད་མོས་མེད་པ་ཤེས་རྟོགས་བྱུང་ཚེ་ལས་གནས་ནས་ཕེབས་བསྐྱེལ་ཞུ་བའི་ལས་དོན་ལག་བསྟར་བྱེད་དགོས་པ་རེད། གལ་ཏེ་སྟབས་ཉེས་ནས་ཕེབས་བསྐྱེལ་ཞུ་དགོས་མ་ཆགས་ཀྱང་དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ཀྱི་ཟུར་བརྒྱན་དེས་མང་གཙོའི་སྤྱི་ཚོགས་ནང་མིག་དཔེ་བལྟ་འོས་ཀྱི་ལས་དོན་ཞིག་བསྒྲུབས་པར་ངོས་འཛིན་བྱེད་ཆོག་པ་རེད། བརྒྱུད་རིམ་འདིའི་ཁྲོད་ནས་མི་མང་གི་འགན་དབང་ལ་ནུས་ཤུགས་ཇི་ཙམ་ཡོད་པ་དང་དེར་གལ་གནད་ཇི་ཙམ་བརྩི་དགོས་མིན་སོགས་སྤྱི་ཚོགས་ནང་མང་གཙོའི་ལམ་སྲོལ་དང་གོམས་གཤིས་དར་སྤེལ་ཐད་ཤུགས་རྐྱེན་ངེས་ཅན་ཞིག་འཐོན་ཐུབ་རྒྱུ་དང་ མ་མཐའ་ཡང་ང་ཚོའི་སྤྱི་འཐུས་རྣམ་པས་་གྲོས་ཚོགས་ནང་སྨྱོ་འཆམ་གང་བྱུང་དུ་བརྒྱག་རྒྱུར་འཛེམས་ཟོན་ཅུང་ཞིག་བྱེད་དགོས་ཆགས་ངེས་ཡིན།
སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཕྲན་གྱིས་དངོས་སུ་མཇལ་མྱོང་མེད་ཀྱང་། ཁོང་གིས་སྔ་ཕྱི་རིམ་པ་མང་པོར་གནང་སྟངས་སོགས་ལ་བལྟས་ན། ཁོང་ནི་བོད་སྤྱི་པའི་དོན་དུ་ཕྱག་ལས་གནང་ཐུབ་མཁན་ཞྀག་མིན་པ་གསལ་པོ་རེད། དེ་སྔོན་ཀྱང་ཆང་གིས་བཟི་སྟེ་ཕྱག་ལས་མང་པོ་དོན་མེད་དང་། ད་ལྟ་ཡང་ཚོགས་སྡེ་མང་པོ་གཏོར་བཤེག་བཏང་གྲབས་ཡོད་པ་རྣམས་ལ་སྤྱི་སྒེར་མང་པོས་གཟབ་རོགས།
དབུས་གཙང་རྒྱུས་ལབ་ཟེར་བ་ དེའི་ག་རེ་བཤད་་གྱི་ཡོད་རེད་
་་་་་་་་་་་་བོད་བཙན་བྱོལ་གཞུང་འདི་ནི་འདས་པའི་ དུས་སུ་བྱུང་མྱོང་བའི་བོད་སྡེ་པ་གཞུང་མ་རེད་ལ་་་་་་་་་་་
སྐུ་ངོས་ལགས་ཟེར་ མཁན་འགའ་རེའི་ག་རེ་བྱེད་བྱེད་ཡང་མ་རེད་་་་་་་ཚད་ལྡན་གྱི་གཞུང་འདི་ལ་གྲོས་འཆར་ག་རེད་ཡོད་ན་བརྩོདརྙོག་བཟོ་འདོད་ཡིན་པ་དངོས་གནས་རེད་་་་གོ་སྐབས་འདི་འདྲ་ཞིག་བཟུང་ནས་མངའ་རེའི་སྤྱི་མཐུན་ཚོགས་པ་དེ་དབུས་གཙང་རྒྱན་ལས་ཀྱི་རང་བདག་བྱེད་འདོད་པ་ཡིན་ནམ་་་་་་་གཞན་བོད་གཞུང་གི་རྩ་ཁྲིམས་དང་སྒྲིགས་གཞི་གང་དང་ཡང་མགལ་མེད་ལ་རང་གི་འོས་འགན་སྤྱི་མཐུས་ཚོགས་གཙོ་སོགས་གནང་ཏེ་བོད་རིགས་མི་མང་ལ་ལྷག་བསམ་རྣམས་དག་གྱི་ཕྱགས་ལས་གནང་བ་དང་དང་རྒྱ་ནག་སྲིད་གཞུང་གི་སྐྱོན་བརྗོད་ཁྲོད་ནས་དོན་ངོ་མ་དབུས་གཙང་རྒྱུན་ ལས་ཟེར་མཁན་ཁྱེད་འཚོའི་མངའ་རི་དབུས་གཙངམཆོ་ཁའི་ཁོངས་སུ་འདོད་ན་ཁོངལ་སེམས་གཏེང་ནས་དགོངས་སལ་ཞུ་དགོས་ཞིག་རེད་་་་་་་་་་་་དེ་མིན་མངའ་རི་མི་ཞིག་ལ་ཐེས་ཇུས་དེ་འདྲ་གནང་བ་ནི་ཧམ་པ་ཆེ་གྲག་པ་རང་རེད་་་་་་་ད་དུང་འདི་ནི་ཉིན་ འཆར་རྒྱ་ནག་གི་རྒྱ་གར་ས་མཚམ་ལ་ས་རྟགས་རྒྱབས་པ་དང་གཅིག་མ་རེད་པས་་་་་་་་་ངོ་མ་་་་ ཧམ་པ་ལ་་་་་་་་་་
སྤྱི་མཐུས་ཀརྨ་ཆོས་འཕེལ་ལགས། ཁྱེད་མི་བཟང་ངན་གང་འདྲ་ཞིག་ཡིན་པ་ཕྲན་ལ་རྒྱུས་མངའ་གཏན་ནས་མེད།
འོན་ཀྱང་གཞན་གྱིས་གསུངས་བ་ལ་རྒྱུ་མཚན་དོན་དང་ལྡན་པ་ཞིག་ཡོད་པ་ཡིན་ན། ཁྱེད་ཀྱིས་བལྟ་བ་འཁྲེགས་བཟུང་མི་བྱེད་པར་རང་ཉིད་བསྒྱུར་བཅོས་སམ་ལས་གནས་ལས་དགོངས་ཞུ་བྱེད་རོགས།
གལ་སྲིད་ཁྱེད་ཉིད་རང་རིགས་ཀྱི་ལས་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་ཞབས་ཞུ་ཞུ་མཁན་གྱི་དྲང་བདེན་སྤྱི་མཐུས་ཞིག་ཡིན་ན། དཀའ་ངལ་དང་འཕྲལ་རྐྱེན་གང་འདྲ་འཕྲད་ཀྱང་རང་རིགས་འདིའི་ཆེད་དུ་ལས་གནས་ལས་དགོངས་ཞུ་གཏན་ནས་བྱེད་མི་རུང་།
རྒྱ་ཆེའི་ཀློག་པ་པོ་ལགས། ངས་བསམ་པར་སྤྱི་མཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་མཇུག་མཐའི་སྐད་ཆ་དེ་ནི་དཀྲུག་ཤིང་གི་རྒྱུུ་ཞིག་ཡིན་པ་དང་། དེ་ནི་དེ་སྔོན་ང་ཚོའི་སྤྱི་ཚོགས་ནང་དར་ཁྱབ་འགྲོ་མེད་པའི་གནད་དོན་ཞིག་པ་མ་ཟད། སྤྱི་ཚོགས་ཀྱི་ཁྲོད་དུ་མི་མང་པོའེ་ཐ་ན་བསམ་མྱོང་མེད་པའི་གནད་དོན་ཞིག་རེད། ད་ཐེངས་ཁོང་གིས་འདི་ལྟར་རང་ཉིད་ཀྱི་ཁས་ཕན་དང་རང་ཉིད་ཀྱི་གང་གནང་པ་དེ་ལ་ཁོངས་བཅོས་གཞིར་འཛིན་གྱི་ཆེད་དུ་འདི་ལྟར་སྤྱི་ཚོགས་ནང་རྩོད་གླེང་གསར་པ་ཞིག་བསླངས་པ་ནི། དངོས་གནས་སྤྱི་མཐུས་ཤིག་གིས་བྱེད་མི་འོས་པ་ཞིག་རེད་ལ། ང་ཚོ་སྤུན་ཟླ་ཚོས་ཀྱང་ངེས་པར་ཏུ་འདིའི་རིགས་ལ་བརྡར་བསྐྱལ་ཡག་པོ་བྱེད་དགོས་པ་ཞིག་རེད་སྙམ།