བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ཚད་མ་རིག་པ་མགོ་བཙུགས་སྐབས་ནས་འདི་འདྲའི་ཡག་པོ་ཞིག་བྱུང་བ་ཡིན་ན། མ་འོངས་པར་ཡར་རྒྱས་འགྲོ་བར་རེ་བ་ཆེན་པོ་འདུག འོན་ཀྱང་། ང་ཚོའི་བོད་པར་སྐྱོན་ཆ་ཞིག་ཡོད་པ་ནི། ལས་ཀ་གང་ཞིག་མགོ་འཛུགས་སྐབས། འདྲ་ཆགས་པོ་དང་ཡག་པོ་ཡོད་ཀྱང་། དུས་ཚོད་གང་འཚམ་ཕྱིན་སྐབས་མཐོང་རྒྱུ་མེད་པ་ཆགས་འགྲོ་བཞིན་ཡོད། ལས་གཞི་འདི་ཡང་དེ་འདྲ་ཆགས་པ་ཡིན་ན་བློ་ཕམ་པོ་རེད། ཅེས་དཔལ་རྒྱལ་བ་༧ཀརྨ་པ་མཆོག་གིས་གསུངས་ཡོད།
ཕྱི་ཚེས་ ༡༠ ནས་ ༡༢ བར་གྱི་ཉིན་གསུམ་རིང་ངྷ་ཤོད་སློབ་གྲྭ་དབུ་བརྙེས་ ཏེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་གཙི་ཞུས་ཡོད་ལ། ཉིན་དང་པོའི་དབུ་འཛུགས་མཛད་སྒོའི་སྟེང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་ཏེ་གསུང་བཤད་གནང་ཡོད་ལ། དེ་བཞིན་བཞུགས་སྒར་ཁུལ་གྱི་སློབ་གྲྭ་ཁག་གི་འགན་འཛིན་དང་ཚོགས་སྡེ་ཁག་གི་སྐུ་ཚབ་འཐུས་མི། སློབ་ཕྲུག་དག་གི་ཁྱིམ་བདག་བཅས་ཀྱང་ཕེབས་ཡོད། ཉིན་དང་པོར་སློབ་གྲྭའི་ཁང་ཚན་སོ་སོ་ནས་རུ་སྒྲིག་དང་གླུ་གཞས་འཁྲབ་སྟོན་བྱས་ཡོད་ལ། སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་ཡོད། ཉིན་གཉིས་པར་ངྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་ངྷ་ཤོད་སློབ་གྲྭ། སུ་ཇཱ་སློབ་གྲྭ། ཅོན་ཏ་ར། གྷོལ་པ་པུར། ལ་དྭགས་སློབ་གྲྭ། སེ་ལ་ཀོལ་སོགས་སློབ་གྲྭ་ཁག་བརྒྱད་ཀྱི་འཛིན་རིམ་བདུན་པ་དང་བརྒྱད་པའི་སློབ་ཕྲུག་ཚོས་ ཚད་མ་རིག་པའི་རྩོད་པ་འགྲན་བསྡུར་བྱས་ཡོད་ཅིང་། སྐུ་མགྲོན་གཙོ་བོར་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་མཆོག་ཆིབས་སྒྱུར་བསྐྱངས་ཡོད། ཉིན་གསུམ་པར་སློབ་གྲྭའི་ཁང་ཚན་དང་རུ་ཁག་སོ་སོ་ནས་རྒྱུགས་མཆོང་འཕེན་གསུམ་སོགས་ལུས་རྩལ་གྱི་རྣམ་གྲངས་མང་པོ་འགྲན་བསྡུར་བྱས་ཡོད་ལ། སྐུ་མགྲོན་གཙོ་བོར་ཀང་ར་རྫོང་གི་རྫོང་དཔོན་ཆེད་ཕེབས་གནང་ཡོད།
ཉིན་དང་པོའི་དབུ་འཛུགས་མཛད་སྒོའི་སྟེང་། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ངྷ་ཤོད་བོད་ཁྱིམ་སློབ་གྲྭ་འདི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སློབ་གྲྭ་མང་པོའི་ནང་ནས་འབུར་དུ་ཐོན་པའི་དམིགས་བསལ་ཁྱད་ཆོས་ཅན་ཞིག་ལ་ཚང་མས་ངོས་འཛིན་བྱེད་ཀྱིན་ཡོད། གཞན་པའི་རོགས་ཚོགས་དང་སྤྱི་ཚོགས་ལ་བརྟེན་མི་དགོས་པར་སློབ་ཕྲུག་གི་ཕ་མ་སོ་སོའི་ངོས་ནས་འགྲོ་སོང་བཏང་སྟེ། རང་སྐྱ་འཕེར་བའི་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་དེ་ཆགས་ཡོད། ད་རེབ་ངྷ་ཤོད་སློབ་གྲྭ་བཙུགས་ཏེ་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་གཙི་བྱེད་ཀྱིན་ཡོད་ལ། བཙན་བྱོལ་བོད་མི་ཡུལ་གྱར་དུ་འབྱོར་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་ཞིག་ཀྱང་ཆགས་ཡོད། ང་ཚོས་ལོ་གྲངས་ངེས་ཅན་ལྟར་དུས་དྲན་སྲུང་གཙི་བྱེད་ཀྱིན་ཡོད་པ་འདི་ཡང་རྒྱབ་མདུན་གཉིས་ཀར་བལྟས་ཏེ། ལེགས་ཉེས་ཅི་བྱུང་ཡོད་མེད་ལ་བསྐྱར་ཞིབ་བྱས་ཤིང་། མ་འོངས་པར་སྙིགས་དོར་བཅུད་ལེན་གྱིས་འཆར་གཞི་ཡག་པོ་གཏོང་རྒྱུ་དང་། ཐབས་ལམ་ཡང་དག་པ་ཅིག་འཚོལ་རྒྱུའི་ཆེད་དུ་དུས་དྲན་སྲུང་གཙི་བྱེད་ཀྱིན་ཡོད། དེར་བརྟེན། མ་འོངས་པར་བོད་པའི་འཕྲལ་ཕུགས་རྒྱང་གསུམ་ལ་མཁོ་བའི་ཤེས་ཡོན་པ་ཅི་འདྲ་ཞིག་བསྐྲུན་ཐུབ་མིན་ཐད། དགོངས་པ་བཞེས་རྒྱུ་དང་ཉམས་ཞིབ་བྱ་རྒྱུའི་དུས་ཚོད་གལ་ཆེན་ཞིག་ཏུ་སླེབས་ཡོད། ཅེས་དང་། སློབ་ཕྲུག་ཚོའི་ངོས་ནས་གོ་སྐབས་དམ་འཛིན་གྱིས་སློབ་གཉེར་བྱ་དགོས། སློབ་གྲྭ་འཛིན་རིམ་བཅུ་གཉིས་དང་མཐོ་སློབ་ཐོན་སྐབས། སློབ་སྦྱོང་ཐོན་ཟིན་པའི་བསམ་བློ་འཁྱེར་མི་རུང་། སློབ་སྦྱོང་གི་དམིགས་ཡུལ་འཛིན་སྐབས། རང་ཉིད་ཀྱི་རིག་སྟོབས་དང་རྣམ་དཔྱོད་ཀྱི་ཐོག་ནས་ཉམས་ཞིབ་བརྒྱུད་དེ། སྔོན་མ་སྦྱང་མྱོང་མེད་པའི་ཤེས་བྱ་དག་ལ་སློབ་སྦྱོང་བྱས་པ་ཡིན་ན། ད་གཟོད་སློབ་སྦྱོང་ངོ་མ་དེ་མགོ་ཚུགས་ཀྱིན་ཡོད་པ་རེད། ཅེས་གསུངས་སོང་།
ཕྱི་ཚེས་ ༡༡ ཉིན་སློབ་གྲྭ་ཁག་བརྒྱད་ཀྱི་འཛིན་རིན་བདུན་པ་དང་བརྒྱད་པའི་སློབ་མ་དག་གིས་བོད་པའི་སྲོལ་རྒྱུན་ཚད་མ་རིག་པའི་རྩོད་པ་འགྲན་བསྡུར་གནང་སྟེ། ཨང་དང་པོ་ངྷ་ཤོད་སློབ་གྲྭ་དང་ཨང་གཉིས་པ་གྷོལ་པ་པུར། ཨང་གསུམ་པ་ངྷ་སྟེང་བོད་ཁྱིམ་བཅས་སུ་ཐོབ་ཡོད་ལ། འདི་ནི་བཙན་བྱོལ་བོད་མིའི་སློབ་གྲྭའི་ཤེས་ཡོན་ལོ་རྒྱུས་ཐོག་སྔར་མེད་ཟིན་ཐོ་གསར་བ་ཞིག་ཆགས་ཡོད། ཚད་མའི་རྩོད་པ་མཇུག་རྫོགས་རྗེས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གསུང་བཤད་གནང་དོན། རྒྱ་གར་ལུང་པར་ཡོད་བསྡད་པའི་སློག་གྲྭ་ཁག་བརྒྱད་ཀྱིས་དེ་རིང་འདིར་ཆེས་ཐོག་མར་ཚད་མ་རིག་པའི་རིགས་ལམ་རྩོད་པ་འགྲན་བསྡུར་དབུ་བརྙེས་པ་དེ་ཤེས་ཡོན་སློབ་སྦྱོང་གི་ཐོག་ལ་ལེའུ་གསར་བ་ཞིག་དང་གོ་སྐབས་གསར་བ་ཐོབ་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། འདི་བརྒྱུད་དེ་སློབ་ཕྲུག་ཚོའི་ངོས་ནས་ནང་པ་སངས་རྒྱས་པའི་ཆོས་དེ་རྒྱུ་མཚན་དང་རིགས་པའི་ལམ་ནས་གཏན་ལ་ཕབ་པ་ཞིག་ཡིན་པ་མ་གཏོགས་དད་མོས་རྐྱང་རྐྱང་གི་ཐོག་ནས་འགྲོ་བ་ཞིག་མིན་པ་ངོས་འཛིན་ཐུབ་པ་དང་། དེ་བཞིན་སློབ་ཕྲུག་ཚོའི་རྒྱུན་ལྡན་གྱི་བསམ་བློའི་གོ་རྟོགས་དང་རིག་སྟོབས་གོང་འཕེལ་འགྲོ་བར་ཡང་ཁྱད་པར་ཆེན་པོ་ཡོང་གི་རེད་བསམ་ཡོད། སྔོན་མ་ངའི་ངོ་ཤེས་ཤིག་གིས་བོད་ཨ་མདོའི་ལུང་པ་ཞིག་ལ་སློབ་གྲྭ་ཞིག་བཙུགས་ཡོད་ས་རེད། དེའི་ནང་གི་སློབ་མ་ཚོར་རིགས་ལམ་རྟགས་གསལ་གྱི་སློབ་ཚན་ཡོད་རེད། ཁོང་ཚོའི་ཡིག་རྒྱུགས་འཕྲོད་པ་དང་། གནས་ཚུལ་གང་ཅིའི་ཐད་སྤྱིར་བཏང་གི་སློབ་གྲྭ་ཁག་གི་སློབ་མ་དང་མི་འདྲ་བར་རིག་པ་མྱུར་བ་དང་ཤེས་ཡོན་གྱི་སྦྱང་འབྲས་ཡག་པོ་འདུག་ཟེར། ཞེས་དང་།
ཁྱེད་ཅག་གིས་གསར་དུ་མགོ་བཙུགས་པ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ག་དུས་ཡིན་ནའང་། ནང་ཆོས་དེ་དགོན་སྡེ་གྲྭ་ཚང་གཅིག་པུས་བདག་པོ་བརྒྱབས་ཏེ། འཛིན་སྐྱོང་བྱས་འདུག་རྒྱུ་ཞིག་མ་ཡིན་པར་མང་ཚོགས་ནང་རྒྱ་གང་ཆེའི་ཐོག་ནས་གོ་ རྟོགས་ཡོང་རྒྱུ་དང་། ཐོས་བསམ་སྒོམ་གསུམ་ཉམས་ལེན་བྱ་རྒྱུ་ཞིག་བྱུང་ན། དེ་ང་ཚོའི་ཕན་བདེའི་རྩ་བར་འགྱུར་ཐུབ་པ་ཅིག་དང་། བོད་པའི་རིག་གཞུང་མི་ཉམས་གོང་འཕེལ་ཡོང་རྒྱུར་དགེ་མཚན་ཆེན་པོ་ཡོད། ཅེས་ཡང་ཡང་གསུང་གིན་ཡོད་པ་རེད། དེར་བརྟེན། ཁྱེད་ཅག་ཚང་མའི་ངོས་ནས་ཧ་ཅང་སེམས་ཤུགས་བསྐྱེད་དང་། བླ་མའི་དགོངས་པ་བཀའ་བཞིན་སྒྲུབ་པ་ཞིག་ལ་ང་རང་གིས་མཐོང་གིན་ཡོད། དེ་འདྲ་ཡིན་དུས་ལས་རིམ་འདིའི་ཐད་འགན་འཁུར་མཁན་མི་སྣ་ཚོ་དང་། དེ་བཞིན་སློབ་ཕྲུག་ཚོས་ངོས་ནས་ཀྱང་། དུས་ཚོད་བཏང་སྟེ་ལུས་ངག་ཡིད་གསུམ་གྱི་ཐོག་ནས་འབད་པ་བྱས་པ་དེ་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།
ཁོང་གིས་མུ་མཐུད་དུ་ཕྱི་རོལ་མི་སྟེགས་པའི་ཚད་མའི་གཞུང་སོགས་ལ་སྦྱོང་གལ་ཆེ་སྐོར་གསུངས་དོན། སྤྱིར་བཏང་ཚད་མའི་གཞུང་འདི་ནང་པའི་ཆོས་ཡིན་མིན་གྱི་རྩོད་པ་ཞིག་སྔོན་མ་ནས་ཡོང་བསྡད་ཡོད་ས་རེད། ཕྱིས་སུ་རྒྱ་གར་མཁས་དབང་མང་པོ་ཞིག་གིས། ཚད་མ་ཟེར་བ་དེ་གྲུབ་མཐའི་བར་བགྲོ་གླེང་དང་རྩོད་པ་བྱས་ཏེ། རིམ་གྱིས་དར་བ་ཞིག་རེད་མ་གཏོགས་ནང་པའི་གཞུང་དུ་སངས་རྒྱས་ཀྱིས་གསུངས་བཞག་པ་ཞིག་མ་རེད་ཟེར་གྱིན་ཡོད། གང་ལྟར། ཚད་མའི་གཞུང་འདི་ཕྱི་ནང་ཐུན་མོང་གི་གཞུང་ཞིག་ཏུ་གྲུབ་སྟེ། ཕྱི་རོལ་མི་སྟེགས་པ་དེ་ཚོ་ཡིན་ནའང་ཚད་མའི་གཞུང་ཧ་ཅང་གི་གཏིང་ཟབ་པོ་ཡོད་ས་རེད། འོན་ཀྱང་། ང་ཚོས་ཕྱོགས་རེ་བ་ཙམ་ལས་ཁོང་ཚོའི་གཞུང་ངོ་མ་ཞིག་ལ་སློབ་སྦྱོང་བྱ་ཐུབ་ཀྱིན་ཡོད་པ་མ་རེད། ༧གོང་ས་མཆོག་གི་དགོངས་པ་ཇི་བཞིན་བསྒྲུབ་ཆེད། མ་འོངས་པར་ག་ལེར་མི་སྟེགས་པའི་གཞུང་དེ་ཚོ་ཡིན་ནའང་བལྟ་དགོས་པ་གལ་ཆེན་པོ་རེད། སྤྱིར་ནང་པའི་ཁྱབ་ཁོངས་སུ་གཏོགས་པའི་ཚད་མའི་གཞུང་མང་པོ་ཞིག་ཡོད་ལ། ལྷག་པར་དུ་བོད་ལ་མཚོན་ན་ཚད་མའི་གཞུང་དར་སྲོལ་ཆེན་པོ་བྱུང་ཞིང་། ཚད་མར་རྐང་ཚུགས་པར་བྱས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་བྱེད་པའི་ལམ་སྲོལ་བཟང་པོ་ཞིག་ཡོད། དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཐོས་བསམ་བྱེད་སྟངས་ཤིག་ཆགས་ཡོད། ཅེས་དང་།
ངས་དེ་རིང་གི་གོ་སྐབས་འདི་དང་བསྟུན་ཏེ། ད་དུང་མུ་མཐུད་དེ་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་མང་པོ་ཞིག་བསྡད་ཡོད་སྟབས། ཚང་མའི་ངོས་ནས་འབད་བརྩོན་གནང་རོགས། ཞེས་ཞུ་རྒྱུ་ཡིན། ཁྱེད་རང་ཚོ་གསར་བ་རེད་དེ། ཞེ་དྲག་ཡག་པོ་བྱུང་འདུག ང་ཧ་ཅང་དགའ་བོ་བྱུང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ཚད་མ་རིག་པ་མགོ་བཙུགས་མ་ཐག་འདི་འདྲའི་ཡག་པོ་ཞིག་བྱུང་བ་ཡིན་ན། མ་འོངས་པར་ཡར་རྒྱས་འགྲོ་བར་རེ་བ་ཆེན་པོ་འདུག འོན་ཀྱང་། ང་ཚོའི་བོད་པར་སྐྱོན་ཆ་ཞིག་ཡོད་པ་ནི། ལས་ཀ་གང་ཞིག་མགོ་འཛུགས་སྐབས། འདྲ་ཆགས་པོ་དང་ཡག་པོ་ཡོད་ཀྱང་། དུས་ཚོད་གང་འཚམ་ཕྱིན་སྐབས་མཐོང་རྒྱུ་མེད་པ་ཆགས་འགྲོ་བཞིན་ཡོད། ལས་གཞི་འདི་ཡང་དེ་འདྲ་ཆགས་པ་ཡིན་ན་བློ་ཕམ་པོ་རེད། རྒྱ་གར་ནང་བོད་པའི་སློབ་གྲྭ་ཁག་མང་པོ་བཙུགས་ཡོད། དེ་དག་གི་ནང་གཙོ་བོ་བོད་པའི་སྲོལ་རྒྱུན་ཆོས་རིག་ལ་སློབ་གཉེར་བྱ་རྒྱུ་དང་། དེ་དང་མཉམ་དུ་དེང་དུས་ཀྱི་ཤེས་ཡོན་སྦྱང་བརྩོན་བྱ་རྒྱུ་དེ་ཡིན། ཚད་མ་རིག་པ་འདི་རིག་གཞུང་ལུགས་གང་དང་གང་ཞིག་སྦྱོང་ཡང་རྩ་བའི་ལག་ཆ་ལྟ་བུ་ཆགས་ཡོད། ཅེས་གསུངས་བྱུང་།
བསམ་འཆར་ཕུལ་བར་གཙིགས་ཆེར་བཟུང་ནས་ནོར་བཅོས་གནང་བར་བསྔགས་བརྗོད་ཡོད། འོན་ཀྱང་མུ་སྟེགས་པ་ལ་སླར་ཡང་མེ་སྟེགས་པ་དང་། གོ་པལ་པུར་ལ་གྷོལ་པ་པུར་ལྟ་བུའི་ནོར་བཅོས་སླར་ཡང་ནོར་ནས་བཀོད་པར་བློ་ཕམ་བྱུང་།
བོད་ཀྱི་སྐད་ཡིག་རྒྱལ་གྱུར་ཅིག བོད་ཀྱི་སྐད་ཡིག་འཇིག་རྟེན་སྟེང་དུ་བླ་མེད་སྐད་ཡིག་ཅིག་ཏུ་མུ་མཐུད་གནས་པར་ཤོག
དྲ་གྲོགས་མར་མེ་ལགས། ཁྱེད་ཀྱིས་ད་རུང་མགོན་པོའི་དྲི་བ་དེ་དག་གི་གནད་དོན་ཤེས་མི་འདུག ཁྱེད་ལ་ཤེས་འདོད་ཡོད་ན་ཁ་བརྡ་དྲ་རྒྱའི་ནང་གི་༼བསྡུས་གྲྭ་ཟེར་བ་འདི་གད་སྙིགས་ནང་གཡུག་ཞོག༽ ཅེས་པའི་གཤམ་གྱི་བསམ་ཚུལ་དེ་ཚོ་ཞིབ་ཀློག་ཀྱིས་དང་གཞི་ནས་ཧ་གོ་རྒྱུ་ཞིག་ཡོད། ཁོང་ཚོས་གཙོ་བོ་བོད་གཞུང་གི་སློབ་ཕྲུག་ཚོ་བོད་ཡིག་ཧ་ཅང་སྐྱོ་བོ་ཡིན་པས་བོད་ཡིག་ཡར་རྒྱས་གཏོང་རྒྱུ་གལ་ཆེ་བ་ལས་རྩོད་པ་ཤེས་མ་ཤེས་མེད་ཚུལ་གྱི་བསམ་ཚུལ་བཏོན་ཡོད་པ་རེད།
བོད་ཀྱི་དུས་བབས་དྲ་རྒྱར་མ་སླེབས་ནས་དུས་ཡུན་རིང་པོ་ཞིག་ཕྱིན་སོང་། དེ་རིང་རྡ་ཤོད་སློབ་གྲྭའི་མཛད་སྒོའི་སྐོར་གྱི་གསར་འགྱུར་དེར་མི་མང་པོ་ཞིག་གིས་མཆན་བཏབས་འདུག་ལ་དེ་ཡང་མང་ཆེ་བ་ཞིག་གིས་བསྡུས་གྲྭ་སློབ་ཚན་དུ་བཞག་པ་དེ་ནོར་འཁྲུལ་ཡིན་པའི་བསམ་ཚུལ་ཡིན་པ་འདྲ་བོ་འདུག ཧོབ་དེ་བལྟོས་དུས་དངོས་གནས་ཁོང་ཚོས་བཤད་པའི་སྐད་ཆའི་ནང་ཤ་ཚ་དང་གནས་ལུགས་མང་པོ་ཞིག་ཡོད་པའི་ཚོར་སྣང་བྱུང་།འོན་ཀྱང་ཞིབ་མོར་བཀླགས་ཚེ་ཁོང་ཚོའི་མཆན་བུ་དེདག་གི་ནང་གནས་ལུགས་རང་བཞིན་གྱི་སྐད་ཆ་ཞིག་མཐོང་རྒྱུ་དཀོན་པ་མ་ཟད་རྒྱུ་མཚན་ཡང་དག་ཅིག་བཀོད་ཐུབ་མཁན་ཡང་བྱུང་མི་འདུག་པ་ལ་གཞིགས་ཚེ་དེ་ནི་ཁོང་ཚོས་དགག་པ་རྒྱག་བཞིན་པའི་བསྡུས་གྲྭ་དེ་སྦྱངས་མྱོང་མེད་པའམ་ཡོད་ཀྱང་གནད་དུ་ཁེལ་བ་ཞིག་སྦྱངས་མེད་པའི་དན་རྟགས་གསལ་བོ་ཞིག་རེད།དེ་མིན་དུང་མགོན་པོ་ཟེར་བ་ཞིག་གིས་(༡བསྡུས་རས་མིང་ཚིག་དོན་དག་མི་ཤེས་པ་དེ་ཚོའི་དོན་ཤེས་པར་ཕན་ཐོགས་གི་རེད་དམ།༢ཕྲད་སྤྱོད་སྟངས་མ་ཤེས་པ་ལ་དེ་ཤེས་པར་བསྡུས་རས་ཕན་ཐོགས་གི་རེད་དམ།༣ཡི་གེའི་དག་ཆ་འབྲི་སྟངས་མ་ཤེས་སྐབས་བསྡུས་རས་ཕན་ཐོགས་གི་རེད་དམ།༤ཇི་བཞིན་བརྗོད་པའི་རྩོམ་ཐུང་ཞིག་འབྲི་དགོས་བྱུང་བའི་སྐབས་བསྡུས་རས་ཕན་ཐོགས་གི་རེད་དམ།)ཞེས་ཧ་ཅང་རྣོ་ངར་ལྡན་པའི་དྲི་བ་ཞིག་ཡིན་མདོག་གིས་བཀོད་འདུག་པ་ནི་རང་མཚང་རང་གིས་བརྟོལ་བ་ཞིག་རེད་བསམ་གྱི་འདུག།འོ་ན་བསྡུས་གྲྭ་སློབ་ཚན་དུ་བཞག་པ་དེ་མིང་ཚིག་གི་དོན་དག་ཤེས་པ་ཁོ་ནའི་ཆེད་བཞག་པ་རེད་དམ།ཕྲད་སྦྱོར་སྟངས་ཤེས་ཀྱི་མི་འདུག་ཅེས་བསྡུས་གྲྭ་སློབ་ཚན་དུ་བཞག་པ་རེད་དམ།ཡི་གེ་དག་ཆ་འབྲི་སྟངས་ཤེས་པའི་ཐབས་ལམ་ཁོ་ནའི་ཆེད་བསྡུས་གྲྭ་སློབ་ཚན་དུ་བཞག་པ་རེད་དམ། ཞེས་ཁྱེད་རང་ལ་དྲིས་ཚེ་ཁྱེད་ཀྱིས་ལན་ཇི་ལྟར་འདེབས་ངེས།འདི་ནི་ངས་ཁྱེད་ཀྱི་དྲི་
བ་དེ་དག་ལ་དྲི་བའི་སྒོ་ནས་ལན་བཏབས་པ་ཡིན་ལ་ངས་ཁྱེད་ལ་འདྲི་འདོད་པ་ངོ་མ་དེ་ནི་བསྡུས་གྲྭའི་རིགས་ལམ་གྱིས་སློབ་ཕྲུག་རྣམས་ཀྱི་རྣམ་དཔྱོད་འཕེལ་བ་ལ་ཕན་ཐོགས་ཀྱི་མ་རེད་དམ།བསྡུས་གྲྭའི་རིགས་ལམ་གྱིས་སློབ་ཕྲུག་རྣམས་ཀྱི་
ཀླད་པའི་མགུལ་བསྐྱོད་བྱེད་པ་ལ་ཕན་ནུས་གང་ཡང་ཐོན་གྱི་མ་རེད་དམ།ང་ཚོས་ཚན་རིག་དང་ཤེས་ཡོན་སློབ་གསོའི་ཐད་མིག་དཔེར་བརྩི་རུང་བའི་ཕྱིའི་རྒྱལ་ཁབ་ཁག་ཏུ་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་ཀྱི་ཆེད་དུ་ཀླད་པའི་མགུལ་བསྐྱོད་ནུས་པར་ཕན་པའི་མགོ་རྙོག་རྩེད་མོ་དང་རྩེད་ཆས་འདྲ་མིན་ཐོག་དཔལ་འབྱོར་གྱི་འགྲོ་སོང་ཆེན་པོ་བཏང་སྟེ་གོ་སྒྲིག་བྱེད་ཀྱི་འདུག་པ་དེའང་སློབ་ཕྲུག་རྣམས་ཀྱི་ཆུ་ཚོད་འཕྲོ་བརླག་ཏུ་གཏོང་བའི་ཆེད་དུ་རེད་དམ།ཞེས་པ་འདི་ཡིན། ད་དུང་གོང་དུ་མཆན་འདེབས་མཁན་ཁ་ཅིག་གིས་བསྡུས་གྲྭ་ནི་གད་སྙིག་ཏུ་གཡུག་འོས་པའི་བསམ་ཚུལ་ཤུགས་ཆེན་བཏོན་པ་དང་འོན་ཀྱང་ཚད་མ་རིག་གཏེར་སོགས་སློབ་ཚན་དུ་བཞག་ཀྱང་སྐྱོན་མེད་པར་བཤད་པ་ནི་བོད་ཡིག་གསལ་བྱེད་སུམ་ཅུ་ནི་གད་སྙིག་ཏུ་བསྐྱུར་འོས་པའི་དངོས་པོ་ཞིག་ཏུ་བརྩི་ཞོར་ཏུ་བོད་པའི་བརྡ་སྤྲོད་སོགས་སྦྱོང་ཡང་སྐྱོན་མེད་པར་བཤད་པ་དང་ཁྱད་པར་གང་ཡང་མི་འདུག་པས་དེའི་སྐོར་འབྲི་འདོད་བྱུང་མ་སོང༌།
དྲ་གྲོགས་ཚོ་འོག་གི་མགོན་པོ་དྲིས་པའི་དྲི་བ་དེ་ཚོ་ལ་ལན་རེ་བྲིས་ཤོག
༼༡ བསྡུས་རས་མིང་ཚིག་དོན་དག་མི་ཤེས་པ་དེ་ཚོའི་དོན་ཤེས་པར་ཕན་ཐོགས་གི་རེད་དམ།
༢ ཕྲད་སྤྱོད་སྟངས་མ་ཤེས་པ་ལ་དེ་ཤེས་པར་བསྡུས་རས་ཕན་ཐོགས་གི་རེད་དམ།
༣ ཡི་གེའི་དག་ཆ་འབྲི་སྟངས་མ་ཤེས་སྐབས་བསྡུས་རས་ཕན་ཐོགས་གི་རེད་དམ།
༤ ཇི་བཞིན་བརྗོད་པའི་རྩོམ་ཐུང་ཞིག་འབྲི་དགོས་བྱུང་བའི་སྐབས་བསྡུས་རས་ཕན་ཐོགས་གི་རེད་དམ།༽༽ ཚིག་ངན་བེདསྤྱོད་མ་བྱས་པར་བསམ་ཚུལ་ཡོད་ན་བྲིས།
པདྨ་ཟེར་བས་བྲིས་པ།
༼༼༼མཆན་རྟགས་ ༥༦ པའི་རིག་འབྱུང་དོན་འགྲུབ་བཀྲ་ཤིས་ཀྱིས་བཤད་པ་དེ་ལ་གོ་རྒྱུ་ཞིག་ཏན་ཏན་འདུགསྤྱིར་རིགས་ལམ་སྦྱང་ན་ཡག་པོ་རེད་དེ་ཡིན་ན་ཡང་བསྡུས་གྲྭ་སྦྱང་དགོས་པའི་རྒྱུ་མཚན་ཡོད་ནི་མ་རེད།བསྡུས་གྲྭའི་རིགས་པ་འདི་ལ་བལྟ་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་རེད། ངས་ཁྱེད་ལ་གཅིག་ཞུ་འདོད་བྱུང་། ཕྱ་པ་ཆོས་སེང་གིས་སྲོལ་བཏོད་པའི་རིགས་པ་འདི་ལ་དགག་པ་རྒྱག་མཁན་ཡང་མང་པོ་ཡོད་རེད། འབྲུག་ཐམས་ཅད་མཁྱེན་པ་པད་མ་དཀར་པོའི་ལུང་ཁ་སང་དྲང་འདུག་འ། མཆན་རྟགས་ ༣ པར་ཁྱེད་བདེན་ན་ཐང་། ཀུན་མཁྱེན་པད་མ་དཀར་པོས་དེང་སང་གི་བསྡུས་པའི་རིགས་པ་དབང་བཙན་པར་བྱས་ཏེ་ ལུགས་གསར་དུ་འགོད་པ་ནི་བསྟན་པ་གཤིག་པའི་ཏོག་ཙེ་ངོ་མའོ་ཞེས་གསུངས་འདུག ཞེས་བྲིས་ཡོད་པ་དེ་ངས་དྲངས་ནི་མ་རེད།དེ་བཞིན་མ་ཧཱ་པཎྚི་ཏ་མི་ཕམ་རིན་པོ་ཆེས་ལུང་དྲངས་ཡོད། ཁྱད་པར་འཇམ་མགོན་ས་པཎ་གྱིས་ཚད་མ་རིག་པའི་གཏེར་དུ་རིགས་པ་ཧུར་ཕྱུང་སྟེ་བཀག་འདུག བསྡུས་གྲྭ་ཟེར་བ་འདི་ཕྱོགས་གླིང་ཡབ་སྲས་ཀྱི་ཚད་མ་དང་རྩ་བ་ཉིད་ནས་མཐུན་ནི་མ་རེད། དེ་ཡང་རིག་གཏེར་ལས། ཆོས་ཀྱི་གྲགས་པའི་གཞུང་བཟུང་ནས། །བདག་ཉིད་ཆེན་པོའི་རིགས་པ་འགོག །ནགས་ལ་གནས་པའི་སྤྲེ་འུ་དག ལྗོན་པའི་ཤིང་ལ་མི་གཙང་འཐོར། །ཞེས་དང་། ཡང་ས་པཎ་གྱིས།
ས་སྐྱ་པ་དང་སེར་སྐྱ་འགལ། །གྲངས་ཅན་པ་དང་གངས་ཅན་མཐུན། །ཞེས་གསུངས་པར་འགྲེལ་བ་དག་ཏུ་ལུང་དྲངས་ཡོད། ཡང་རིགས་གཏེར་ལས། ཐ་དད་སྤྱི་འདོད་འུག་ཕྲུག་པ། །རྫས་གཅིག་ཡིན་ཞེས་གྲངས་ཅན་པ། །གངས་ཅན་པ་རྣམས་དེ་རྗེས་འབྲང་། །ཞེས་སོགས་གསུངས་པ་འདི་ལ་ལྟོས་དང་ཕྱོགས་གླིང་དང་ཆོས་གྲགས་སོགས་ཀྱི་ལུགས་དང་མཐུན་ས་རེད་དང་མ་རེད། ས་སྐྱའི་པཎ་ཆེན། བཀའ་བརྒྱུད་པའི་ཀུན་མཁྱེན་པད་མ་དཀར་པོ། རྙིང་མའི་མི་ཕམ་པ། མཁས་པ་འདི་དག་གི་གསུངས་འདུག་འ། ང་མ་རེད་ཡིན་ན། བོད་གཞུང་འདི་བོད་སྤྱིའི་གཞུང་ཞིག་ཡིན་ན་དེ་ལ་ཡང་བསམ་མནོ་ཞིག་གཏོང་དགོས་རྒྱུ་རེད་དང་མ་རེད། གོོང་དུ་མཆན་ ༦༩ པར་ཆོས་འཕེལ་ཟེར་བ་ཞིག་གིས་རྒྱུ་མཚན་བཀོད་པ་ནང་བཞིན་ཡིན་ན་མི་ཤེས། གཞོན་ནུ་ཟླ་མེད་སོགས་ཨུ་ཚུགས་རང་ལུགས་པ་དེ་ཚོ་འཕག་འཚག་རྒྱག་ལུགས་བལྟས་ན་ཡིན་ན་ཡང་ཐང་།དེ་རྒྱུ་མཚན་གཅིག་ཡིན་བོད་སྤྱིའི་མཁས་པ་རྣམས་ཀྱི་བལྟ་ཚུལ་དང་མཐུན་ན་བོད་གཞུང་གི་རྒྱན་རེད་ལ་རྒྱལ་བ་རིན་པོ་ཆེས་དགོངས་པ་ཡང་འགྲུབ་རྒྱུ་རེད། དེ་མིན་རྒྱལ་བ་བེད་བྱོད་བྱས་ནས་འདྲ་མི་འདྲ་རྐྱང་རྐྱང་བྱས་བསྡད་ན་བོད་སྤྱི་ལ་ཕན་གྱི་རེད་དམ་གནོད་ཀྱི་རེད།
# ༧༤༽ པདྨ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༨ གི་ཆུ་ཚོད་ ༡༢ སྐར་མ་ ༠༧
གཉིས་པ་དེ་རིགས་པ་སྦྱང་ན་ཐོག་མར་བོད་ཡིག་སྤུས་དག་པོ་གལ་ཆེན་པོ་འདུག་འ། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་རེད་ཡོད་མ་རེད། སློབ་ཚན་བཅུ་གཉིས་
བར་དུ་ཆ་ཚང་བོད་ཡིག་ཐོག་སྦྱང་ཐུབ་ན་བཟང་བཟང་གི ཡིན་ན་ཡང་བོད་ཡིག་གི་འཁོར་ཡུག་ཆུང་ཆུང་རེད། བྱས་ཙང་བེད་སྤྱོད་མེད་པ་འདྲ་ཞིག་འདུག་འ། གནས་སྟངས་འདི་འདྲ་ཞིག་ལ་ཐུག་ཡོད་རེད། ངས་བལྟས་ན་འཛམ་བུ་གླིང་ལ་མཁས་པ་མང་པོ་འདུག་འ། ཁ་བདེ་བོ་མང་པོ་འདུག་འ། དཔེར་ན་རྒྱ་ནག་དང་ཨ་རི་ལྟ་བུ་ལ་ག་ཚོད་མཁས་པ་འདུག དེ་ཚོས་བསྡུས་གྲྭ་སྦྱང་མྱོང་ཡོད་རེད་ཡོད་མ་རེད། བྱས་ཙང་དགོས་མཁོ་མི་འདུག་ཟེར་བའི་རྒྱུ་མཚན་གཅིག་དེ་རེད། ཁ་སང་མགོན་པོའི་བཤད་པ་ནང་བཞིན་རེད་སྐོར་ལོག་ཞིག་དང་ཚིག་འཁྲི་ཞིག་སྦྱང་བསྡད་ན་ག་རེ་ཕན་ཐོག་ཡོད་རེད། བྱང་ཁྱུང་ཡིན་ན་ཁྭ་ཏ་གཞི་གྲུབ་པའི་ཕྱིར། ཟེར་ལུགས་ལ་ལྟོས་དང་སྐད་ཆ་འདི་འདྲ་འཛམ་གླིང་གི་མི་ཞིག་ལ་བཤད་ན་སྨྱོན་པ་རེད་ཟེར་གྱི་རེད་འ། ད་སྨྱོན་པ་སུ་རེད་འདུགརིགས་ལམ་སྦྱང་ན་ཚད་མ་རིགས་གཏེར་འདྲ་བོ་ཞིག་སྦྱང་ན་ཡག་པོ་ཡོད་རེད། མཁས་གྲུབ་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་ཚོ་ཡག་པོ་ཞིག་ཡིན་བསམ་སོང་།མདོར་ན་ངས་བསྡུས་གྲྭ་འདི་བོད་གཞུང་གི་སློབ་གྲྭ་ལ་མ་བཞག་ན་ཡག་ཤོས་རེད་ཅེས་བསམ་ཆ་འདོན་གྱི་ཡོད། ང་ལས་མཁས་པ་ང་ལས་བཟང་བ་མང་པོ་ཞིག་གིས་བསྡུས་གྲྭ་ལ་བལྟ་ཚུལ་གང་འདྲ་རེད། བསྡུས་གྲྭའི་རིག་ལམ་གཞིར་བཟུང་བྱས་ན་ཚན་རིག་པ་དང་བགྲོ་གླེང་ཞིག་བྱས་ན་བསྡུས་ཚན་གྱི་ཕན་མི་ཐོག་ཟེར་གྱི་ཡིན། བོད་ཕྲུག་འདི་ཚོ་གནའ་དེང་གི་ཤེས་ཡོན་གཉིས་ལྡན་ཞིག་བྱེད་དགོས་པ་ང་རང་ཚོ་བོད་པའི་འགན་རེད་མ་གཏོགས་ཨུ་ཚུགས་རྐྱང་རྐྱང་བྱས་ནས་ལས་རྒྱུ་ཅང་ཡོད་ནི་མ་རེད། ཡང་རྒྱལ་བ་རིན་པོ་ཆེའི་གསུང་རེད་ཅེས་སྐད་ཆ་བཀག་བཞག་ན་དེ་ཡང་རྒྱལ་བའི་བཀའ་དང་མཐུན་གྱི་མ་རེད། རྒྱལ་བས་སངས་རྒྱས་ཀྱི་བཀའ་ལ་ཡང་དཔྱད་པ་རྒྱག་ཆོག་པ་ནང་བཞིན་ང་ཚོས་ག་རེ་ཡིན་ན་ཡང་དཔྱད་པ་རྒྱོབ་གསུངས་ཡོད་ནི་རེད། ཅེས་བཤད་འདུག་གོ
ང་རོ་ཞུ་ཞིག་གིས་བྲིས་པ། ༼༼ ༩༠༽ ང་རོ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༡ གི་ཆུ་ཚོད་ ༡༢ སྐར་མ་ ༡༠
ཨ་ ཨ་་་ མཆན་མང་པོ་བཏབ་འདུག མང་ཆེ་བས་བསྡུས་གྲྭའི་སྤྱིའི་རིན་ཐང་གི་ཆ་ནས་གླེང་གི་འདུག སྤྱིའི་ཆ་ནས་བསྡུས་གྲྭ་ལ་རིན་ཐང་ངམ་ཕན་ནུས་ཞིག་མེད་ན་འདི་འདྲའི་དར་ཁྱབ་ལ་ འགྲོ་ཐུབ་ཀྱི་མ་རེད་ལ། དེ་བས་ཀྱང་ལོ་འདི་འདྲའི་མང་པོའི་རིང་གནས་ཐུབ་ཀྱི་མ་རེད། དེ་ཙམ་ཡིན་་་་་
ངས་བསྡུས་གྲྭ་འདི་གད་ སྙིགས་ནང་དུ་གཡུག་ཞོག་ཟེར་བ་དེ་གཞི་རིམ་སློབ་ཕྲུག་ཚོའི་ངོས་ནས་བཤད་ཀྱི་ཡོད། དེ་ཡང་སློབ་ཕྲུག་བརྒྱ་ཆའི་དགུ་བཅུ་གོ་དགུའི་ངོས་ནས་བཤད་ཀྱིན་ཡོད། བསྡུས་གྲྭ་འདི་སློབ་ཚན་དུ་བཞག་པ་ནས་ལོ་ངོ་དེ་འདྲ་མང་པོ་ཞིག་གི་རིང་ལ་སློབ་ ཕྲུག་སྟོང་ཕྲག་མང་པོས་བསྡུས་གྲྭ་འདི་སྦྱངས་ཁུལ་བྱས་ཡོད། ང་ཚོའི་སློབ་ཕྲུག་ཚོས་བསྡུས་གྲྭ་སྦྱངས་བའི་ཤེས་ཚད་དང་བསྡུས་གྲྭས་ང་ཚོའི་ སློབ་ཕྲུག་ཚོར་བཞག་པའི་བློ་སྐྱེད། སློབ་ཚན་འདི་སྦྱོང་སྐབས་ངོ་མ་འཕྲོད་པ་དང་མ་ཤེས་པའི་དཀའ་སྡུག་དང་སེམས་ངལ། ད་དུང་འདིའི་ཐོག་ཏུ་བཏང་བའི་དུས་ཚོད་དང་འགྲོ་གྲོན་བཅས་ཀྱི་ལྕི་ཡང་ཞིག་ བསྡུར་ན་ད་གཟོད་ང་ཚོའི་སེམས་ལ་འབབས་རྒྱུ་ཞིག་ཡོད་ངེས།
གཞི་རིམ་སློབ་གྲྭ་ནས་མ་ གཏོགས་བསྡུས་གྲྭ་སྦྱངས་མ་མྱོང་བའི་ང་ཚོའི་མི་བུ་སུ་ཞིག་གིས་བསྡུས་གྲྭའི་ རིགས་ལམ་གྱི་འགྲོ་སྟངས་ཤེས་ཡོད། སུ་ཞིག་བསྡུས་གྲྭའི་རིགས་ལམ་ལ་བྱང་ཡོད། ཕལ་ཆེར་མཛུབ་མོ་འཛུགས་ས་རྙེད་ཀྱི་མ་རེད། དཔེར་ན། རྟ་དཀར་པོ་ཆོས་ཅན། དཀར་པོ་མ་ཡིན་པར་ཐལ། ཁ་དོག་མ་ཡིན་པའི་ཕྱིར། ཞེས་པ་འདི་ལ་གཞི་རིམ་སློབ་གྲྭ་ནས་མ་གཏོགས་བསྡུས་གྲྭ་སྦྱངས་མ་མྱོང་བའི་མི་ བུ་ཚོའི་ཁྲོད་དུ་ཤེས་ནས་ལན་འཐོབ་མཁན་བརྒྱ་ཆའི་ལྔའང་ཡོད་ཀྱི་མ་རེད། དེ་འདྲ་ཡིན་དུས་བསྡུས་གྲྭའི་རིགས་ལམ་གྱི་ཐོག་ནས་སློབ་ཚན་གཞན་ལ་བརྡར་ཤ་གཅོད་ པ་དང་། དེ་བཞིན་བློ་སྐྱེད། གཅིག་ཤེས་ཀུན་གྲོལ་ཟེར་བ་སོགས་ནི་རྒྱང་རིང་བར་སྣང་གི་སྐད་ཆའམ་ཕ་རིའི་སྤང་ རྒྱན་ཟེར་བ་དེ་རེད།
ངས་རྒྱུ་མཚན་འདི་འདྲའི་ ཐོག་ནས་བཤད་ཀྱི་ཡོད་མ་གཏོགས་དེ་མིན་སུ་ཞིག་གིས་མཛད་མིན་དང་ནང་ཆོས་དང་མཐུན་ མིན་ལ་བཅོལ་དོགས་བྱེད་ཀྱིན་མེད། ཕན་ཐོགས་ན་གང་ཡང་ལེན་ཆོག་གི་རེད་ལ། ཕན་མི་ཐོགས་ན་གང་ཡང་དོར་ཆོག་གི་རེད། བསྡུས་གྲྭས་ཕན་མི་ཐོག་གི་ཟེར་བའང་གཞི་རིམ་སློབ་གྲྭ་ཁོ་ནའི་ཐོག་ནས་བཤད་པ་ ཡིན།
# ༩༡༽ ང་རོ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༢ གི་ཆུ་ཚོད་ ༨ སྐར་མ་ ༠༩
སྤྱིར་ གཞི་རིམ་སློབ་གྲྭའི་སློབ་མ་བརྒྱ་ཆའི་བརྒྱ་ལ་བསྡུས་གྲྭའི་འགྲོ་སྟངས་ཙམ་ཡང་ ངོ་འཕྲོད་ཡོད་པ་མ་རེད་ཅེས་བཤད་ཐུབ་པ་ཞིག་རེད་མོད། འོན་ཀྱང་གོང་དུ་མཆན་འབྲི་མཁན་རེ་གཉིས་ཀྱིས་བསྡུས་གྲྭའི་རིགས་ལམ་ལ་བྱང་ཡོད་ མདོག་དང་། བློ་སྐྱེད་བྱུང་རབས་སོགས་གླེང་འདུག་པས་བརྒྱ་ཆ་གཅིག་དེ་ཚོའི་ཆེད་ཏུ་བཞག་པ་ ཡིན།
གཙོ་བོ་དེ་རིང་ངས་བཤད་ འདོད་པ་ནི། སློབ་གྲྭ་ཁག་ཏུ་ཧ་ཅང་གལ་ཆེན་དུ་བརྩིས་ནས་ཡིག་གཟུགས་སྦྱོང་བ་དང་། ཟློས་གར་སྦྱོང་བ། ཞལ་འདོན་འདོན་པ་འདི་ཚོའང་གད་སྙིགས་ནང་དུ་གཡུག་ན་འདོད་པས་ཁྱེད་ཅག་ལ་བསམ་ཚུལ་ གང་ཡོད་ཤེས་ན་འདོད་གི
༽༽ ཞེས་སོ།
ཡང་པད་མ་ཟེར་བ་ཞིག་གིས་འདི་ལྟར་བྲིས་འདུག
༼༼ད་རུང་ཞུ་རྒྱུ་ཞིག་ལ། ཚ་མ་རིགས་གཏེར་ལས། ཆོས་ཀྱི་གྲགས་པས་བོར་བ་ཡི། །ངན་རྟོག་ཕལ་ཆེར་བླུན་པོས་ལེན། །སྐྱུག་སྨན་བཏང་ནས་སྐྱུག་པ་ལ། །ཁྱི་ལས་གཞན་སུ་ཞིག་ཟ། །ཞེས་སོགས་ཟུར་བ་མང་དུ་གསུངས་པ་དེ་ཡང་སློབ་དཔོན་ཕྱ་པ་སོགས་ཀྱི་བསྡུས་གྲྭའི་བརྗོད་བྱ་ལ་རེད། ཕྱོགས་གླིང་དང་ཆོས་གྲགས་སོགས་ལ་རྒྱབ་འགལ་དུ་གྱུར་པ། ས་པཎ་དང་མི་ཕམ་སོགས་ཕུལ་བྱུང་གི་མཁས་པ་དེ་ཚོས་ཡང་ནས་ཡང་དུ་བཀག་པ། སྐྱུག་སྨན་བཏང་ནས་སྐྱུག་པའི་ཟན་འདི་ཡང་བསྐྱར་བོད་པའི་སློབ་ཕྲུག་ཚོར་སྟེར་སྦྱིན་བྱེད་ཀྱི་ཨེ་ཡིན།༽༽ ཞེ་བྲིས་འདུག
མགོ་པོ་ཞུ་བ་ཞིག་གིས་བྲིས་པ།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༨ གི་ཆུ་ཚོད་ ༨ སྐར་མ་ ༥༦
༼༼ངས་ བསྡུས་ར་རྩ་ནས་མི་དགོས་ཅང་ཟེར་གི་མེད། དེ་སྦྱངས་ན་ར་སྦྱོང་སྟངས་ཤིག་ཡོད་རྒྱུ་རེད། རིག་འབྱུང་གིས་ཁོ་རང་གི་མཉམ་མྱོངས་བཤད་འདུག དེ་ཡག་པོ་རེད། དགེ་སློབ་ཚང་མས་མཉམ་གཅིག་ཏུ་བགྲོ་གླེང་བྱས་ན་ལེགས་ཆ་ཉེ། ཡིན་ན་ཡང་། ཁྱེད་རང་གིས་ཤེས་དགོས་པ་ཞིག་ལ་ཁྱེད་རང་སློབ་མ་གཅིག་རེད། ཡང་དམིགས་བསལ་ཞིག་ལ་ཁྱེད་རང་ཐོག་མ་ནས་བོད་ཡིག་གི་རྨང་གཞི་ཡག་པོ་ཡོད་པའི་ སློབ་མ་ཞིག་རེད། བསྡུས་ར་སློབ་ན་ཡང་སློབ་རན་བསྡད་ཡོད་པ་རེད།
ད་གཞིས་ཆགས་ཀྱི་སློབ་མ་ ཚོར་བསམ་བློ་ཞིག་ཐོངས། སྤྱིར་བཏང་གི་སྒྲུང་ཞིག་ཀློག་དགོསནའང་དཀའ་ངལ་ཕྲད་ཀྱི་ཡོད་པ་རེད། ཚིག་མང་པོ་ཞིག་ཤེས་གི་ཡོད་པ་མ་རེད། ཕྲད་ཀྱི་འགྲོ་སྟངས་ཡག་པོ་ཞིག་ཤེས་གི་ཡོད་པ་མ་རེད། དེ་ནས་འབྲི་དགོས་བྱུང་ན་ཚིག་གྲུབ་ཆ་ཚང་ཞིག་འབྲི་ཐུབ་གི་མ་རེད། གལ་སྲིད་བསྡུས་ར་སློབ་དེབ་ནང་འཇོག་གི་ཡིན་ནའང་བོད་ཡིག་ལ་རྨང་གཞི་ཡག་པོ་ཞིག་ མ་ཆགས་པར་འཇོག་རྒྱུ་མི་འདུག
བོད་ཡིག་གི་རྨང་གཞི་ཟེར་བ་ཡང་གཙོ་བོ་འབྲི་བ་དང་ཀློག་པ་གཉིས་རེད
གཤམ་དུ་ང་ལ་དྲི་བ་ཁ་ཤས་ཡོད།
༡ བསྡུས་རས་མིང་ཚིག་དོན་དག་མི་ཤེས་པ་དེ་ཚོའི་དོན་ཤེས་པར་ཕན་ཐོགས་གི་རེད་དམ།
༢ ཕྲད་སྤྱོད་སྟངས་མ་ཤེས་པ་ལ་དེ་ཤེས་པར་བསྡུས་རས་ཕན་ཐོགས་གི་རེད་དམ།
༣ ཡི་གེའི་དག་ཆ་འབྲི་སྟངས་མ་ཤེས་སྐབས་བསྡུས་རས་ཕན་ཐོགས་གི་རེད་དམ།
༤ ཇི་བཞིན་བརྗོད་པའི་རྩོམ་ཐུང་ཞིག་འབྲི་དགོས་བྱུང་བའི་སྐབས་བསྡུས་རས་ཕན་ཐོགས་གི་རེད་དམ།༽༽ ཞེས་བྲིས་འདུག
ཡང་ང་རོ་ཞུ་བ་ཞིག་གིས་བྲིས་པ། ༥༡༽ ང་རོ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༧ གི་ཆུ་ཚོད་ ༡༢ སྐར་མ་ ༠༦
བསྡུས་ གྲྭའི་རིགས་ལམ་འདི་གྲྭ་སར་དགོས་མཁོ་ཡོད་ཀྱི་རེད། རྩོད་པ་བྱས་ཏེ་གཞུང་ལུགས་ལ་བརྡར་ཤ་གཅོད་དུས་ནམ་རྒྱུན་ཁ་རྩོད་རྒྱག་རྒྱག་བྱས་ ན་སྟབས་བདེ་བོ་ཡོད་ཀྱི་མ་རེད་ལ། དུས་ཚོད་ཀྱང་འཕྲོ་བརླག་ཡིན་རྒྱུ་རེད། དེ་ཡིན་དུས་ཐོག་མར་རིགས་ལམ་ལ་བྱང་དགོས་པ་གལ་ཆེན་པོ་ཡིན་རྒྱུ་རེད། གང་ལྟར་ངས་བསྡུས་གྲྭ་འདི་ཁ་རྩོད་རྒྱག་སྟངས་སྟབས་བདེ་ཞིག་རེད་བསམས། འོན་ཀྱང་གཞི་རིམ་སློབ་ གྲྭའི་སློབ་ཚན་དུ་བཞག་པ་ནི་སློབ་ཕྲུག་ཚོའི་དུས་ཚོད་འཕྲོ་བརླག་ཏུ་གཏོང་བྱེད་ ཅིག་ཡིན་པས་གད་སྙིགས་ནང་དུ་གཡུག་དགོས་པ་ངོ་མ་བདེན་པ་རེད། དེ་དང་མཉམ་དུ་ང་ལའང་གད་སྙིགས་ནང་དུ་གཡུག་རྒྱུ་ཞིག་ཡོད། དེ་ནི་ཡིག་གཟུགས་སྦྱོང་རྒྱུ་དེ་ཡིན། དེས་ཀྱང་སློབ་ཕྲུག་ཚོའི་དུས་ཚོད་དང་ལག་དངུལ་ཚང་མ་ཟས་འགྲོ་གི སྦྱངས་སྦྱངས་ཀྱང་རྗེས་སུ་ཕན་ཐོགས་མེད་གི དེང་སང་ཡི་གེ་ལག་འབྲི་བྱེད་མཁན་གྱི་དགོས་མཁོའང་མེད་ཀ ཞེས་བྲིས་འདུག
འདི་འདྲ་ཞིག་ཀྱང་བྲིས་འདུག ༣༨༽ མགོན་པོ་ཕྱག་གཉིས་པ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༦ གི་ཆུ་ཚོད་ ༢༢ སྐར་མ་ ༥༤
༼༼ད་འཛམ་བུ་གླིང་གི་ས་སྒང་རིལ་བོ་འདིའི་ཐོག་ནས་མི་མགོ་མཁྲེགས་པོ་ཅན་ཞིག་འཚོལ་ དགོས་ན་ཕལ་ཆེར་མགོ་འབབ་ས་དེ་བོད་ཀྱི་དགེ་བཤེས་དེ་ཚོ་ཡིན་རྒྱུ་རེད་གོ ཁོ་ཚོས་རྟགས་གསལ་ཡིན་ན་ཅིག་གཏོང་རྒྱུ་ཡོད་པ་དེ་མང་ཆེ་བ་རང་གི་ལྟ་བ་ཞིག་ མཁྲེགས་བཟུང་དང་ཨུ་ཚུགས་བྱེད་པའི་ཆེད་དུ་གཏོང་གི་འདུག རང་གི་ལྟ་བ་དེ་ག་དུས་ཡིན་ན་ཡིན་པའི་ཕྱིར། ཡིན་པར་ཐལ་ཟེར་ནས་སྐད་ཆེན་པོ་དེ་འདྲ་རྒྱབ། རྐང་པས་ས་རྡབ། ལག་པས་ཐལ་མོ་རྡབ་དེ་འདྲ་ཁྱད་མཚར་མོ་བྱེད་གི་འདུག གཞན་གྱིས་བཤད་པ་ཚང་མར་རྟགས་མ་གྲུབ། ཁྱབ་བ་མ་ཆུང་ཡིན་ན་ཅིག་ཟེར་ནས་དེ་ལ་རྒྱུ་མཚན་ཡོད་མེད་ལ་བསམ་བློ་ཁོ་རང་གཏོང་ གི་མི་འདུག ཨོ་རྩ་བ་ཉིད་ནས་ཁས་ཁོ་རང་ལེན་གྱི་མི་འདུག
དཔྲལ་བར་རྩ་ཆེན་ཞིག་དང་ མཇིང་བར་རྩ་ཆེན་ཞིག་སྦྲེངས་ནས་གནམ་འོག་གི་བདེན་པའི་གནས་ལུགས་ཚང་མ་ཁོ་རང་གི་ རྟགས་མ་གྲུབ་དང་ཡིན་པའི་ཕྱིར་ནང་ལ་ཡོད་བསམ་གི་མེད་འགྲོ་བསམ་པའི་ཚོར་བ་ཞིག་ རང་བཞིན་གྱིས་ང་ཚོར་སྟེར་བར་བྱེད།
འདི་ནས་མར་ངས་ཁྱེད་ཚོར་ སྒྲུང་ཞིག་བཤད། སྔོན་མ་ཞིག་ལ་ཨ་མདོ་བྱ་ཁྱུང་དགོན་པའི་གྲྭ་བ་ཞིག་བླ་བྲང་ལ་ཡོང་གི་ཡོད་པར། བླ་བྲང་གི་གྲྭ་བ་མགོ་མཁྲེགས་ཁ་ཤས་ཀྱིས་ལམ་ནས་སྒུག་བསྡད་པ་རེད་ཟེར། དང་པོ། ཨ་རོ་ཨ་ཁུ་ཆ་བོ། ཁྱེད་ཚོ་གང་ནས་ཡིན་དྲིས་པར། ངེད་ཚོ་བྱ་ཁྱུང་ནས་ཡིན་ལབ་པ་དང་། བྱ་ཁྱུང་ཡིན་ན་ཁྭ་ཏ་གཞི་གྲུབ་པའི་ཕྱིར་ལབ་པ་རེད་ཟེར། བྱ་ཁྱུང་གི་ཨ་ཁུ་ཞིག་གིས་བླ་བྲང་དགོན་པ་ལས་བྱ་ཁྱུང་དགོན་པ་རྙིང་པ་ཡིན་ཚུལ་ ཞིག་བཤད་པར། དེས་ན་རྭ་དང་རྣ་གཉིས་གི་ནང་ནས་སྔོན་ན་རྣ་སྐྱེས་ནི་རེད་དྲ་རྭ་གི་ངར་ག་ཟེར་ ནས་བྱ་ཁྱུང་གི་ཨ་ཁུ་དེ་ཚོ་ཁ་གྲག་རྒྱུ་མེད་པ་བཟོས་པ་རེད་ཟེར། མཚམས་མཚམས་དེ་འདྲའི་སྐོར་ལ་ཁོ་ཚོས་འཁོར་གསུམ་བསྐོར་བ་རེད་ཡིན་ན་ཅིག་ཟེར། ད་རུང་ཁ་ཤས་ཀྱིས་ཚར་བཅད་པ་རེད་ཡིན་ན་ཅིག་ཟེར། མདོར་དེད་ན། ཁོ་ཚོས་ཚིག་འཁྲི་ཞིག་དང་སྐོར་ལོག་ཅིག་བཤད་པ་ཙམ་རེད། བྱ་ཁྱུང་ནས་ཡིན་པ་དེ་ཚོ་སྔར་བཞིན་བྱ་ཁྱུང་གི་ཡིན་པ་དང་བྱ་ཁྱུང་ལབ་རང་ལས་ རྒན་པ་ཡིན་པའི་བདེན་པའི་གནས་ཚུལ་དེ་སྔར་བཞིན་ལས་འགྱུར་བ་གང་ཡང་གཏོང་ཐུབ་ ཡོད་པ་མ་རེད། ད་དེ་འདྲ་རེད། སའི་གོ་ལ་རིལ་རིལ་རེད་ཟེར་ན་ད་རུང་ར་མགོ་རིལ་དེ་ཚོའི་ནང་ན་ཁས་མི་ལེན་མཁན་ ཡོད་པ་རེད། ཁོ་ཚོའི་བསམ་ཚུལ་དེ་ནམ་ཡིན་ན་བདེན་པར་སྒྲུབ་དགོས་པ་རེད། དེ་ལ་འགྱུར་བ་ཡོད་པ་མ་རེད། དེ་འདྲ་ཡིན་ཙང་དགེ་བཤེས་ལགས་དང་རྩོད་པ་མ་བྱེད། ཀ་བ་ལགས་དང་རྡུང་ཁ་མ་རྒྱག་ཟེར་བའི་གཏམ་དཔེ་དེ་བྱུང་བ་རེད།
དོན་དངོས་སུ་གཏམ་དཔེ་དེས་ ཁོ་ཚོ་གླེན་པ་ཨུ་ཚུགས་ཆེ་བ་དེ་སྟོན་གི་ཡོད་པ་རེད་དེ། ཁོ་རང་ཚོའི་སེམས་ལ་ངེད་ཚོ་མཁས་པ་ཡིན་པ་དང་གཞན་གྱིས་གླགས་མི་འཁེལ་བ་དེ་སྟོན་ གི་ཡོད་བསམ་གི་ཡོད་པ་རེད། ཐེངས་གཅིག་ངས་དགེ་བཤེས་ འདི་ཚོ་ཅིའི་ཕྱིར་འདི་འདྲ་མགོ་མཁྲེགས་པོ་རྡོ་འདྲ་བ་རྐྱང་ཡིན་པའི་སྐོར་བསམ་ བློ་ཞིག་བཏང་བ་ཡིན། ད་དངོས་གནས་བཤད་ན་ཁག་མི་འདུག ཚེ་གང་བོར་ཡིན་པའི་ཕྱིར། ཡིན་པར་ཐལ་ཟེར་ནས་རང་གི་ལྟ་བ་སྒྲུབ། རྟགས་མ་གྲུབ། ཚ་ཟེར་ནས་གཞན་གྱི་ལྟ་བར་དགག་པ་རྒྱབ་དེ་འདྲ་བྱས་ཡོང་པ་རེད། ཁོ་རང་ཚོས་དགག་སྒྲུབ་ཡིན་ན་ཅིག་ཟེར་ནས་རྩ་ཆེན་པོ་ཞེད་པོ་རྩི་གི་མི་འདུག་གེཁོ་རང་ཚོས་ཁ་སངས་པོ་བྱས་ ནས་ཞེད་སྣང་འཚེར་སྣང་གང་ཡང་མེད་པར་ལྷོད་ལྷོད་བྱས་ཇ་འཐུང་ཞོར་དུ་ཤོད་ཀྱི་ འདུག་ག། ཡིན་པ་མིན་པར་སྒྲུབ་དགོས་པ་རེད། མིན་པ་ཡིན་པར་སྒྲུབ་དགོས་པ་རེད། ཨོ་ད་དེ་ཡིན། དེ་ཁོ་རང་ཚོའི་དམིགས་ཡུལ་ཡང་རེད།༽༽ཅེས་བྲིས་སོ།
ཁ་བརྡའི་རྡ་ཐོག་ཏུ་འདི་འདྲ་ཞིག་བྲིས་འདུག
༼༼ལ་ལས་ཟེར་ན་བསྡུས་གྲྭ་ སྦྱངས་ན་ཁ་བདེ་བོ་ཆགས་ཀྱི་རེད་ཟེར། ད་ལྟ་བར་དུ་འཛམ་གླིང་རྒྱལ་ཁབ་ཀུན་ལ་གྲགས་པའི་མཁས་པ་དང་ཁ་བདེ་བོ་བགྲངས་ལས་འདས་པ་ཞིག་གིས་རྒྱལ་སྤྱིའི་སྡིངས་འདྲ་མིན་གྱི་ཐོག་ནས་སྐད་གྲགས་བཞག་མྱོང་ཡོད་པ་དེ་ཚོས་བོད་པའི་བསྡུས་གྲྭ་སྦྱང་བའི་ལོ་རྒྱུས་མེད་ལ། བོད་བསྡུས་གྲྭ་ལ་མགོ་དཀར་དཀར་དུ་སྦྱངས་པ་དེ་ཚོ་ཁ་བདེ་བོ་རེད་ཟེར་མཁན་གྱི་ འཛམ་གླིང་གི་མཁས་པ་མ་བྱུང་མི་བྱུང་འབྱུང་བར་མི་འགྱུར་བ་ཡིན། ཡང་བསྡུས་གྲྭ་ཟེར་བ་འདི་སངས་རྒྱས་ཆོས་ལུགས་ཤིག་ཡིན་ནམ་སྙམ་ན་དེ་ནི་མ་ཡིན་ཏེ་སངས་རྒྱས་གྱི་བཀའ་དང༌། རྒྱ་གར་མཁས་པས་མཛད་པའི་བསྟན་འགྱུར་ཆེན་མོ་ཟེར་བའི་བཀའ་བསྟན་གླེགས་བམ་སུམ་ བརྒྱ་ལྷག་ཅིག་ཡོད་པ་དེར་ལྟོས་དང་བསྡུས་གྲྭ་ཟེར་རྒྱུ་ཞིག་ཡོད་ནི་མ་རེད། དེས་ ན་སློབ་དཔོན་ཕྱཱ་པ་ཆོས་སེང་སོགས་བོད་ཀྱི་དགེ་བཤེས་འགའ་ཞིག་གིས་ཨ་ནེ་མགོ་སྐོར་དང་ཉི་མ་འགྲོ་བྱེད་ཙམ་ཞིག་གི་ཆེད་དུ་བརྩམ་པའི་ཕྱིན་ཅི་ལོག་གི་རིག་པ་ཤེས་རབ་འཆལ་བར་བྱེད་པ་ཞིག་ཡིན་པར་བཤད་ཡོད། འཇུ་མི་ཕམ་པས་མཛད་པའི་བརྡ་ཤན་འབྱེད་ཐེ་ཚོམ་གྱི་དྲྭ་བ་གཅོད་པའི་རལ་གྲི་ཟེར་བ་ཞིག་འདུག་པ་དེའི་ནང་དུ། བསིལ་ལྡན་འདི་ན་ཆོས་སེང་སོགས། །རིག་པ་རྣོ་བའི་འཕྲུལ་གར་གྱིས། །བློ་གསལ་རྨོངས་སུ་བཅུག་པའི་ངག །ད་ནི་གཞུང་སྨྲ་རྒད་པོས་ཀྱང༌། །རྗེས་བརྗོད་སྨྲ་བས་གཞུང་བཟད་བསླད། །སྨྲ་བ་འདི་འདྲའི་མཁས་རློམ་པ། །མགུ་ཡང་བདག་ཅག་འདི་རྗེས་སུ། །བྲག་ཆ་བཞིན་དུ་མ་ཞུགས་སོ། །ཞེས་བཤད་འདུག་པར་བལྟས་ན་ནང་ཆོས་ལ་ཕན་ཐོག་ཅི་ཡང་ཡོད་ས་མ་རེད། འཇུ་མི་ཕམ་པ་ཁོང་རང་གིས་མཛད་པའི་བསྡུས་ཚན་རྩོད་རིག་སྨྲ་བའི་སྒོ་འབྱེད་ཅེས་ པའི་གཞུང་དེ་ཡང་ཕྱིན་ཅི་ལོག་གི་རིགས་པ་བསྡུས་གྲྭའི་རིགས་པ་འདི་འགོག་པའི་ཆེད་དུ་མཛད་པ་རེད་ཟེར་ངས་མི་ཤེས། ཡང་ལ་ལ་ཞིག་གིས་བསྡུས་གྲྭ་འདིས་སངས་རྒྱས་བསྟན་པ་ལ་རྒོལ་བ་འགོག་པའི་ཆེད་ དགོས་པ་ཁྱད་པར་ཡོད་ཟེར་ཡང༌། གནའ་དེང་གི་བསྟན་པ་ལ་རྒོལ་བའི་མཁས་པ་སུ་ཞིག་བསྡུས་གྲྭའི་རིགས་པས་ཚར་བཅད་པའི་ལོ་རྒྱུས་མེད་ལ། དེང་སང་ཞོགས་དུང་སོགས་ནང་ཆོས་ལ་རྒོལ་བ་དངོས་སུ་བྱུང་བའི་སྐབས་ཀྱང་བོད་པའི་ བསྡུས་གྲྭ་ལ་སྦྱངས་བའི་དགེ་བཤེས་དེ་ཚོས་བསྡུས་གྲྭའི་རིག་པའི་སྒོ་ནས་ལན་རྣམ་དག་ཅིག་ནམ་ཡང་ཐེབ་མི་སྲིད་པ་མངོན་སུམ་གྱིས་གྲུབ་པ་བཞིན་ནོ། ལ་ལས་བསམ་ན་བསྡུས་གྲྭ་ཤེས་ན་དཔེ་ཆ་སྤུས་དག་པོ་ཤེས་ཀྱི་རེད་སྙམ་ན་རྒྱན་དྲུག་ རྗེས་འབྲང་དང་བཅས་པ་ལྟ་བུ་དཔེ་ཆ་སྤུས་དག་པོ་ཤེས་མཁན་དེ་ཚོས་བསྡུས་གྲྭ་སྦྱང་ མ་མྱོང་བ་བཞིན་བོད་ཀྱི་མཁས་པ་བགྲངས་ལས་འདས་པ་ཞིག་བྱུང་བ་མང་ཆེ་བས་བསྡུས་ གྲྭ་སྦྱངས་མྱོང་མེད། བྱས་ཙང་འདི་ནི་བོད་པའི་སློབ་ཕྲུག་ཚོའི་དུས་ཚོད་འཕྲོ་བླག་གཏོང་བའི་ཆེད་ཤེས་ རིག་ལས་ཁུངས་ནས་བཞག་པ་ཡིན་ས་རེད། གནའ་དེང་གང་ལ་ཡང་དགོས་མཁོ་སྤུ་ཙམ་མེད་པར་ཁ་མཚམས་བཅད་དེ་བཤད་ཆོག་འཛམྦུའི་གླིང་གི་མཁས་པ་སུ་ལ་ཡང་བསྡུས་གྲྭའི་སྒོ་ནས་བགྲོ་གླེང་ཙམ་ཡང་བྱེད་མི་ནུས་པའི་རིགས་པ་འདི་ནི་གད་སྙིགས་ནང་དུ་གཡུག་བཞག་ན་ཡག་ཤོས་རེད། བོད་གཞུང་གི་སློབ་ཕྲུག་འདི་ཚོས་བོད་ཡིག་སྤུས་དག་པོ་ཞིག་འབྲི་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན་པའི་དཀའ་ངལ་འདི་སེལ་བའི་ཆེད་དུ་སུམ་རྟགས་དག་གསུམ་སྤུས་དག་པོ་ཞིག་སྦྱངས་ཐུབ་ན་དགའ་བ་ལ། ༽༽
ཞེས་བཤད་འདུག་པ་ལ་བསམ་ཚུལ་མང་པོ་བྲིས་འདུག་རེ་ཟུང་འོག་ཏུ་འགོད་ཆོག
ཨ་རོགས་བོད་ཤར་ཁྲག་རུས་གསུམ་ལགས་ཁྱེད་ཀྱི་མཚན་ཉིད་རིག་པ་ལ་བློ་ཁ་གཏད་མྱོང་མེད་པ་འདྲ་གང་ཡིན་ཞེ་ན་ངས་གོང་འདོད་ལེན་ཞིག་པ་དེ་ཉིད་ཀྱི་འདོད་ཆགས་ལ་གོ་འདུག་དེས་ན་འདོད་ཞིག་པ་དེ་མཚན་ཉིད་རིག་པ་ནང་ལ་ལན་སྤྲོད་སྟངས་རྣམ་པ་བཞིའི་ནང་གི་གཅིག་རེད་དེ་དོན་དགོངས་འཇགས་འཚལ།
མཚན་ཉིད་རིག་པའི་སློབ་གསོ་སྤྲོད་སྟངས་ནི་དེང་སྐབས་མཚོ་སྔོན་བརྙན་འཕྲིན་ཁང་གིས་གཏོང་བཞིན་འཆད་ཁྲིད་མུན་གསལ་སྒྲོལ་མེའི་ནང་གི་མཚན་ཉིད་རིག་པའི་ངོ་སྤྲོད་སྐོར་དེ་འདྲ་ཞིག་ཡིན་ཡོང་རྒྱུ་ན། དངོས་བྱིས་པའི་བློ་རིག་བཀྲ་བར་ཕན་རླབས་ཆེན་པོ་ཞིག་འབྱུང་བར་གདོན་མི་ཟ། དེ་མིན་བུམ་པ་དངོས་པོ་ཡིན་མིན་དང་། རི་བོང་གི་རྭ་ཡོད་མེད་སོགས་ཅི་ཙམ་བརྩད་ཀྱང་མཐར་རང་ཉིད་ཀྱི་སྤྱི་ཚོགས་བྱ་བའི་དགོས་མཁོ་དང་བསྟུན་མི་ཤེས་པ་དང་། ལྷག་དོན་དུ་དེ་ལྟ་བུའི་རིག་ལམ་སློབ་ཁྲིད་བྱེད་སྟངས་དེས་བྱིས་པ་མང་པོ་ཉོབ་སྣང་དང་ལ་ལར་རྣམ་གཡེང་གི་དུས་ཚོད་སྤྲོད་པ་ཙམ་ལས། བློ་རིག་ཡར་རྒྱས་དང་སྤྱང་གྲོང་ལྡན་པ་ཞིག་ཆགས་པར་ཕན་ཐོག་ཅི་ཡང་མི་འདུག་པར་འདོད། དེ་བས་མཚན་ཉིད་རིག་པའི་སློབ་སྦྱོང་སྤྲོད་སྟངས་དེ་ཡང་། ཁ་སྐད་དང་འགྲེལ་བཤད་ཀྱི་ལམ་ནས་བློ་དང་རིག་པ། ཡུལ་དང་ཡུལ་ཅན། དེ་དེ་ལ་འཇུག་ཚུལ་དང་དེས་དེ་འཛིན་སྟངས་སོགས་ངོ་སྤྲོད་གཙོར་བཟུང་གིས་ཁྲིད་ན་ལས། ཡིན་པར་ཐལ་དང་ཡིན་པས་ཕྱིར་སོགས་ཀྱིས་དུས་ཚོད་བསྐྱལ་ཙམ་ལས་ཕྱིས་སུ་བྱིས་པའི་རང་བློར་འཚམ་པའི་ཤེས་བྱའི་གནས་ལ་བེད་སྤྱོད་བྱེད་ཤེས་ཀྱི་མེད། འདི་བསམ་ཚུལ་ཙམ་ཡིན།
སློབ་གྲྭའི་ཕྲུ་གུ་ཁག་ཅིག་གིས་ཁ་དོག་དཀར་དམར་ཅུང་ཟད་རྩོད་ཤེས་པར་རང་སྐྱ་འཕེར་བའི་ཁྱབ་པ་ཨེ་ཡོད་དམ།
དྷ་ཞོལ་བོད་ཁྱིམ་སློབ་གྲྭ་རང་སྐྱ་འཕེར་བ་ཡིན་ཟེར ?
དྷ་ཞོལ་བོད་ཁྱིམ་སློབ་གྲྭ་རང་སྐྱ་འཕེར་ཡོད་ཟེར་བའི་འགོ་བརྗོད་མཐོང་བ་དང་བདག་གི་སེམས་སུ་གློ་བུར་དུ་ཤར་བ་ནི། དྷ་ཞོལ་བོད་ཁྱིམ་ཤེས་ཡོན་གྱི་ཐད་ནས་རང་སྐྱ་འཕེར་ཡོད་པར་བསམ་སྟེ་འདི་ནི་བཙན་བྱོལ་སྤྱི་ཚོགས་སུ་དངོས་སུ་མཁོ་བའི་གནས་ཚུལ་ཡག་པོ་ཞིག་ཡིན་པར་འདོད་པ་དང་ལྷན་དུ་གསར་འདིའི་མགོ་ནས་ཅུང་ཙམ་བཀློགས་པ་ན། དེ་ནི་ངས་གོ་བ་ལེན་སྟངས་དང་རྦད་དུ་ལོགས་ཀ་རེད།
གསར་འགྱུར་འདིས་ང་ཚོའི་སྤྱི་ཚོགས་ཀྱི་བསམ་བློའི་འདུ་ཤེས་ཁྱེར་སྟངས་ཤིག་ཏན་ཏན་མངོན་འདུག་པའི་ཚོར་བ་རྙེད་པ་ནི། ང་ཚོས་དུས་རྒྱུན་དུ་དཔལ་འབྱོར་ཨང་དང་པོ་དང་སློབ་གསོ་ཨང་གཉིས་པར་འཇོག་གི་ཡོད་པ་འདི་ཡིན། འདི་མཐའ་གཅིག་ཏུ་ནོར་འདུག་ཅེས་བཤད་དཀའ་ན་ཡང་། གནད་དོན་འདིའི་འོག་ཏུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་དཔལ་འབྱོར་གྱི་དཀའ་ངལ་མེད་པ་དང་ཤེས་ཡོན་སྐྱོ་བོ་ཡིན་པའི་གནད་དོན་འདི་འདུས་པ་ཡིན།
གང་ལྟར་ཀྱང་སློབ་གྲྭ་ཞིག་རང་སྐྱ་འཕེར་དགོས་ན་སློབ་གསོའི་ཐད་ནས་རང་སྐྱ་འཕེར་དགོས་པ་ཨང་དང་པོར་འཛིན་དགོས་ལས་དཔལ་འབྱོར་གྱི་ཐད་ནས་འཛིན་མི་རུང་བར་འདོད།
མ་འོངས་བའི་སོན་རྩའི་རེ་བ་ཆེ་དགའ་བསུ་ཡོད།
ཡར་ངོས་ཟླ་ལྟར་འཕེར་ཐུབ་པའི་རེ་བ་ཆེན་པོ་ཡོད།
མ་འོངས་བོད་ཀྱི་སོན་རྩ་གཞོན་སྐྱེས་ཚོར་རེ་བ་ཧ་ཅང་ཆེ། དེ་དང་མཉམ་དུ་སྒྲུབ་བསྟན་གྱི་མངའ་བདག་རྒྱལ་བ་ཀརྨ་པ་མཆོག་ལའང་རེ་བ་རྣལ་མ་ཞིག་བྱ་ཆོག་པར་བོད་མི་རྣམས་དགའ་འོས་པ་ཞིག་མ་ཡིན་ནམ།
བུ་ཆུང་དེས་ཁ་ལ་བལྟས་དུས། འདོད་ཟེར་བཞིན་ལོས་ཡིན་སྙམ་པ་ཞིག་ཤར་གྱི་འདུག ཧཧཧ འཁྲིས་སུ་བུ་མོ་འདིས་ཁ་དལ་ནས་རྗེས་མ་ཟིན་པ་འདྲ།
གྲོགས་པོ་ལགས་ཁྱེད་ཀྱིས་བཤད་སྟངས་ལ་ལྟས་ན་མིང་དོན་མཚུངས་པས་བོད་པ་ཞིག་ཡིན་ཚོད་གདའ། ཡིིན་ནའང་དང་ཐོག་རང་ཉིད་ཞུས་དག་ཡག་པོ་བྱས་ཏེ་
གཟོད་ཁ་ཕྱིར་སྐོར་ན་གང་འདྲ་འདུག
ཨའུ་ད་དུང་དྲྭ་གྲོགས་བསྟན་ཡར་ལགས་ཁྱེད་ཀྱིས་ངའི་རྟགས་དེ་ལ་ཁྱབ་པ་མ་ངེས་སྤྲོད་འདུག་ཡིན་ནའང་དོན་ངོ་མ་ཐོག་ད་ལྟའི་མི་རབས་གསར་པ་འདི་ཚོ་བཀའ་བློན་དང་སྤྱི་འཐུས་སླེབས་ངེས་རེད་དེ་དུས་གྲོགས་པོ་ཁྱེད་ཀྱི་ངའི་རྟགས་ལ་འདོད་ལེན་རྣལ་མ་ཞིག་སྤྲོད་རྒྱུ་ཐག་ཆོད།
བོད་ཀྱི་དུས་བབ་ལགས།
དེ་རིང་ངས་གསན་ཤེས་ན་ཤ་ཚ་བའི་སྐྱོན་བརྗོད་ཕྲན་བུ་ཡིན་ལ། དེ་མིན་ལ་རྣ་ཚ་བའི་གཏམ་ཞིག་ཀྱང་ཆགས་སྲིད། གང་ལྟར་སྔ་ཕྱི་ཅི་འོང་ངས་བཤད་དཀའ། འོན་ཀྱང་ང་ལ་ཞུ་འདོད་ཆེན་པོ་འདུག
གསར་འགྱུར་བརྒྱུད་ལམ་ཁག་དང་། ལྷག་པར་དུ་བོད་ཀྱི་དུས་བབ་དང་། བོད་ཀྱི་བང་ཆེན་གཉིས་ནི་བཙན་བྱོལ་དུ་འགྲོ་རྒྱུག་ཆེ་བའི་ཚགས་ཤོག་ཅིག་ཡིན་སྟབས། དེ་དག་གི་ཁྲོད་དུ་ཚིག་གཏིང་ཚུགས་ཟིན་པ་རྣམས་བེད་སྤྱོད་གཏོང་རྒྱུ་གལ་ཆེ་བ་མ་ཟད། དག་ཆ་གང་ལེགས་འགོད་རྒྱུར་གཙོ་འདོན་གནང་གལ་ཆེ། དེ་མིན་གཞོན་སྐྱེས་ཚོ་དང་ཡིག་འཕེར་དེ་ཙམ་མིན་པ་ཚོས་ཚགས་ཤོག་ཏུ་བཏོན་ཟིན་པ་ཚད་མར་བཟུང་ནས་བེད་སྤྱོད་རབ་དང་རིམ་པ་བཏང་བའི་ཉེར་ལེན་གྱིས། གང་འཚམས་ནས་ནོར་བ་རྒྱུན་འབྱམས་ཆགས་མི་སྲིད་པ་མིན། དེར་བརྟེན་ཁྱེད་ཅག་ལ་དེའི་ཐུགས་འགན་ཡོད་པ་བཞིན། གང་གཟབ་གནང་སྐྱོང་ཡོང་བ་ཞུ། དཔེར་ན་ 《ངྷ་ཞོལ་སློབ་གྲྭ་རང་སྐྱ་འཕེར་བའི་སློབ་གྲྭ་དང་པོ་དེ་ཆཊ་ཡོད།》 ཅེས་པའི་ཐད་དུ། དྷ་ཤོད་ཅེས་པའི་ཐ་སྙད་སྦྱར་ཟིན་སྟབས། དོན་དག་གཅིག་པའི་ཚིག་དྷ་ཞོལ་ཞེས་བེད་སྤྱོད་པ་མི་ལེགས་སྙམ། དེ་ལྟར་འོས་ན། ནོར་འཛོམས་ཞེས་པའི་བུ་མོ་ལ་གཡང་འཛོམས་ཞེས་འབོད་རུང་ཡང་། ཁྱེད་ཉིད་ལ་དེའི་སྐབས་དང་དུས་སུ་བུ་མོ་ནོར་འཛོམས་ཀྱིས་ཨ་ལན་རག་རྒྱུ་ཉིན་གྱི་སྐར་མ་རེད། དེ་བཞིན་དེའི་ནང་དུ་འདྲ་ཆགས་པོ་ལ་དྲ་ཆགས་པོ་དང་། གང་འཚམས་སམ་གང་ཙམ་ལ་གང་འཚམ། ཅོན་ཏ་ར་ལ་ཅོན་ད་ར། གོ་པལ་པུར་ལ་གྷོན་པ་པིར། སློབ་གྲྭ་ལ་སློག་གྲྭ། སྦྱངས་འབྲས་ལ་སྦྱང་འབྲས། ཕྱི་རོལ་མུ་སྟེགས་པ་ལ་མི་རྟག་པ། ལྟ་བུའི་ཡིག་ནོར་མང་བས། ཕྱིན་ཆད་དེ་ལྟར་མི་ཡོང་བའི་རེ་སྐུལ་སྙིང་ཐག་པ་ནས་ཞུ།
ཡང་ཡོངས་གྲགས་ཀྱི་ཚིག་ལས་ལོགས་སུ་སྲུང་གཙི་ཞེས་པའི་གསར་བཏོད་ཀྱི་ཚིག་ཅིག་བེད་སྤྱད་དང་སྤྱོད་བཞིན་པས། བོད་ཀྱི་རིག་གཞུང་ལ་ཞབས་འདེགས་ཞུ་ཡི་ཡོད་མེད་ཐེ་ཚོམ་གྱི་དྲྭར་ཚུད། དེ་བཞིན་ཡོངས་གྲགས་ཀྱི་ཚིག་ད་རེས་ཞེས་པའི་ཚབ་ཏུ་ད་རེབ་ཅེས་པའི་ཚིག་གིས་འགྲོ་དོན་རྒྱས་སམ་ཉམས་ལའང་དཔྱད་དགོས་སྙམ། ཡང་བོད་ཀྱི་ཐུན་མིན་འགྲོས་ལ་མེད་པའི་རྫོགས་མ་རྗེས་ཞེས་བེད་སྤྱད་པ་ནི། བརྗོད་ཀྱང་མི་བདེ་ལ་སྲོལ་རྒྱུན་གྱི་ཚིག་འགྲོས་རྫོགས་མ་ཐག་ཅེས་པའི་སྐུ་ཚབ་བྱེད་མི་ཐུབ་སྙམ། ཡང་མགོ་བཙུགས་ཞེས་མས་འཕུལ་ཨུ་ཚུགས་མཐར་སྐྱེལ་བྱེད་ཀྱང་། འགོ་བཙུགས་པའི་ཞེ་ཚིག་ལ་དབུ་བཙུགས་པའི་ཞེ་ཚིག་ཐོབ་པའི་ཆ་ནས། འས་འཕུལ་ཚབ་ཏུ་མས་འཕུལ་བྲིས་པ་ནི་རིགས་བསྒྲེས་དྲགས་པའི་སྐྱོན་དུ་མཐོང་། དེ་ལྟར་འདོད་ན། ནགས་ཚལ་གྱི་ནགས་དང་ཁ་དོག་ནག་པོ་ཞེས་པའི་ནགས་དང་ནག་གི་དོན་མཚུངས་པས། ནགས་ཚལ་དང་ནགས་པོ་ཞེས་ས་ཡང་འཇུག་ཅན་ནམ། ནག་ཚལ་དང་ནག་པོ་ཞེས་ཡང་འཇུག་མེད་པ་གཅིག་མཚུངས་བྲི་དགོས་སྙམ།
ངས་འདིར་བཀོད་པ་ནི་སྡང་ཟུག་གི་དྲི་མས་བསླད་དེ་སྐྱོན་བརྗོད་བྱས་པ་དེ་འདྲ་མིན། དུས་རྒྱུན་དུ་སོ་སོས་ནུས་པ་ལ་དཔག་པའི་བོད་ཀྱི་སྐད་ཡིག་དེ་གང་མཐོར་སླེབས་ཐབས་ལ་འབད་བརྩོན་ཞུ་མཁན་ཞིག་ཡིན། སོང་ཙང་ཁྱེད་ཅག་གིས་ཕྱིན་ཆད་ཀྱི་གསར་འགྱུར་སྤེལ་རིམ་ལ་ཐུགས་གཟབ་གནང་སྐྱོང་ཡོང་བ་ཞུ།
རེ་བ་འདུག རེ་བ་འདུག
ཕྱི་རོལ་མི་རྟག་པའི་གཞུང་ཟེར་བ་འདི་ཕལ་ཆེར་ཕྱི་རོལ་མུ་སྟེགས་པའི་གཞུང་ལ་གོ་དགོས་པ་འདྲ།
དུས་ཀྱི་འགྱུར་བ་ཟེར་བ་དེ་ངོ་མ་ཇི་འདྲའི་ཡ་མཚན་ཅན་ཞིག་རེད། སྔར་ནང་དོན་རིག་པ་འདི་བོད་དུ་དར་ནས་ལོ་ངོ་རྒྱ་ཕྲག་དང་སྟོང་ཕྲག་སོང་ཡང་གཞི་རིམ་མང་ཚོགས་འཁྲོད་བསླབ་གཉེར་བྱེད་རྒྱུའི་གོ་སྐབས་ཤིག་རག་མེད།
ད་ཆ་རང་ཡུལ་ཤོར་ནས་མི་ཡུལ་དུ་འཚོ་གནས་བྱེད་དུས་གཞི་ནས་འདི་འདྲའི་གོ་སྐབས་བཟང་པོ་ཞིག་རྐྱེན་ངན་གྲོགས་སུ་ཤར་བ་མིན་ན་སྙམ།
རྟགས་དེ་ལ་ཁྱབ་པ་རང་ད་མི་འདུག་ཀྱང་ཁག་ཅིག་ལ་དེ་བཞིན་ཡིན་པ་དངོས་ཡོད་རེད།
སློབ་གྲྭ་དེ་ཚོ་ཆུང་དུས་ཡག་ཐག་ཆོད་ཡོད་རེད་དེ་རྗེས་སུ་བོད་པའི་སྤྱི་ཚགོས་ནང་ཚུར་ཕེབས་དུས་ཞེན་འགོག་དང་ཕྱོགས་རེས་རྐྱང་རེད་གང་ཡིན་ཟེར་ན་ད་ལྟའི་མི་རབས་འདི་དག་ཀྱང་དེ་བཞིན་ཡིན་པས་ཕྱིར།
ཁ་སང་སློབ་ཕྲུག་ཚོའི་རིག་ལམ་རྩོད་སྟངས་དེ་དངོས་སུ་མཐོང་བས་ང་ཚོའི་མ་འོངས་པའི་གཞོན་སྐྱེས་ཚོར་རེ་བ་རྒྱག་ས་ཅིག་འདུག་ཨ་བསམ་པ་ཞིག་རང་བཞིན་གྱིས་ཤར་བྱུང༌།