མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་བྱེད་ཚོ་ཐུགས་རྗེ་ཆེ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

ངྷ་རམ་ས་ལའི་མདོ་སྨད་ས་རྒྱུན་གྱི་གོ་སྒྲིག་འོག གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་གི་མདོ་སྨད་ཀྱི་ལས་བྱེད་ཡོངས་ལ། ལྔ་བཅུའི་དུས་དྲན་དང་སྟབས་བསྟུན་ཏེ། འདས་པའི་བགྲང་བྱ་ ༥༠ རིང་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་ཞབས་ཞུ་ཞུས་པར་ཐུགས་རྗེ་ལེགས་གསོལ་ཞུས་ཡོད།  

ཕྱི་ཚེས་ ༡༠ ཉིན་བཞུགས་སྒར་ངྷ་རམ་ས་ལའི་མདོ་སྨད་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག ནོར་བུ་གླིང་ཁའི་ཉེ་འཁྲིས་ཀྱི་སྤང་ཐང་ཞིག་ནས་བོད་པ་སྐྱབས་བཅོལ་དུ་འབྱོར་ཏེ། མི་ལོ་ཧྲིལ་བོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན་ཏེ། ངྷ་རམ་ས་ལ་དང་གངས་སྐྱིད་ཁུལ་གྱི་གཞུང་གི་ལས་ཁུངས་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་ཏུ་ཕྱག་ལས་གནང་བཞིན་པའི་མདོ་སྨད་ཕྱོགས་ཀྱི་ལས་བྱེད་ཡོངས་ལ། འདས་པའི་བགྲང་བྱ་ལྔ་བཅུའི་རིང་སྤྱི་ནོར་༧གོང་ས་མཆོག་གཙོ་བྱས་ཏེ། བོད་གཞུང་དམངས་ལ་ཞབས་ཞུས་ལས་དོན་ཧུར་ཐག་གནང་བར་ཐུགས་རྗེ་ལེགས་གསོལ་གྱི་ཐུགས་སྤྲོ་ཞིག་འདེགས་འབུལ་ཞུས་ཡོད་འདུག་ལ། ཐུགས་རྗེ་ལེགས་གསོལ་གྱི་གསོལ་སྟོན་དེའི་སྟེང་མདོ་སྨད་ཕྱོགས་ཀྱི་ལས་བྱེད་ ༡༣༠ ཙམ་ཕེབས་ཡོད་འདུག

 

དེ་རིང་ཕྱི་ཚེས་ ༡༢ ཉིན་འདི་གའི་གསར་འགོད་པའི་ཁ་པར་བརྒྱུད་ངྷ་རམ་ས་ལའི་མདོ་སྨད་ས་རྒྱུན་ཚོགས་གཙོ་གཡང་མཁོ་རྒྱལ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། ང་ཚོ་སྐབས་བཅུ་གཅིག་པའི་ངྷ་རམ་ས་ལའི་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ངོས་ནས། ལྔ་བཅུའི་དུས་དྲན་དང་བསྟུན་ཏེ། འདས་པའི་ལོ་ངོ་ལྔ་བཅུའི་རིང་༧གོང་ས་མཆོག་གཙོས་པའི་བཙན་བྱོལ་བོད་གཞུང་དང་མི་དམངས་ལ་གང་ནུས་ཅི་འཇོན་གྱིས་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པའི་གངས་སྐྱིད་ཀྱི་ལས་ཁུངས་ཁག་དང་ངྷ་རམ་ས་ལ་ཁུལ་གྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་ཏུ་ཕྱག་ལས་གནང་བཞིན་པའི་མདོ་སྨད་ཕྱོགས་ཀྱི་ལས་བྱེད་དང་སྲི་ཞུ་བ་ཡོངས་ལ། ཐུགས་རྗེ་ལེགས་གསོལ་གྱི་ཐུགས་སྤྲོ་སྟབས་བདེ་ཞིག་བཏང་པ་ཡིན། སྐུ་མགྲོན་ཚང་མས་སོ་སོ་ངོ་སྤྲོད་ཙམ་ལས་གཏམ་བཤད་དང་ལས་རིམ་གཞན་གང་ཡང་མེད་པའི་ཐོག་ནས་རྩེད་མོ་འདྲ་མིན་རྩེད་བ་རེད། ཉེ་ཆར་བོད་ནས་ཕེབས་པའི་སྒྱུ་རྩལ་པ་མགོ་ལོག་ཟླ་བྷེ་ཡང་ཕེབས་འདུག ཅེས་དང་།

 

ཁོང་གིས་མུ་མཐུད་དུ་བརྗོད་དོན། ཕྱི་རྒྱལ་ཁག་ཏུ་ཕེབས་ཟིན་པ་རེ་ཟུང་ཙམ་ལས་མདོ་སྨད་ཕྱོགས་ཀྱི་གནད་ཡོད་མི་སྣ་དང་གཞུང་དམངས་ལ་ཞབས་ཞུ་སྒྲུབ་མཁན་མང་ཆེ་བ་ངྷ་རམ་ས་ལ་ཁུལ་དུ་བཞུགས་ཡོད་པ་རེད། ཐེངས་འདིར་སྡོམ་པའི་ལས་བྱེད་བརྒྱ་དང་སུམ་ཅུ་ཙམ་ཕེབས་འདུག གང་འཚམ་ཡག་པོ་བྱུང་སོང་དྲན་ཡོད། ད་ལོའི་སྤྱི་ཟླ་ ༦ ནང་ང་ཚོའི་ངོས་ནས་སྔོན་མ་བོད་པ་བཙན་བྱོལ་དུ་འབྱོར་བའི་ཁ་ཐུག་ལ། དཀའ་ལས་རྒྱག་མཁན་མདོ་སྨད་ཕྱོགས་ཀྱི་རྒན་མགོ་ཚོར་དྲིན་བཟོའི་ཆེད་ཐུགས་སྤྲོ་ཞིག་བཏང་བ་ཡིན། སྐབས་དེར་ཡིད་ཚིམ་པ་ཞིག་ཡོང་ཐུབ་མ་སོང་། གང་ཡིན་ཟེར་ན་སྔོན་མ་རྩ་དོན་འཐབ་རྩོད་ལ་སྐུ་ངལ་སྐྱོན་མཁན་རྒན་མགོ་མང་ཆེ་བ་ཞིག་རྫོགས་ཚར་འདུག ཤུལ་དུ་ལྷག་ཡོད་པ་ཚོ་ཡང་གཞིས་ཆགས་ཁག་དང་ས་གནས་ཁག་ཏུ་ཁ་ཐོར་ནས་བསྡད་ཡོད་པ་རེད། ངྷ་རམ་ས་ལ་ཁུལ་དུ་རྒན་རབས་པ་ཉུང་ཉུང་ཞིག་ལས་མེད་སྟབས། ང་ཚོའི་ཐུགས་སྤྲོའི་སྟེང་རྒན་མགོ་ ༤༠ ཙམ་ལས་ཕེབས་ཐུབ་ཡོད་པ་མ་རེད། ཅེས་ངོ་སྤྲོད་གནང་སོང་། 

 

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༣ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༤ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༤ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 9

  1. ཨརྱ། says:
    ལོ་ 16 སྔོན།

    རྒྱུ་རྩལ་བ་ཟླ་བྷེ་ལ་བཀྲ་ཤིས་བདེ་ལེགས་དང་མཉམ་དུ་སླར་ཅི་ནས་ཀྱང་སྐུ་ཉིད་ཀྱི་སྤྱོད་པ་ཡ་མ་ལ་དེ་ལ་བདག་ཅིག་གནང་རོགས་ཞེས་ཀྱང་ཞུ་འདོད་བྱུང་སོང་། གང་ཡིན་ཟེར་ན་ཁྱེད་ནི་གཞིས་ཀྱི་རྒྱུ་རྩལ་བ་དང་མི་མང་གི་ཚབ་མཚོན་ལྟ་བུ་ཞིག་ཏུ་མང་བོ་ཞིག་གིས་དབོས་འཛིན་བྱེད་ངེས་རེད། གཞན་མངོ་སྨད་ཀྱིས་སྤྲོ་སྐྱིད་བཏང་བ་མི་འགྲིག་པ་ཆེར་མི་འདུག་ནང་ཁུལ་འཆམ་མཐུན་དང་ཕན་ཚུན་སྒྱུས་ལོན་ལའང་ཕན་ངེས་རེད། འོན་ཀྱང་ད་ལོ་བཙན་བྱོལ་གཞུང་གིས་ལས་ཁུངས་དང་སྡེ་ཚན་དག་གིས་ཐུགས་སྤྲོ་གཏོང་གིན་མེད་རབས་ཞིག་འདུག་པས་དེ་ལ་ལྟོས་ན་འོས་འཚམས་ཡིན་མིན་བསམ་བློ་གཏོང་དགོས་པ་ཞིག་ཀྱང་རེད།

    Reply
  2. གངས་ཕྲུག says:
    ལོ་ 16 སྔོན།

    ༄༅། ། བོད་ཀྱི རྒྱུ་རྩལ་བ་གྲགས་ཆེན་མགོ་ལོག་ཟླ་བ་ཐར་རམ་ཟླ་པེ་ལགས། སྐུ་ཁམས་བཟང་། ཁྱེད་རང་ངྷ་རམ་ས་ལར་ཕེབས་པར་དགའ་བསུ་བྱེད། བཀྲ་ཤིས་བདེ་ལེགས་ཞུ། བཀྲ་ཤིས་བདེ་ལེགས་ཞུ།

    Reply
  3. དྲ་དཔོན་ says:
    ལོ་ 16 སྔོན།

    ཨ་མདོ་འཚོའི་ཤེས་དགོས་པ་ཞིག་ནི་བོད་དོན་གལ་ཆེན་འཛིན་པའི་ལམ་ལུགས་འདི་འདྲ་ཞིག་གི་འོག་ཏུ་་་་་་་་་བཙན་འབྱོལ་བོད་གཞུང་གི་སྐུ་འོས་ལས་བྱེད་རྣམས་ལ་གུས་བསྐུལ་གནང་བ་ནི་ཡག་པོ་འདུག་་་་་་་་འོན་ཀྱང་མ་འོངས་པའི་གནས་སྟངས་ཞིག་གི་ནང་ལྟས་ན་འདི་ནི་བོད་གཞུང་ལ་འཆོ་ཁ་གཅིག་གི་གོ་རིམ་ལྡོག་པའི་གནང་ཚུལ་ཞིག་རེད་་་་་་་་་་་་་དགོས་པ་དང་དངོས་འབྲེལ་བྱེད་ན་བོད་གཞུང་གི་ལས་བྱེད་པ་རྣམས་ཀྱི་རང་རང་གི་འཆོ་ཁའི་ཁོངས་ནས་ཕེབས་པའི་ལས་བྱེད་པ་རྣམས་ལ་སྤྱི་དོན་གལ་ཆེན་ཡིན་པའི་གསུངས་བཤད་དང་ཕྱག་རྟག་རེ་གནང་ན་་་་་་་་་་་་་་་་་་་་་གོང་རིམ་ཡོད་པ་ཞིག་དང་མ་འོངས་པར་བོད་གཞུང་སྲ་བརྟེན་ཡོངས་བར་ཕན་ཐོག་ཡོད་པ་ཞིག་རེད་འདུག་་་་་་་་་་་་་་་དེ་བཞིན་་་་ཉིན་འཆར་དབུས་སྤྱི་མཐུས་གྲོས་ཚོགས་ཀྱི་གནས་སྟངས་ལ་བསམ་ན་་་་་་་་་་དྲངས་པོ་གནང་མཁན་ཆོས་ལུགས་སྤྱི་མཐུས་འགའ་ལས་མི་འདུག་་་་་གྲོས་འཆར་ཕྱིར་མཐན་གནང་བའི་རེ་བསྐུལ་གནང་མཁན་ཨ་མདོའི་སྤྱི་མཐུས་བསྟན་འཛིན་མགོན་པོ་དང་མདོ་སྟོད་སྤྱི་མཐུས་གཉིས་གསུམ་ཞིག་འདུག་་་་་་་་་་་གཞུང་རྒྱུ་དགེ་བདག་བྱེད་མཁན་དེ་་སྤྱི་མཐུས་ཟླ་བ་ཚེ་རེང་ཟེར་བ་དེ་རེད་་ཁོའི་ནད་གཞི་འདི་ན་ལྟོན་རྒྱུ་རག་སོང་བ་ཞིག་ལས་བོད་གཞུང་ལ་བསམ་བློ་བཏང་བའི་སྐད་ཆ་གཅིག་ཡང་མེད་པ་ལ་རྗེས་མར་ཁ་དམག་རྒྱབ་གི་ཡིན་ཟེར་བ་འདི་རེད་་་་་་་་་་་་་་སྐབས་དེར་ཨ་མདོའི་སྤྱི་མཐུས་རྣམས་ཀྱི་བདེན་པའི་གཏམ་བཤད་རྩམ་ཡང་མེད་པ་་་་་་་་་ཧ་ལམ་གནས་ཚུལ་འདི་ང་འཚོ་འབྲེལ་མེད་ཟེར་བ་ནང་བཞིན་ཞིག་གནང་སྡོད་ཡོད་པ་མཐོང་དུས་བློ་ཕམ་ཡོད་

    Reply
  4. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 16 སྔོན།

    ཨ་མདོ་ཚོས་དངོས་ཉིད་ཡག་པོ་རེད་དེ་བོད་རང་བཙན་ཤོར་ནས་འཕགས་ཡུལ་དུ་སྐྱབས་བཅོལ་ལ་ཡོང་དུ་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ཀྱི་སྐུ་མངལ་སྐྱོན་ཡོད་པ་དེ་གསལ་པོ་རེད་བྱས་དུས་རྣམ་པ་ཚོས་མགྲོན་འབོད་དེ་ཡང་ཆོལ་གསུམ་ལས་བྱེད་ཡོངས་རྫོགས་ལ་ཐུགས་རྗེ་ལེགས་འབུལ་དང་སྤྲོ་སྐྱེད་ཞིག་གོ་སྒྲིག་ཞིག་ཞུས་ན་ཤིན་ཏུ་འོས་མཚམས་མཐོང་གཞན་གང་མགྱོགས་ཆོལ་ཁ་ག་གེ་མོ་ཞིག་གི་ཀྱང་དེ་བཞིན་བྱ་གདོན་མི་ཟ་དེ་ནས་ནག་པོ་ཚང་མ་མདོ་སྟོད་སྒང་ལ་གཡུག་བླ་མ་མཁྱེན་ནོ་དེ་འདྲ་རེད་

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཐོག་མར་ང་རང་ངོས་ནས་ཐུགས་སྤྲོ་དེར་མགྲོན་འབོད་བྱས་ཀྱང་མ་སོང་བར་རྒྱུན་ལས་རྣམས་ལ་དགོངས་དྭངས་ཞུ་རྒྱུ་དང་། དེར་ཕེབས་མཁན་མང་ཆེ་བས་ཐུགས་སྤྲོ་ཡག་པོ་བྱུང་སོང་ཞེས་བསྔགས་བརྗོད་བྱེད་ཀིན་འདུག གཞན་གོང་དུ་དྲ་གྲོགས་ཤིག་གིས་གསུངས་པ་བཞིན་རྒྱུན་ལས་ཡར་རྒྱས་གཏོང་རྒྱུ་དང་བྱ་བ་ཚགས་ཚུད་ཡོང་རྒྱུར་རེ་བ་ཧ་ཅང་ཆེ། དེ་མིན་གཞན་ཞུ་རྒྱུ་ཅང་མེད། དེ་ཙམ་ཡིན།

    Reply
  6. བཀྲ་ཤིས། says:
    ལོ་ 16 སྔོན།

    ཐུགས་རྗེས་ཆེ་བསམ་བློ་ཡག་པོ་འདུག ཕྱོགས་ཞེན་མེད་པའི་ཐོག་ནས་ཕྱག་ལས་གནང་ན་དེ་ཡག་པོ་རེད།

    Reply
  7. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    དེང་སང་མདོ་སྨད་རྒྱུན་ལས་གྱི་སྤས་ཚད་སྔར་ལས་ཡར་རྒྱས་ཕྱིན་ཡོད་ན་ངོ་མ་དགའ་ནི་ཞིག་རེད་མ་གཏོགས། སྔོན་མ་རྒྱུན་ལས་ཁ་ཤས་ཀྱི་བྱ་སྤྱོད་ད་ངོ་མ་མི་མཛའ་གི གང་ལྟར་ཡར་རྒྱུས་ཡོད་ན་འགྲིག་འདུག རེ་བ་ཡོད།

    Reply
  8. རིག་རང་སྐྱེས། says:
    ལོ་ 16 སྔོན།

    ཐུགས་སྤྲོ་ཟེར་ན་མ་ཟེར་ན་མདོ་སྨད་ལས་བྱེད་ཡོངས་ཀྱི་མདོ་སྨད་མི་མང་ལ་ལྐོག་ཟ་ལྐོག་འཐུང་ཞིག་བྱས་ནོ་དུ་རེད། ཐུགས་སྤྲོ་འདི་མདོ་སྨད་ལས་བྱེད་གཅིག་པུས་གཏོང་དགོས་ཨེ་ཡོད། ངོ་མ་ཐུགས་སྤྲོ་ཞིག་བཏང་བ་ཡིན་ན་མདོ་སྨད་མི་མང་ཡོངས་ལ་བཏང་ན་ཡག་པོ་རེད།

    Reply
  9. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཨོ་མགོ་ལོག་ཟླ་བྷེ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། མདོ་སྨད་ལས་བྱེད་རྣམས་ཀྱིས་འདི་ལྟ་བུ་རེ་བྱས་པ་བཟང་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese