མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁུངས་ལུང་མེད་པའི་སྐད་ཆ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་རྒྱ་གར་སྲིད་བློན་ཨ་རུ་ན་ཅལ་དུ་ཕེབས་པར་ངོ་རྒོལ་བྱས་པ་དེ་ནི་ཁུངས་ལུང་མེད་པ་ཞིག་རེད་ཅེས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་ཡོད་པ་རེད།

ཟླ་འདིའི་ཚེས་ ༣ ཉིན་རྒྱ་གར་སྲིད་བློན་མན་མོ་ཧན་སིན་མཆོག་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་དུ་གཟིགས་སྐོར་བྱས་ཏེ་ཡུལ་དེར་གཏམ་བཤད་གནང་བར།  ཚེས་ ༡༣ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཐེངས་འདིའི་སྲིད་བློན་གྱི་འཚམས་གཟིགས་ལ་མི་འདོད་པའི་རྣམ་འགྱུར་དང་བཅས་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་དང་ཡར་རྒྱས་ཆེད་རྩོད་རྙོག་ཅན་གྱི་ས་ཁུལ་ནང་སུན་པོ་མི་བཟོ་བའི་རེ་བ་བཏོན་ཡོད་པ་རེད།

ཉིན་དེར་རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་དེའི་ཁ་གཏད་དུ་གསལ་བསྒྲགས་ཞིག་སྤེལ་བའི་ནང་། རྒྱ་ནག་གིས་ཐེངས་འདིའི་སྲིད་བློན་གྱིས་གཟིགས་སྐོར་ལ་ངོ་རྒོལ་བྱས་པ་དེ་ནི་བློ་ཕམ་དང་སེམས་འཚབ་ཅིག་རེད་ཅེས་བཤད་ཡོད་ཡོད་པ་དང་། ཡང་ཁོང་གིས་ཨ་རུ་ན་ཅལ་ནི་རྒྱ་གར་གྱི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པ་འདི་ལ་དུས་ནམ་ཡང་འགྱུར་བ་མེད་པ་ནན་བཤད་བྱས་ཡོད།

ཨ་རུ་ན་ཅལ་གྱི་མངའ་སྡེ་བློན་ཆེན་རྡོ་རྗེ་མཁའ་འགྲོས་ཀྱང་ཉེ་སྔོན་གསལ་བསྒྲགས་ཞིག་བསྐྱངས་ཏེ་རྒྱ་ནག་ལ་རྒྱ་གར་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་དབང་ཆ་གང་ཡང་མེད་ལུགས་དང་། རྒྱ་ནག་གིས་དངོས་ཡོད་གནས་ཚུལ་ཁས་བླངས་པའི་ཐོག་ཨ་རུ་ན་ཅལ་ས་ཁུལ་ལ་བདག་དབང་ཡོད་སྐོར་གྱི་བསམ་ཚུལ་ཕྱིར་འཐེན་བྱེད་དགོས་ལུགས་བཤད་ཡོད་པ་རེད།

ཚེས་ ༡༤ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་རྒྱ་གར་གྱི་གསར་ཤོག་ Outlook India ཞེས་པའི་བཅར་འདྲིའི་ནང་དུ། རྒྱ་ནག་གིས་རྒྱ་གར་སྲིད་བློན་གྱི་གཟིགས་སྐོར་ལ་ངོ་རྒོལ་བྱས་པ་དེ་ནི་ཁུངས་ལུང་མེད་པ་ཞིག་རེད། རྒྱ་དམར་ནས་ཇི་ལྟར་བདག་དབང་ཅན་གྱི་རྒྱ་གར་རྒྱལ་ཁབ་ལ་བཀོད་མངགས་བྱ་ཐུབ་བམ་ཅེས་དང་། ད་དུང་རིན་པོ་ཆེས་འདི་ནི་གླེང་རིན་ཡོད་པའི་བརྗོད་བྱ་ཞིག་མིན་ཚུལ་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠

མཆན། 12

  1. ཆོས་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་རྒྱ་རགས་ལགས་ཀྱིས་རྒྱལ་བའི་ཡོངས་འཛིན་ང་འདྲ་ཞིག་གིས་ཡོང་གི་རེད་དྲན་ན་དེ་ལྟར་འབྲི་དགོས་ངེས་རེད། དེ་མིན་ཁེ་མཚར་ཞེད་པོ་ཞིག་འདུག།འོན་ཀྱང་སྤྱི་དོན་ཡིན་དུས་མ་ཞུས་ཐབས་མེད་བྱུང་བ་མིན་འགྲོ་སྙམ།

    Reply
  2. ཐུབ་བསྟན། says:
    ལོ་ 16 སྔོན།

    དྲ་གྲོགས་རྣམ་པ་ལྷན་རྒྱས་ལགས།
    ངས་ནི་ངོ་མ་སེམས་ན་གང་ཡོད་ཁ་ནས་ཁྱོད་ཚོར་བཤད་པ་ཡིན་ཨཱ།

    Reply
  3. ཐུབ་བསྟན། says:
    ལོ་ 16 སྔོན།

    དྲ་གྲོགས་ཆོས་བཟང་ལགས།
    དེང་སང་མི་ཚང་མ་ང་ཡིན་ལབ་མཁན་ཞེ་གཅིག་རེད། འོན་ཀྱང་ཁོང་ཚོས་དངོས་གནས་བྱས་ན་༧གོང་ས་མཆོག་ལ་ལམ་སྟོན་ཕར་བཞག་ནས་རང་མགོ་ཙམ་ཡང་ཐོན་གྱི་མི་འདུག་ཨཱ།

    Reply
  4. ཆོས་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་རྒྱ་རགས་ལགས།
    ༧གོང་ས་མཆོག་གི་ཡོངས་འཛིན་ཁྱོད་ཀྱིས་གནང་ན་གང་འདྲ་འདུག།དེ་ལྟར་གནང་ཐབ་ན་ཟམ་གདོང་ཚང་གི་བླ་མ་ཁྱོད་ཡིན་ཡིན་པ་འདྲ་ཞིག་རེད།

    Reply
  5. རྒྱ་རགས། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་དང་། ཟམ་གདོང་ཚང་སོགས་བོད་ཕྱོགས་ཀྱི་མི་ཆེན་པོ་ཚོས་འདིའི་བར་ལ་སྐད་ཆ་བཤད་དུས་བསམ་བློ་ཞིབ་མོ་བཏང་ནས་གཟབ་གཟབ་མ་བྱས་ན་མ་འོངས་པར་ལོ་རྒྱུས་ཐོག་ལ་བསུབ་ཐབས་བྲལ་བའི་ཉེན་ཁ་ཆེན་པོ་བཟོ་གི་རེད། འདི་ན་སྲིད་དོན་གྱི་གནད་འགག་ཆེན་པོ་ཞིག་མེད་དམ་བསམ།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    རྒྱ་ནག་དམར་ཤོག་ཚོགས་པས་ཁུངས་ལུང་ཡོད་པའི་སྐད་ཆ་ཞིག་བཤད་ཤེས་ད་ང་ཚོས་སྐྱིད་ལ་ཟེར་ཆོག་གི་རེད།

    Reply
  7. ནད་པ says:
    ལོ་ 16 སྔོན།

    ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་སུ་རྒྱ་མིས་བཙན་འཛུལ་བྱེད་སྐབས་སུ་བོད་དུ་འབྱོར་བའི་དམག་དཔོན་གཙོ་གྲས་ཀྲང་གོ་ཧ་སོགས་ཀྱི་བོད་པའི་བཀའ་བློན་ཚོར་འགྲེལ་བརྗོད་འདི་ལྟར་བྱས་འདུག

    མའོ་ཙེ་ཏུང་གི་དགོངས་པ་ལྟར་འཛམ་གླིང་འདིར་དམངས་གཙོ་རིང་ལུགས་དང་སྤྱིོམཚོགས་རིང་ལུགས་གཉིས་མེ་ཆུ་ལྟ་བུའི་ལྟ་གྲུབ་གཅིག་ཡིན་སྟབས་ཁྱེད་ཤི་ང་སོན་གྱི་འཐབ་རྩོད་ཅིག་ཡིན་ཟེར།

    གླིང་ཆེན་ཨ་ཤ་ཡར་མི་འབོར་ཆེ་ཤོས་རྒྱ་དཀར་ནག་གཉིས་ཡིན་སྟབས་མའོ་ཡི་དགོངས་པ་ལྟར་རྒྱ་གར་ལ་བཙན་འཛུལ་བྱེད་རྒྱུ། མཐོ་སྒང་བོད་དེ་རྒྱ་གར་ལ་དམག་རྒྱག་རྒྱུའི་ཟམ་པ་ལྟར་ཡིན་པས་ཐོག་མར་བོད་བཅིང་གྲོལ་བཏང་དེ་ནས་དམག་དོན་གྱི་གྲ་སྒྲིག་ཆེ་ལོ་ལྔ་བཅུ་ཙམ་འགོར་སྲིད། དུས་ཡུན་དེའི་ནང་ས་མཚམས་དབར་ཆིངས་ཡིག་ལ་མིང་རྟགས་བརྒྱབ་དགོས་ཀྱང་མཐར་དམག་དོན་གྱི་སྟོབས་ཤུགས་ལེགས་གྲུབ་ཟིན་མཚམས་སུ་བརྙས་འདོགས་བྱས་ཏེ་རྒྱ་གར་ལ་དམག་བརྒྱབ་ཏེ་བཙན་འཛུལ་བྱེད་རྒྱུ།

    དེ་ནས་རྒྱ་གར་ནང་དམག་དོན་ཐད་གྲ་སྒྲིག་ཡག་པོ་ཞིག་བྱས་ཏེ་མཐར་མ་འབོར་དུང་ཕྱུར་གཉིས་ཀྱི་ཚེ་སྲོག་བློས་བཏང་བྱས་ཏེ་ཨ་རི་བཚན་རྒྱལ་རིང་ལུགས་ལ་དམག་དྲངས་ཏེ་མཐར་རྒྱ་ནག་དམར་ཤོག་རིང་ལུགས་རྒྱལ་ཁ་འཐོབ་ངེས་རེད་ཅེས་ནན་བརྗོད་བྱས་ཡོད་པ་རེད།

    རྒྱ་གར་གྱི་སྲིད་བློན་ནི་ཧ་རུས་མའོ་དང་མཉམ་དུ་བསླབ་པ་ལྔ་ཡི་དོན་མཚན་ལ་མིང་རྟགས་བརྒྱབ་ནས་ཡིད་ཆེས་གང་ཙམ་བྱས་ཏེ་བོད་དེ་འང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་འཁྱོག་བཤད་དང་འབྲེལ་ཁས་ལེན་བྱས་པ་རེད།

    མཐར་རྒྱ་མིས་གང་བཤད་པ་ལྟར་ལག་ལེན་བྱས་ཏེ་ཕྱི་ལོ་ ༡༩༦༢ ལོར་རྒྱ་གར་ལ་དམག་དྲངས་ཏེ་ཆིངས་ཡིག་བརྩི་མེད་དུ་བཏང་ཡོད། ད་ཆ་གཞི་ནས་ས་མཚམས་ལ་བརྙས་འདོགས་བྱེད་མགོ་རྩོམ་བཞིན་ཡོད་པ་འདི་དམག་དོན་གྱི་སྟོབས་ཤུགས་ལ་གང་ཙམ་གྱིས་ཡིད་ཆེས་དང་གྲ་སྒྲིག་ཡོད་པར་བརྟེན་རིང་མིང་ཕྱི་ལོ་ ༢༠༡༢ དང་ ༢༠༡༣ བར་འཐབ་རྩོད་གཅིག་བྱེད་ངེས་རེད།

    དོན་དངོས་ཐོག་རྒྱ་དཀར་ནག་གཉིས་ཀས་བོད་ཀྱི་ས་ཆའི་ཐད་ལ་ཧམ་བཟུང་གིས་བདག་དབང་བྱེད་ཀྱིན་ཡོད་པ་དེར་ཐུག་ཡོད། འོན་བཏང་ང་ཚོ་བོད་མི་རིགས་ཟེར་བ་དེ་རྩ་རྫོགས་སུ་ཕྱིན་མེད་སྟབས་བོད་ཀྱི་བདག་པོ་བོད་མི་ཡིན། དེར་བརྟེན་ས་ཆའི་དོ་བདག་ངོ་མ་བོད་པ་ཡིན་སྟབས་གནད་དོན་དེར་དུས་ཀྱི་སྔ་ཕྱི་གཅིག་མ་གཏོགས་བོད་པས་གླེང་སློང་བྱེད་རྒྱུ་ཡིན།

    Reply
  8. རས་པ། says:
    ལོ་ 16 སྔོན།

    ལོ་རབས་དྲུག་པ་ཞེས་གཏགས་ནོར་ཐེབས་སོང་བས་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བ་ཞེས་བཅོས་རོགས་གནང་།

    Reply
  9. རས་པ། says:
    ལོ་ 16 སྔོན།

    རྒྱ་གར་གཞུང་གིས་ས་མཚམས་རྩོད་རྙོག་གི་ཐོག་མའི་འབྱུང་ས་ནས་མགོ་བཙུགས་ཏེ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ཐོག་ནས་ཐག་གཅོད་ལ་རེ་བ་བྱེད་རྒྱུ་དེ་ཕན་ཐོགས་ཡོད་པ་ཞིག་ཡིན་རྒྱུ་རེད། ལོ་རབས་དྲུག་པ་ནས་བྱུང་བའི་རྒྱ་གར་ནག་གི་རྩོད་རྙོག་གསར་བ་དེའི་རིགས་བསླབ་པ་ལྔའི་གྲོས་ཆིངས་མ་བཞག་གོང་ཡོང་སྟངས་མེད་པ་ཞིག་ཡིན་པ་ཚང་མའི་དགོངས་མངའ་བཞིན་རེད།

    Reply
  10. གནས་ཚང་། says:
    ལོ་ 16 སྔོན།

    གལ་སྲིད་བཙན་བྱོལ་གཞུང་གིས་དེང་གི་བར་རྒྱ་གཞུང་དེ་བཞིན་སོ་སོའི་དབུས་སྲིད་གཞུང་ལ་ངོས་ལེན་གནང་མེད་པ་ཡིན་ན། འདི་ལྟར་བཤད་ཆོག་པ་ཞིག་རེད་ལ། གང་ལ་གང་འཚམས་ཀྱི་བཟོ་ལྟ་འདྲ་བོ་ཞིག་ཀྱང་ཐོན་ཐུབ་ཀྱི་ཡོད་པ་རེད། ཡིན་ནའི། ད་ལྟ་ཚང་མ་ལོ་ཚར་ཟིན་པ་རེད། དངོས་གནས་རྒྱ་ཧ་གོ་རྒྱུ་དེ་གལ་ཆེན་པོ་མ་རེད་པས། ཟམ་གདོང་བླ་མ་སྐུ་དངོས་ཀྱིས་བོད་འདི་ལྟར་སྐྱེལ་མཁན་སུ་ཡིན་མིན་གསང་བརྡ་འདྲ་བོ་མ་ཡིན་པའི་ལམ་ནས་ཁ་གསལ་གསུང་བའི་དུས་ལ་བབས་མི་འདུག་གམ།

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཕྱི་ལོ་༡༩༡༤ལོར་རྒྱ་གར་དང་བོད་གཙོ་བྱས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ས་མཚམས་རྣམས་སུ་དབྱིན་ཇིའི་དབང་བསྒྱུར་བས་ས་ཐིག་བཏབས་པ་རེད་མོད། འོན་ཀྱང་རྒྱ་གར་དང་བོད་གཉིས་ཀྱིས་དེ་བརྩིས་མེད་ལྟ་བུར་བཞག་སྟེ་ཕྱི་ལོ་༡༩༥༤་ཙམ་བར་དུ་བོད་ཀྱིས་དཔྱ་ཁྲལ་བསྡུ་བ་དང་ས་གནས་འགོ་བ་མངགས་གཏོང་བྱས་སྐོར་ལོ་རྒྱུས་ཡིག་ཆ་སོགས་ན་གསལ་ཐང་ངེར་ཡོད་པ་རེད་པས། འདི་ལ་རྩོད་རྒྱུ་ཞིག་དང་བཤད་རྒྱུ་ཞིག་གང་ན་ཡོད་དེ་མེད་མོད། འོན་ཀྱང་དེང་སྐབས་བོད་ཀྱི་རྒྱལ་ཁབ་གཞན་ལ་ཤོར་བ་དང་སྲིད་གཞུང་ཡང་འཛམ་གླིང་རྒྱལ་ཁབ་དང་ཚོགས་སྒེར་སུས་ཀྱང་ཁས་མི་ལེན་པའི་སྐབས་འདིར། བོད་ཀྱི་སྲིད་དོན་དཔོན་རིགས་ཚོས་ལོ་རྒྱུས་རང་བཞིན་དང་དངོས་ཡོད་རང་བཞིན་གྱིས་སྐད་ཆ་ཞིག་བཤད་རྒྱུ་ཧ་ཅང་ཁག་པོའི་གནས་སུ་ལྷུང་འདུག་པ་འདྲ། ༸གོང་ས་སྐུ་གོང་མའི་སྐབས་འདྲ་ཞིག་ཡིན་རྒྱུ་ན། རྒྱ་དཀར་ནག་གཉིས་ལ་ས་མཚམས་ཟེར་བ་ཞིག་རྩོད་རྒྱུ་བསྡད་ཡོད་དམ། ད་ནི་གནས་ཚང་ནང་ནས་གནས་བདག་གི་ངོ་ལ་ས་བརྒྱག་རྒྱུ་དཀའ་མོ་རེད། ཟམ་གདོང་བླ་མར་ཡང་ཁག་མེད་ཀི་ཡཱ།

    Reply
  12. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    རིན་པོ་ཆེ་མཆོག
    ཁུངས་ལུང་ཡོད་མེད་དེ་གནད་དོན་མ་རེད། གནད་དོན་ནི་ཧམ་པ་ཆེ་མིན་དང་སྟོབས་ཤུགས་ཡོད་མེད་འདིར་ཐུག་པ་རེད། དེང་སང་རྒྱལ་སྤྱིའི་འགྲོ་ལུགས་ཁོ་རང་དེ་འདྲ་ཞིག་རེད་པཱ།
    དུས་བབ་ཚང་གི་སྙན་ཅོག་བལ་ཡུལ་དུ་ལན་ཅིག་གསན་རྒྱུའི་རེ་བ་ཡོད། དེང་སང་བལ་བོད་ས་མཚམས་ཀྱི་བལ་པོའི་གྲོང་གསེབ་པ་འགའི་ནང་རྒྱ་དམག་ཤོར་ཡོང་སྟེ་ཁྱིམ་ནང་གི་༸གོང་ས་མཆོག་གི་སྐུ་པར་དང་མཆོད་རྫས་ཀྱི་རིགས་གཏོར་བཤིག་གཏོང་གི་འདུག་ཟེར།
    པདྨ་བཀའ་ཐང་ནང་གི་བལ་ཡུལ་རྒྱ་རྫོང་རྣམས་སུ་འཁྲུག་པ་བྱེད། །ཅེས་པའི་ལུང་བསྟན་དེ་ཐོག་ལ་བབ་གྲབས་མེད་འགྲོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese